Tibetan Royal Year of 2151 | Year of the Wood Dragon

  བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་གྱིས་དགུ་པའི་ཉེར་བདུན་གྱི་ཉིན་མོར་རྗེས་དྲན།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་སྔ་ཕྱི་ལོ་ ༡༩༨༧ ལོར་ཟླ་ ༩ པའི་ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་གྲངས་ ༢༡ གིས་སྣེ་ཁྲིད་པའི་འོག་བོད་མི་ཚོས་རྒྱ་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་གནང་ནས་ལོ་ངོ་ ༣༣ འཁོར་བ་དང་སྦྲགས།  བྱེས་བཞུགས་བོད་མི་རྣམས་ནས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་དང་།  དེ་བཞིན་དྲ་ཐོག་ཐད་གཏོང་བརྒྱུད་ཉིན་མོ་དེར་འབྲེལ་གྱི་བགྲོ་གླེང་གནང་བ་བཅས་ལས་འགུལ་གྱི་རྣམ་པ་འདྲ་མིན་གྱི་སྒོ་ནས་ཉིན་མོ་དེ་རྗེས་དྲན་ཞུས་སོང་། དེ་ཡང་ཁ་སང་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག   བོད་མི་རྣམས་ཀྱིས་ས་གནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྔ་དྲོ་ཕྱག་ཚོད་ ༡༡ ནས་ ༡ པོའི་བར་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་།  སྐབས་དེར་བོད་མི་རྣམས་ནས་བོད་ཀྱི་རྒྱལ་དར་བསྒྲེངས་བའི་ཐོག་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གསང་མྱུལ་བྱེད་རྒྱུ་མཚམས་འཇོག་དང་།  བོད་ལ་རང་དབང་དགོས།  རྒྱ་གཞུང་ནས་བོད་དོན་འཁྱོགས་བཤད་དྲིལ་བསྒྲགས་སྤེལ་རྒྱུ་མཚམས་འཇོག་དགོས་བ་སོགས་ཀྱི་འབོད་སྒྲ་བསྒྲགས་པའི་ཐོག་ངོ་རྒོལ་སྐད་འབོད་གནང་འདུག

སྐབས་དེར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་ལས་འགུལ་ངོ་སྤྲོད་གནང་སོང་བ་མ་ཟད། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ངག་དབང་མཐར་ཕྱིན་ལགས་ཀྱིས།  དེ་སྔ་བརྒྱད་བཅུ་གྱ་བདུན་ལོར་བོད་ནང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་དེ་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ སུམ་ཅུའི་དུས་དྲན་གྱི་རྗེས་སུ་མང་ཚོགས་ནས་སླར་ཡང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད།  སྐབས་དེ་དུས་ཀྱི་ལས་འགུལ་བརྒྱུད་རྒྱ་གཞུང་ལ་བོད་མི་ཡོད་དོ་ཅོག་གི་སེམས་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཞེན་ཁོག་བརླགས་མེད་སྐོར་གྱི་བརྡ་ལན་གསལ་པོ་སྤྲད་ཡོད་སྐོར་གསུངས་སོང་།  དེ་བཞིན་དེ་ཉིན་ཧྥ་རན་སིའི་ནང་དུའང་ཧྥ་རན་སིའི་བོད་རིགས་ཚོགས་པའི་གཙོ་བྱས་པའི་ས་གནས་གཞོན་ནུ་ལྷན་ཚོགས།  དེ་བཞིན་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་མཉམ་རུབ་ཐོག་དགུ་པའི་ཉེར་བདུན་གྱི་ཉིན་མོར་རྗེས་དྲན་དང་སྦྲགས།  བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་གཞུང་མི་དགོས།  ང་ཚོར་རང་དབང་དགོས་སོགས་ཀྱི་འཕྲེད་དར་བསྣམས་པའི་ཐོག་ Trocadero  ཞེས་པའི་ས་གནས་ནས་རྒྱ་ནག་གཞུང་ཚབ་ཁང་བར་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་འདུག  མ་ཟད།  སྐབས་དེར་ཡུ་གུར་དང་།  ཧོང་ཀོང་དེ་བཞིན་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་རྣམས་ཀྱང་འདུ་འཛོམས་ཀྱིས་རྒྱ་གཞུང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལ་ངོ་རྒོལ་གནང་འདུག དེ་ཙམ་མ་ཟད།   ཡོ་རོབ་ཀྱི་རྒྱལ་ཁབ་ནེ་ཌར་ལེན་ནང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་།  ནེ་ཌར་ལེན་ཌི་བོད་རིགས་ཚོགས་པ།  དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག་རྒྱ་གཞུང་གིས་བོད་ནང་བོད་ཀྱི་ཐུན་མོང་མ་ཡིིན་པའི་རིག་གཞུང་རླུང་རྟ་དར་ལྕོག་སྒྲེང་འཛུགས་གནང་རྒྱུར་བཀག་སྡོམ་བྱེད་པར་ངོ་རྒོལ་དང་སྦྲགས།  བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིོར་བོད་ཀྱི་རླུང་རྟའི་རིན་ཐང་ངོ་སྤྲོད་ཡོང་ཐབས་སོགས་ལ་དམིགས་ནས་རྒྱ་ནག་གཞུང་ཚབ་ནས་ཞི་བདེའི་རྒྱལ་ཁང་བར་དུ་མང་ཚོགས་ཀྱིས་རླུང་རྟ་དར་ལྕོག་བསྣམས་པའི་ཐོག་ལས་འགུལ་སྤེལ་གནང་འདུག

གཞན་ཡང་དེའི་ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དྲ་ཐོག་ཐད་གཏོང་བརྒྱུད་དགུ་པའི་ཉེར་བདུན་གྱི་ཉིན་མོ་རྗེས་དྲན་དང་དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་ནས་མི་ལོ་ཧྲིལ་པོ་ ༢༩ འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན།  སྔ་དྲོ་ཕྱག་ཚོད་ ༡༡ ཐོག་དགུ་པའི་ཉེར་བདུན་སྐབས་ཀྱི་སྙིང་སྟོབས་ཆེན་པོ་གསུམ་ལ་དྲན་གསོ་དང་མཐའ་འཁྱོངས་བྱེད་དགོས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

གཞི་རྩའི་ལྷ་སར་དགུ་པའི་ཉེར་བདུན་གྱི་ཉིན་མོར་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་གསུམ་ཅུའི་དུས་དྲན་རྗེས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་བྱེས་བཞུགས་བོད་མི་རྣམས་ཀྱིས་དུས་ཀུན་དུ་ཉིན་མོ་དེར་ཞི་རྒོལ་སྐད་འབོད་དང་།  སྐབས་དེ་དུས་ཀྱི་པར་རིས་འགྲེམས་སྟོན་གནང་བ་སོགས་རྣམ་པ་འདྲ་མིན་སྒོ་ནས་ལས་འགུལ་ཉིན་མོ་དེ་རྗེས་དྲན་ཞུ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།