Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱིས་བོད་དང་ཤིན་ཅང་གི་གནས་སྟངས་ཐད་རྒྱ་ནག་ལ་སྐྱོན་བརྗོད།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ Volker Turk མཆོག་གིས་རྒྱ་གཞུང་ནས་བོད་དང་ཤིན་ཅང་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་པར་སྐྱོན་བརྗོད་དང་འབྲེལ། དེ་འབྲེལ་རྩ་ཁྲིམས་ཀྱི་འབྲུ་དོན་ཁག་ལ་བསྐྱར་བཅོས་དགོས་པ་ནན་བརྗོད་གནང་འདུག

སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༥ འཚོག་བཞིན་པ་དང་བསྟུན།  ཁ་སང་ཕྱི་ཟླ་ ༣ ཚེས་ ༤ ཉིན་ Volker Turk ལགས་ཀྱིས་ལྷན་ཚོགས་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་སྐོར་སྙན་སེང་ཞུ་སྐབས། རྒྱལ་ཁབ་མང་དག་གི་ཆེས་ཞན་པའི་གནས་སྟངས་མངོན་གསལ་ཁྲོད་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་འདུག ཁོང་གིས་སྐབས་དེར་རྒྱ་གཞུང་ངོས་ནས་བོད་དང་ཤིན་ཅང་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་འབྲེལ་བའི་ཁྲིམས་དང་སྲིད་བྱུས། ལམ་ལུགས་བཅས་ལ་རྒྱལ་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་ལེགས་བཅོས་དགོས་པའི་ཞུ་སྐུལ་གནང་འདུག་པ་མ་ཟད། རྒྱ་ནག་ངོས་ནས་རྩོད་རྙོག་ཁ་གསལ་མེད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་གློད་བཀྲོལ་དགོས་པ་གསུངས་འདུག

ཁོང་གིས། ང་དང་ངའི་ཡིག་ཚང་ངོས་ནས་པེ་ཅིན་དང་གྲོས་མོལ་བརྒྱུད་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་།  ཁྲིམས་རྩོད་པ། དེ་བཞིན་ནག་ཉེས་ཉེས་འཛུགས་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་རེ་སྐུལ་ཞུས་ཡོད་ཅེས་གསུངས་འདུག

ཕྱོགས་མཚུངས་རྒྱ་ནག་ངོས་ནས་ཡུལ་དེའི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་དང་རྒྱལ་ཁབ་དེ་ཉིད་ནང་སྤྱི་ཡོངས་ཀྱི་ཡར་རྒྱས་ཤུགས་ཆེ་གཏོང་བཞིན་པར་བསྔགས་བརྗོད་གནང་བ་དེ་ལྟར་ཡང་། དེ་ལྟ་བུའི་ལས་དོན་རིགས་ཡོངས་རྫོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་འགྲོ་དགོས་པའི་ལམ་སྟོན་དང་། ལྷག་པར་རྒྱ་ནག་དང་ལྷན་དུ་དྲག་སྤྱོད་རིང་ལུགས་ལ་འགོག་རྒོལ་དང་། ཕོ་མོ་འདྲ་མཉམ་གྱི་སྲིད་བྱུས། དེ་བཞིན་སྤྱི་དམངས་ཀྱི་ཐོབ་ཐང་དང་གྲངས་ཉུང་མི་རིགས་སྲུང་སྐྱོབ་སོགས་ཀྱི་གནད་དོན་འདྲ་མིན་ཐད་གྲོས་མོལ་མུ་མཐུད་གནང་བཞིན་པ་འགྲེལ་བརྗོད་དང་འབྲེལ། དེ་སྔོན་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་གནང་སྐབས་རྒྱལ་ཚོགས་ངོས་ནས་རྒྱ་ནག་ལ་རྒྱབ་གཉེར་ཁག་གཅིག་གནང་བ་གཞིར་བཟུང་གྲོས་མོལ་དེ་དག་ལ་དོན་དམ་གྱི་གྲུབ་འབྲས་དགོས་ཀྱི་ཡོད་པ་གསུངས་འདུག

གཞི་རྩའི་ཉེ་ལམ་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་ཡོད་པ་དང་། སྐབས་དེར་ཨ་རི་དང་། ཁེ་ན་ཌ། ཌེན་མཱརྐ ཧྥིན་ལེན་ཌ། འཇར་མ་ནི། ཨིས་ཊོ་ནིཡཱ། ཧྥ་རན་སི། ཨཡར་ལེནྜ། སོགས་རྒྱལ་ཁབ་ ༢༠ ལྷག་གིས་བོད་དང་ཤིན་ཅང་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་ནག་ངོས་ནས་བོད་མིའི་ཐོག་དྲག་གནོན་མཚམས་འཇོག་དགོས་པ་དང་། བཅའ་སྡོད་སློབ་གྲྭ་སྒོ་བརྒྱབ་དགོས་པ། ཁྲིམས་འགལ་གྱིས་གང་བྱུང་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་སློབ་མ་རྣམས་ལ་རང་གི་སྐད་ཡིག་སྦྱོང་རྒྱུའི་ཐོབ་ཐང་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་རྟོགས་ཞིབ་མི་སྣ་བོད་ནང་ཆེད་གཏོང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།