Tibetan Royal Year of 2151 | Year of the Wood Dragon

རང་གཅེས་འཛིན་དོར་ཏེ་གཞན་སེམས་བསྐྱེད་ཐུབ་ན་བདེ་སྐྱིད་ཐོབ།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

དེ་རིང་སྔ་དྲོ། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེཁ་སི་ཀོ་ཡུལ་གྱི་གློག་བརྙན་ཁྲབ་པ་དང་བཟོ་སྐྲུན་མཁན་གྲགས་ཅན། སྐུ་ཞབས་ཡུ་རྗིན་རྡེར་བྷེཛི་ Eugenio Derbez ལགས་དང་ལྷན་དུ་བདེ་སྐྱིད་དང་བཞད་གད། དེ་བཞིན་བྱམས་བརྩེ་བཅས་ཀྱི་སྐོར་ལ་གླེང་མོལ་མཛད་དེ། ཕྱི་གཟུགས་པོའི་འཕྲོད་བསྟེན་གལ་ཆེན་པོ་ཡིན་ནའང་། དེ་ལས་ཀྱང་གལ་ཆེ་བ་ནི་ནང་སེམས་ཀྱི་འཕྲོད་བསྟེན་ཡིན་པའི་ལམ་སྟོན་མཛད་སོང་།
བཀའ་སློབ་ལས་རིམ་གྱི་ཐོག་མར། དེང་གི་སྤྱི་ཚོགས་ཀྱི་ནང་དུ་འགྲོ་བ་མིའི་རིགས་ནི་འཕྲུལ་ལས་ཀྱི་བྲལ་གཡོག་ལྟ་བུར་གྱུར་ཡོད་སྟབས་སེམས་ངལ་ཆེན་པོ་ཡོད་པའི་གནས་སྟངས་ཀྱི་འོག མི་ཚེ་བདེ་སྐྱིད་ལྡན་པ་ཞིག་རོལ་ཐབས་ཀྱི་སྐོར་ནས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་གང་གིས། དེང་སང་གི་སྤྱི་ཚོགས་འདི་དངོས་གཙོ་རིང་ལུགས་ལ་གཞི་བཞག་པ་ཞིག་ཡིན་སྟབས་མིའི་ནང་སེམས་ཀྱི་སྐོར་ནས་ཤེས་རྟོག་དེ་ཙམ་མེད་སྐོར་བཀའ་གནང་བ་དང་སྦྲགས། འཇིགས་སྐྲག་དང་ཁོང་ཁྲོ་སོགས་ནི་ཚོར་བ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དེ་ལྟ་བུའི་གནོད་སྐྱོན་རང་བཞིན་གྱི་སེམས་ཚོར་བའི་གཉེན་པོར་སྙིང་རྗེ་བསྟེན་རྒྱུ་གལ་ཆེན་ཡིན་པ་དང་། ཕྱི་དངོས་བོ་ལ་བརྟེན་པའི་སེམས་ཚོར་དེ་ནི་དགེ་མཚན་མེད་པ་ཞིག་ཡིན་སྟབས། ཚོར་བ་ཡོད་ཚད་རྒྱུ་མཚན་ལ་གཞི་རྟེན་བཅོལ་རྒྱུ་དེ་གལ་ཆེན་པོ་ཡིན་ལུགས་ངོ་སྤྲོད་ཀྱིས། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ། མིའི་ནང་སེམས་འཕྲོད་བསྟེན་དང་འབྲེལ་བའི་བསླབ་གཞི་རྩ་འཛུགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།
དེ་བཞིན་༸གོང་ས་མཆོག་གིས། མིའི་རིགས་ཀྱི་བདེ་སྐྱིད་ནི་ཚོར་བ་ལ་རྟེན་པ་ཞིག་མིན་པར། དོན་དངོས་ཀྱི་བདེ་སྐྱིད་ནི་ནང་སེམས་བག་ལྷོད་ཞི་འཇམ་ཞིག་དགོས་རྒྱུ་དེ་ཡིན་ལུགས་ངོ་སྤྲོད་ཀྱིས། བདེ་སྐྱིད་བཅོམ་བྱེད་ཀྱི་གཞི་རྩ་ནི་ནང་སེམས་ཀྱི་རྣམ་རྟོག་དང་ཞེད་སྣང་གི་རིགས་ཡིན་སྟབས། ཅི་ཙམ་སེམས་པ་བག་ལྷོད་དུ་གནས་ཐུབ་ན་དེ་ཙམ་གྱིས་ནང་སེམས་ཀྱི་རྣམ་རྟོག་གི་རིགས་ཉུང་དུ་འགྲོ་ངེས་ཡིན་དུས། རང་བཞིན་གྱིས་མི་ལ་བདེ་སྐྱིད་འབྱུང་གི་ཡོད་པར་བཀའ་གནང་བ་དང་སྦྲགས། འཛམ་གླིང་གི་ཤར་ནུབ་གང་སར་གནས་བའི་འགྲོ་བ་མའི་རིགས་ཡོད་ཚད་ཁྱིམ་རྒྱུད་ཆེན་པོ་ཞིག་གི་གཅེན་གཅུང་ཡིན་ལུགས་ངོ་སྤྲོད་ཀྱིས། རང་གཅེས་འཛིན་ཁོ་ནའི་བློ་དེ་དོར་ནས། གཞན་སེམས་བསྐྱེད་ཐུབ་པ་ཡིན་ན་བདེ་སྐྱིད་ཐོབ་ངེས་ཡིན་པར་བཀའ་གནང་སོང་།
དེ་བཞིན་མགོན་པོ་གང་གིས། དེང་རབས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་རྫས་འགྱུར་རིགས་ཐོན་སྐྱེད་བྱེད་ཚད་མཐོ་བོ་ཡོད་པར་བཀའ་གནང་སྟེ། འདི་ལོའི་རིམས་ཀྱི་ནད་འབུ་དེ་ཡང་གཅིག་བྱས་ན་རྫས་འགྱུར་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་སྩལ་བ་དང་འབྲེལ། སྤྱི་ཡོངས་ཀྱི་ཆ་ནས་འགྲོ་བ་མིའི་རིགས་ཀྱིས་དམར་ཟས་བསྟེན་རྒྱུ་ཉུང་དུ་གཏོང་ཐུབ་ན་ལེགས་པོ་ཡོད་པར་བཀའ་གནང་བ་མ་ཟད།། མགོན་པོ་གང་གིས་རྒྱ་གར་གྱི་ནང་དུ་ཡོད་པའི་བོད་མིའི་གྲྭ་བཙུན་སྟོང་ཕྲག་བཅུ་ཙམ་གྱི་ཆོས་སྡེ་ཁག་གི་སྤྱི་ཐབས་སུ་དཀར་ཟས་རིགས་བསྟེན་རྒྱུ་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་ལུགས་བཀའ་སྩལ་སོང་།
སྐུ་ཞབས་ Derbez ལགས་ཀྱིས་དེ་རིང་གི་ལས་རིམ་དེའི་ཁྲོད་གཞན་ཡང་༸གོང་ས་མཆོག་ལ་བུད་མེད་ལ་ཆགས་སེམས་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་གང་གིས། མཚམས་རེར་བུད་མེད་མཛེས་མ་དེ་འདྲ་མཇལ་སྐབས་ཡིད་དུ་འོང་བའི་ཚོར་བ་ཡོང་གི་ཡོད་ནའང་། དེ་མ་ཐག་རང་ཉིད་གྲྭ་བ་ཞིག་ཡིན་པ་དྲན་གསོ་གནང་གི་ཡོད་ལུགས་ངོ་སྤྲོད་ཀྱིས། སྤྱི་ཡོངས་ཀྱི་ཆ་ནས་བརྩེ་བ་མང་པོ་ཞིག་ཆགས་སེམས་དང་འབྲེལ་བ་ཞིག་ཡིན་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། ལྷད་མེད་པའི་བརྩེ་བ་ནི་ཆགས་སེམས་དང་འབྲེལ་བ་ཞིག་མིན་སྐོར་བཀའ་གནང་སྟེ། དོན་དངོས་ཀྱི་བརྩེ་བ་ནི་ཆགས་སེམས་དང་མ་འབྲེལ་བ་ཞིག་ཡིན་སྐོར་དང་འབྲེལ་ནས། རང་ཉིད་ཀྱི་དགྲ་བོ་ལོ་བྱམས་བརྩེ་སྒོམ་རྒྱུ་དེ་ནི་བརྩེ་བ་ལག་ལེན་ལ་བསྟར་ཐབས་ཀྱི་ཐམས་ལམ་ཡག་ཤོས་ཤིག་ཡིན་པར་བཀའ་གནང་སོང་།
དེ་བཞིན་སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐད་ནས་བཀའ་འདྲི་དགོངས་སྐོར་གནང་བར་མགོན་པོ་གང་གིས། ༸གོང་ས་ལྔ་བ་ཆེན་པོ་སྐབས་ནས་བཟུང་བསྐྱངས་ནས་ཡོང་བའི་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་སྐུ་དབང་དེ་ད་ཆ་མགོན་པོ་གང་གིས་མི་མང་ལ་རྩིས་སྤྲོད་གནང་ཟིན་པར་འགྲེལ་བརྗོད་ཀྱིས། གཞི་རྩའི་མ་འོངས་བའི་ཏཱ་ལའི་བླ་མའི་སྐུ་ཕྲེང་བཅོ་ལྔ་བ་ཞིག་ཕེབས་སྲིད་པའི་དབང་དུ་བཏང་ནའང་ཆབ་སྲིད་ཀྱི་དབང་ཆ་དང་འབྲེལ་བ་མེད་སྐོར་གྱི་བཀའ་གནང་བ་དང་སྦྲགས། ཏཱ་ལའི་བླ་མའི་ཡང་སྲིད་དགོས་མིན་དེ་ནི་བོད་ཀྱི་ཆོས་རྒྱུད་ཆེན་མོ་ཁག་གི་མཁན་བླ་སྤྲུལ་དང་། དེ་བཞིན་མགོན་པོ་གང་དང་འབྲེལ་བ་ཆེན་པོ་ཡོད་པའི་སོག་པོ་དང་ཧི་མ་ལ་ཡའི་དད་ལྡན་པ་རྣམས་ཀྱིས་ཐག་གིས་གཅོད་རྒྱུ་ཞིག་ཡིན་པ་ལས། གང་ཉིད་མཆོག་ལ་དེའི་ཐད་ནས་འགན་འཁྲི་མེད་ལུགས་བཀའ་ལན་གནང་སོང་།
མཐར་མགོན་པོ་གང་ཉིད་མཆོག་གིས་གང་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ནས་ངོ་སྤྲོད་མདོར་བསྡུས་ཤིག་གནང་མཛད་དེ་དེ་རིང་གི་བཀའ་སློབ་ལས་རིམ་དེ་མཇུག་སྒྲིལ་སོང་། གཞི་རྩའི་སྐུ་ཞབས་ ཡུ་རྗིན་རྡེར་བྷེཛི་ ( Eugenio Derbez) ལགས་ནི་མེཁ་སི་ཀོ་ཡུལ་གྱི་དགོད་བྲོའི་གློག་བརྙན་ཁྲབ་མཁན་དང་བཟོ་བསྐྲུན་མཁན་གྲགས་ཅན་ཞིག་ཡིན་པ་དང་། ཏོག་དབྱིབས་གཉན་རིམས་ཁྲོད་རྒྱལ་སྤྱིའི་ས་གནས་གང་སར་མང་ཚོགས་རྣམས་བཀག་རྒྱའི་འོགཏུ་ལྷུང་བའི་གནས་སྟངས་ཁྲོད། ཁོང་གིས་སྤྱི་ཚོགས་དྲ་རྒྱའི་ཐོག་མང་ཚོགས་ས་ཡ་མང་པོ་ལས་རིམ་འདྲ་མིན་བརྒྱུད་བདེ་སྐྱིད་ཀྱི་ཚོར་བ་བསྐྲུན་ཐབས་གནང་ཡོད་པ་མ་ཟད། ས་གནས་ཀྱི་བརྒྱུད་ལམ་ཁག་ཅིག་ལ་༸གོང་ས་མཆོག་དང་ལྷན་ཐེངས་འདིའི་གླེང་མོལ་གྱི་ལས་རིམ་སྐོར་དེའི་གྲྭ་སྒྲིག་སྐོར་ལ་འགྲེལ་བརྗོད་གནང་སྐབས། ཛ་དྲག་གི་དུས་ཚོད་འདིའི་ཁྲོད་འཛམ་གླིང་གི་མང་ཚོགས་ལ་ཞི་བའི་བརྡ་ལན་སྤྲོད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྟབས། ཁོང་གིས་ད་རེས་༸གོང་ས་མཆོག་དང་ལྷན་དུ་ལས་རིམ་འདི་ལྟ་བུ་གོ་སྒྲིག་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།