Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་སྲིད་བློན་གྱི་ལོ་འཁོར་གསར་འགོད་ལྷན་ཚོགས་ཕྱིར་འཐེན།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དེ་རིང་ནས་སྐབས ༡༤ པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་འགོ་འཛུགས་གནང་བ་མ་ཟད།  ཁ་སང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཁྲོད། རྒྱ་ནག་གི་སྲིད་བློན་གྱིས་ཚོགས་འདུ་གཉིས་པོ་དེ་དག་གི་རྗེས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བྱས་ཀྱི་ཡོད་པའི་ལོ་ ༣༠ ཡི་སྲོལ་རྒྱུན་དེ་མེད་པ་བཟོས་འདུག

China Conference
Image Credit: NewYork Times

དེ་བཞིན་དེ་རིང་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་བློན་ Li Qiang གྱིས་གཞུང་གི་ལས་དོན་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་སྒྲོགས་སྦྱངས་ཁྲོད། རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་བརྒྱ་ཆ་ལྔ་སྤར་རྒྱུ་དང་། ལས་ཀ་གསར་པའི་གོ་སྐབས་ས་ཡ་གཅིག་ལྷག་བསྐྲུན་རྒྱུ། དེ་བཞིན་རྒྱལ་ཡོངས་དམག་གི་སྔོན་རྩིས་བརྒྱ་ཆ་ ༧.༢ གྱིས་སྤར་རྒྱུ་ཡིན་པ་གསལ་སྒྲགས་བྱས་འདུག

China Conference
Image Credit: Reuters

གཤམ་དུ་འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་རྒྱ་གཞུང་གིས་ད་རེས་སྲིད་བློན་གྱི་གསར་འགོད་ལྷན་ཚོགས་ཕྱིར་འཐེན་བྱེད་དགོས་དོན་དང་། སྲིད་བློན་གྱི་ལོ་འཁོར་སྙན་ཐོ། དེ་བཞིན་རྒྱ་ནག་གི་གྲགས་ཆེ་བའི་ཚོགས་ཆེན་དེ་དག་གཉིས་ཀྱི་གནས་འགག་སྐོར་ལ་བཅར་འདྲི་ཞུས་པ་ཞིག་གསན་གནང་ཡོང་བར་ཞུ།

འབྲེལ་ཡོད་གསར་གནས།

གསར་གནས།