Tibetan Royal Year of 2151 | Year of the Wood Dragon

འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang-Golay མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་སྦྲགས། འདི་ལོའི་ཕྱི་ཟླ་ ༡༠ ནང་མགོན་པོ་༸གོང་ཉིད་མཆོག་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་བཀྲིན་མཛད་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཐེངས་འདིའི་མཇལ་མོལ་དང་འབྲེལ་ནས་སྐར་མ་གཅིག་ལྷག་ཡོད་པའི་བརྙན་པར་ཞིག་འདོན་སྤེལ་གསལ། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་ཕྱག་སྦྲེལ་རྣམས་ལ་དེང་གི་དུས་སུ་རྒྱལ་སྤྱིའི་སྟེང་བོད་ཀྱི་ནང་ཆོས་ལ་ཐུགས་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་དོན་ཚན་རིག་པ་ཚོས་ཀྱང་དེང་སྐབས་སེམས་ཁམས་རིག་པ་དང་འབྲེལ་ཏེ་ནང་ཆོས་ལས་གསུངས་པའི་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཐོག་ཐུགས་སྣང་སྔར་ལྷག་གནང་གི་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག འཛམ་གླིང་འདིར་སྨན་པའི་བོད་ཀྱི་རིག་གཞུང་ཐོག་ནས་ལེགས་སྐྱེས་འབུལ་རྒྱུའི་ནུས་པ་ཆེན་པོ་ལྡན་ཡོད་པ་བཞིན་དེ་ལྟར་ཡོང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩོན་ཆེན་པོ་མཛད་བཞིན་ཡོད་པ་མ་ཚད་པར་གོ་ལའི་ཞི་བདེར་སྨན་ཕྱིར་མཛད་འཁུར་ཆེ་བཞེས་མཛད་མུས་ཡིན་པར་བཀའ་སྩལ་ཡོད།

མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ཡིད་ཆེས་དང་ལུང་ཙམ་ལ་བརྟེན་པའི་རྨོངས་དད་ཙམ་མིན་པར་གཙོ་བོ་གཏན་ཚིགས་དང་རིགས་པར་གཞི་བཞག་པ་ཞིག་ཆགས་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། ནང་པའི་གཞུང་ལུགས་དག་ལས་གསུངས་པའི་བསླབ་བྱ་དེ་དག་གིས་གོ་ལ་སྤྱིའི་ཞི་བདེ་བསྐྲུན་ཐུབ་ངེས་ཡིན་སྐོར་བཀའ་སྩལ་འདུག  

རླུང་འཕྲིན་ཁང་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་མོལ་དང་འབྲེལ་བཀའ་འདྲི་ཞུ་ཐབས་ཞུས་ཀྱང་སྐུ་ཞབས་ཁོང་གིས་བཀའ་འདྲི་དང་ལེན་གནང་མ་སོང་། འོན་ཀྱང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་སྐུ་སྒེར་གྱི་ངོ་དེབ་ཐོག་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་སྒོ་སྐབས་བྱུང་བ་དང་། དེ་བཞིན་མཇལ་མོལ་སྐབས་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་མགོན་པོ་༸གོང་ཉིད་མཆོག་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་མཛད་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་ཞེས་བཀོད་འདུག

སྤྱི་ཁྱབ་བློན་ཆེན་མཆོག་གིས་ད་དུང་འབྲས་ལྗོངས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་རྗེས་སུ་དྲན་པའི་ཐོག་ནས་ཞི་བདེ་བག་ཕེབས་དང་ཤེས་རབ། དེ་བཞིན་དད་གུས་སོགས་ཀྱི་བྱིན་རླབས་འཇུག་རྒྱུའི་གསོལ་འདེབས་ཞུ་བཞིན་ཡོད་ཅེས་གསུངས་འདུག

སྤྱིར་སྤྱི་ཁྱབ་བློན་ཆེན་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་སྐབས་ལྷན་བཅར་བའི་ཁོངས་སུ་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་དགེ་འདུན་པའི་འཐུས་མི་བླ་མ་བསོད་ནམས་ལགས་དང་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ V.B.Pathak ལགས་རྣམ་གཉིས་དབུས་སྡེ་ཚན་ཁག་ཅིག་གི་འགན་འཛིན་དང་གཞུང་འབྲེལ་གནད་ཡོད་མི་སྣ་བཅས་ཕེབས་ཡོད་པ་རེད།

རྩ་བའི་འབྲས་ལྗོངས་མངའ་སྡེའི་གཞུང་མང་གཉིས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ཁུལ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་མཛད་རྒྱུར་ངང་སྒུག་དང་གསོལ་འདེབས་ལན་མང་ཞུས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༤ ནང་སྤྱི་ཁྱབ་བློན་ཆེན་མཆོག་གིས་རྒྱལ་ས་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་གསོལ་མགྲོན་ཁང་དུ་ཆེད་བཅར་གྱིས་མཇལ་ཁ་ཞུས་པ་དང་མཇལ་ཁའི་སྐབས་སུའང་འདི་ལོའི་ཕྱི་ཟླ་ ༡༠ ནང་མགོན་པོ་༸གོང་ཉིད་མཆོག་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་མཛད་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ཐོག་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་ཡོངས་གྲགས་གནང་ཡོད།

ཁོང་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་ཁུལ་གྱི་ཆིབས་བསྒྱུར་དང་འབྲེལ་ནས་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་ཞིག་བསྐོ་གཞག་གནང་ཡོད་པ་དང་། མངའ་སྡེའི་སྡེ་ཚན་ཁག་ཙམ་མིན་པར་འབྲེལ་ཡོད་ཚང་མས་གལ་ཆེ་དོན་ཆེར་བརྩིས་ནས་ཆིབས་བསྒྱུར་གྱི་སྔོན་འགྲོའི་སྟ་གོན་ཁག་འཐུས་ཚང་གནང་དགོས་ཞེས་བཀོད་ཁྱབ་ནན་པོ་གནང་ཡོད་པར་མ་ཟད། ས་གནས་ཀྱི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་༸གོང་ས་མཆོག་ཁུལ་དེར་ཕྱི་ཟླ་ ༡༠ ཚེས་ ༡༡ ནས་ཚེས་ ༡༥ བར་ཆིབས་བསྒྱུར་མཛད་རྒྱུ་ཐུགས་གཏན་ཁེལ་ཡོད་སྐོར་གསལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།