Tibetan Royal Year of 2151 | Year of the Wood Dragon

བོད་མི་གསུམ་གྱིས་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་དང་བསྟུན་བོད་མི་རྒན་གཞོན་གསུམ་གྱིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགདེ་ཡང་དེ་རིང་སྔ་དྲོའི་ཆུ་ཚོད་ ༥།༣༠ ཐོག་རང་ལོ་ ༤༧ སོན་པ་ཚེ་རིང་དོན་གྲུབ་ལགས་དང་ ༤༥ སོན་པ་ཚེ་རིང་དབང་འདུས་ལགས། དེ་བཞིན་ ༦༥ ལ་སོན་པ་པཱ་ཆུང་བདག་ལགས་གསུམ་གྱིས་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་གྱི་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། ཁོང་རྣམ་པས་ཐེངས་འདིའི་གོམ་བགྲོད་བརྒྱུད་ས་གནས་ས་ཐོག་ཏུ་བོད་དོན་དྲིལ་བསྒྲགས་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་དུ་འཇུག་དགོས་པ་དང་། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་གི་དགོངས་དོན་འོག་རྒྱ་ནག་གཞུང་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལྷན་དུ་ཞི་བའི་གྲོས་མོལ་གནང་དགོས་པ། དེ་བཞིན་རྒྱ་གཞུང་བཙོན་འོག་ཏུ་ཡོད་པ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློག་བཀྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུགརླུང་འཕྲིན་ཁང་ནས་ད་རིང་སྔ་དྲོ་གོམ་བགྲོད་དབུ་འཛུགས་གནང་སྐབས་ཚེ་རིང་དོན་གྲུབ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུ་སྐབས་དེ་སྔ་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། བར་སྐབས་ནས་ཕྱི་རྒྱལ་ཁག་ཏུ་བོད་མི་ཁག་ཅིག་གིས་རྒྱ་ནག་གཞུང་ཚབ་མདུན་དུ་འཆར་ཅན་ལས་འགུལ་སྤེལ་བ་སོགས་མཐོང་སྐབས་དམིགས་བསལ་གྱི་སེམས་ཤུགས་ཤིག་སྐྱེས་ཏེ་ལས་འགུལ་འདི་འགོ་འཛུགས་ཞུས་པ་ཡིན་སོགས་གསུངས་སོང་། འཆར་གཞི་ལྟར་ན་ཁོང་རྣམ་པ་ཚོ་ཉིན་མ་རེ་ལ་སྤྱི་ལེ་ ༣༠ ནས་༤༠ བར་གོམ་བགྲོད་གནང་སྟེ་ཟླ་བ་རྗེས་མའི་ཕྱི་ཚེས་ ༢༢ ཙམ་ལ་རྒྱལ་ས་ལྡི་ལིར་འབྱོར་རྒྱུ་དང་། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ཞི་བའི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་རེད་འདུགརྩ་བའི་ད་ལྟའི་ཏོག་དབྱིབས་རིམ་ནད་ཀྱི་ཛ་དྲག་དུས་སྐབས་སུ་མང་ཚོགས་འདུ་འཛོམས་ཐོག་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་ཁག་པོ་ཡིན་སྟབས། འདས་པའི་དུས་སུ་ཁེ་ན་ཊ་དང་སུད་སི། དབྱིན་ཡུལ། ཨ་རི། ཨོ་སི་ཀྲོ་ལི་ཡ། ཧྥ་རན་སུ་སོགས་སུ་བོད་མི་ཁག་ཅིག་གིས་གོམ་བགྲོད་དང་། རྐང་འཁོར་སྐོར་སྐྱོད། དེ་བཞིན་རྒྱང་སྐྱོད་སོགས་བརྒྱུད་དེ་བོད་དོན་ལས་འགུལ་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།