Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱི་བདེ་སྲུང་བློན་ཆེན་གྱིས་རྒྱ་ནག་གིས་ས་མཚམས་དང་འབྲེལ་བའི་གྲོས་མཐུན་བརྩི་མེད་བཏང་རྐྱེན་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད་ཅེས་གསུངས་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁ་སང་ཚེས་ ༢༧ ཉིན་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་དང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ Li Shangfu གཉིས་དབར་ཐུག་འཕྲད་བྱུང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Rajnath མཆོག་གིས་རྒྱ་ནག་གིས་ LAC ཞེས་འཕགས་བོད་ས་མཚམས་ཀྱི་ས་ཐིག་ལ་རྡོག་རོལ་གྱི་ལས་དོན་སྤེལ་བ་དེས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེར་བཏང་ཡོད་ཅེས་འགྲེལ་བརྗོད་དང་འབྲེལ། རྒྱལ་ཁབ་གཉིས་པོའི་འབྲེལ་ལམ་གོང་འཕེལ་གཏོང་དབར་ཐོག་མར་ས་མཚམས་སུ་ཞི་བདེ་ལྷིང་འཇགས་དགོས་པའི་བརྡ་ལན་ནན་པོ་གནང་འདུག

རྒྱ་ནག་གི་བདེ་སྲུང་བློན་ཆེན་ Li Shangfu རྒྱ་གར་ལ་དེ་རིང་རེས་གཟའ་པ་སངས་ཉིན་ Shanghai Cooperation Organisation ཞེས་ཤང་ཧཡེ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་འདུ་འཚོགས་ཀྱི་ཡོད་པའི་ཐོག་ཆེད་འབྱོར་བྱས་པ་དང་བསྟུན། རྒྱ་གར་གྱི་གནམ་ཐང་དུ་འབྱོར་མ་ཐག་འགོ་ཁྲིད་རྣམ་གཉིས་ཐུག་འཕྲད་ཀྱིས་བཀའ་མོལ་དེ་བྱུང་བ་ཞིག་ཡིན་པ་དང་། རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་གནང་གསལ། མཇལ་མོལ་དེའི་སྐབས་བདེ་སྲུང་བློན་ཆེན་རྣམ་གཉིས་དབར་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་དང་ས་མཚམས་བཅས་གནད་དོན་སྤྱི་ཡོངས་ཐོག་ཁ་གསང་གཏིང་སངས་བྱུང་ཡོད་པར་མ་ཟད། རྒྱ་གར་གྱི་ངོས་ནས་རྒྱལ་ཁབ་གཉིས་པོའི་དབར་ཞི་བདེ་ལྷིང་འཇགས་དང་འབྲེལ་ལམ་ལེགས་པོ་ཡོང་མིན་ནི་འཕགས་བོད་ས་མཚམས་དང་འབྲེལ་བའི་གྲོས་མཐུན་ཇི་བཞག་ལྟར་གནས་མིན་ལ་རག་ལས་ཡོད་སྐོར་ནན་བརྗོད་གནང་འདུག

སྐུ་ཞབས་ Rajanth Singh མཆོག་གིས་སྐབས་དེར་ད་དུང་རྒྱ་དམག་གིས་དེ་སྔོན་ལ་དྭགས་གྷལ་ཝན་ས་ཁུལ་དུ་ཆགས་པའི་འཕགས་བོད་ས་མཚམས་བརྒལ་ནས་བཙན་འཛུལ་བྱས་པ་དང་ལྷག་དོན་ཕན་ཚུན་དམག་མི་དབར་གདོང་ཐུག་གི་གནད་དོན་བྱུང་བ་དེས་རྒྱལ་ཁབ་གཉིས་དབར་གྱི་སྔར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེས་ཆེར་བཏང་ཡོད་པར་བསྐྱར་ནན་དང་འབྲེལ་རྒྱ་དམག་འཕགས་བོད་ས་མཚམས་ནས་ཕྱིར་འཐེན་བྱེད་དགོས་པའི་བསྐྱར་ནན་གནང་བར་མ་ཟད། ས་མཚམས་དང་འབྲེལ་བའི་གནད་དོན་གང་འདྲ་ཞིག་ཡིན་ཀྱང་དེ་དག་ཡོངས་རྫོགས་ཕྱོགས་གཉིས་དབར་དེ་སྔ་ནས་ཡོད་པའི་གྲོས་མཐུན་དང་ཁས་ལེན་ཇི་བཞིན་བྱེད་དགོས་པར་ནན་བརྗོད་གནང་འདུག

གཞི་རྩའི་རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་དང་འབྲེལ་བའི་ཆེས་མཐོའི་དཔོན་རིགས་ཀྱི་གྲོས་མོལ་ད་བར་ཐེངས་ ༡༨ བྱུང་ཡོད་ཀྱང་། གནས་སྟངས་ལ་དོན་གྱི་འགྱུར་བ་གང་ཡང་ཕྱིན་མེད་པ་དང་། ལྷག་དོན་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ནང་ལ་དྭགས་འཕགས་བོད་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་རྗེས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། རྒྱ་ནག་གི་བདེ་སྲུང་བློན་ཆེན་ Li Shangfu ད་རེས་རྒྱ་གར་ལ་ཡོང་བ་དེ་ནི་ Galwang གྱི་རྩོད་རྙོག་རྗེས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

སྤྱིར་རྒྱ་གར་ནི་ད་ལྟའི་ཆར་ Shanghai Cooperation Organisation ཞེས་ཤང་ཧཡེ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཡིན་པ་དང་། ལོ་འདིའི་ཕྱི་ཟླ་ ༧ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྒྲིག་འཛུགས་དེའི་ཆེས་མཐོའི་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་པ་ལྟར་རྒྱ་ནག་གི་སྲིད་འཛིན་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།  དེ་འབྲེལ་གཟའ་འཁོར་རྗེས་མར་རྒྱ་གར་གྱི་གྷོ་ཝ་ཁུལ་དུ་མཉམ་འབྲེལ་སྒྲིག་འཛུགས་དེའི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་ཞིག་ཀྱང་འཚོགས་འཆར་ཡོད་པའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Qin Gang མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།