Tibetan Royal Year of 2151 | Year of the Wood Dragon

བྱང་ཨ་རིའི་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐེངས་ཉི་ཤུ་པ་འཚོགས་བཞིན་པ།

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཁ་སང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཆེད་བཅར་ཐོག་ཉིན་གྲངས་གསུམ་རིང་བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢༠ པ་འཚོགས་བཞིན་ཡོད་པ་རེད།

ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཐོག་བྱང་ཨ་རིའི་ས་གནས་ཁག་ ༧ གྱི་ཚོགས་བཅར་བ་ཁྱོན་ ༢༣ ཙམ་མཉམ་ཞུགས་གནང་ཡོད་པ་དང་། འགན་ལྷན་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་བོད་ཀྱི་འཐབ་རྩོད་དང་འབྲེལ་ནས་གཞོན་སྐྱེས་ཁྲོད་ནས་ཆ་ཤས་ལེན་ཕྱོགས། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས། དེ་བཞིན་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་བཅས་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་ཧུར་བསྐྱེད་གནང་རྒྱུ། ལས་བསྡོམས་སྙན་སྒྲོན་སོགས་ཁྱོན་དོན་ཚན་བརྒྱད་ཐོག་གྲོས་བསྡུར་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།