Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་གི་ཟབ་ཁྲིད་ཐེངས་བརྒྱད་པ་མཇུག་སྒྲིལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིསགོ་སྒྲིག་གནང་སྟེ་བོད་རིགས་མཐོ་རིམ་སློབ་མ་རྣམས་ལ་དམིགས་པའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་བ་དྲུག་རིང་གི་ཟབ་ཁྲིད་ཐེངས་བརྒྱད་པ་མཇུག་སྒྲིལ་གནང་སོང་།ཕྱག་ཚོད་ ༩༌༣༠ ཐོག་གངས་ཅན་རིག་གནས་སློབ་གྲྭའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་བཟང་པོ་མཆོག་གིས་དབུས་པའི་ས་གནས་ཀྱི་འགོ་འཛིན་དང་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་རྣམ་པ། ཟབ་ཁྲིད་ནང་དངོས་སུ་མཉམ་ཞུགས་གནང་མཁན་གྱི་སློབ་མ་བཅས་ལྷན་འཛོམས་གནང་སྟེ་སློབ་དགེ་སྔགས་རམས་པ་དགེ་ཡོན་ཏན་ལགས་ཀྱིས་མཇུག་སྡོམ་གྱི་མཛད་སྒོ་ངོ་སྤྲོད་དང་ཟབ་ཁྲིད་ཐེངས་བརྒྱད་པའི་ལས་རིམ་སྙན་སྒྲོན་གནང་ཡོད།ཟབ་ཁྲིད་ནང་རྒན་བདག་གནང་མཁན་དབང་ཆེན་ཚེ་རིང་ལགས་དང་བསྟན་འཛིན་འཆི་མེད་ལགས་རྣམ་གཉིས་ཀྱིས་ཟླ་དྲུག་ཟབ་ཁྲིད་ཀྱི་མྱོང་ཚོར་ཇི་བྱུང་གསུངས་པར་དབང་ཆེན་ཚེ་རིང་ལགས་ཀྱིས་རྣམ་ཀུན་ནས་གཞན་དང་བཀའ་མོལ་གནང་སྐབས་བོད་སྐད་གཙང་མ་སྤྲོད་པར་ངལ་བ་འཕྲད་ཀྱི་ཡོད་ཀྱང་། ཟབ་ཁྲིད་ནང་མཉམ་ཞུགས་རྗེས་བོད་སྐད་གཙང་མ་དང་ཡག་པོ་རྒྱག་ཐུབ་པ་ཞིག་བྱུང་སོང་ཞེས་སོགས་མྱོང་ཚོར་གསུངས་སོང་བ་མ་ཟད། འཆི་མེད་ལགས་ཀྱིས་ཟབ་ཁྲིད་འདིའི་ཐོག་ནས་ནང་ཆོས་ཀྱི་གོ་དོན་གང་ཡིན་རྟོགས་ཐུབ་སྟབས་སྐབས་འགར་རང་ཉིད་ཀྱི་བྱ་སྤྱོད་ལ་མི་འགྲིག་པར་མཐོག་ནས་མིག་ཆུ་ཡང་ཤོར་བ་ཡོང་གི་འདུག་ཅེས་གསུངས་ཏེ་ཟབ་ཁྲིད་དེ་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུངས་ཡོད།གསར་འགོད་པས་༸དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་མཛོད་སྔགས་རམས་པ་ཚེ་རིང་བཀྲ་ཤེས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཟབ་ཁྲིད་ནང་མཉམ་ཞུགས་གནང་མཁན་རྣམས་ལ་དགོངས་པ་བཞེས་ཕྱོགས་དང་བཀའ་མོལ་གནང་ཕྱོགས་སོགས་ཀྱི་ཐོག་བཟང་ཕྱོགས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་སྐོར་གསུངས་སོང་།གཞི་རྩའི་༸དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་སློབ་གྲྭ་དང་ཆོས་རིགས་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་ཕྱི་ལོ་ ༢༠༡༤ ལོ་ནས་ཟླ་དྲུག་ཟབ་ཁྲིད་དབུ་འཛུགས་གནང་ཞིང་། ད་བར་ཟབ་ཁྲིད་ཐེངས་ ༧ གནང་ཟིན་ཡོད་པ་རེད། དེའི་ཁོངས་སུ་སློབ་མ་ཁྱོན་ ༡༠༠༠ ལྷག་ནས་སློབ་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།