Tibetan Royal Year of 2151 | Year of the Wood Dragon

བོད་ནང་སྤེལ་བཞིན་པའི་ངལ་རྩོལ་གྱི་ལས་འཆར་དེ་བོད་ཀྱི་རིག་གཞུང་ལ་ཉེན་ཁ་ཆགས་ཡོད།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་མཁས་ལས་མི་སྣ་དྲུག་མཉམ་འབྲེལ་གྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་མངའ་ཁུལ་དུ་སྤེལ་བཞིན་པའི་ལག་ཤེས་སྦྱོང་བརྡར་དང་ངལ་རྩོལ་གནས་སྤོར་ཁག་དཀྲིས་བྱས་ནས་བོད་མི་ཐོག་སྟངས་འཛིན་དང་ཆབ་སྲིད་བཅོས་བསྒྱུར་གྱི་སློབ་གསོ་སྤྲོད་ནས་བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག རིག་གཞུང་དང་འབྲེལ་གོམས་སྲོལ་རྣམས་མེད་པ་བཟོ་བཞིན་ཡོད་པར་མ་ཟད། དེ་ལྟ་བུའི་ལས་འཆར་འོག་རིམ་བཞིན་བོད་མི་ཚོ་བཙན་དབང་གིས་ངལ་རྩོལ་ལས་རིགས་ནང་བཅུག་རྒྱུའི་ཉེན་ཁ་ཡོད་པར་གསུངས་འདུག

 ཉེ་སྔོན་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་མཁས་ལས་མི་སྣ་དྲུག་ཐོུང་གིས་རྒྱ་གཞུང་གིས་བོད་ནང་སྤེལ་བཞིན་པའི་ལག་ཤེས་སྦྱོང་བརྡར་གྱི་ལས་འཆར་བརྒྱུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རྡོལ་གཏོང་བཞིན་ཡོད་པའི་གནད་དོན་ལ་གསལ་བཤད་དགོས་པའི་འདྲི་རྩད་བཅུ་བཞི་གནང་རྗེས་ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱལ་ཚོགས་ཀྱི་མཁས་ལས་མི་སྣ་ཁག་དྲུག་གིས་གོང་དུ་ཞུས་པའི་གནད་དོན་ཐོག་མཉམ་འབྲེལ་གྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག

རྩ་བའི་ཕྱི་ལོ་ ༢༠༡༥ ལོ་ནས་ད་བར་རྒྱ་གཞུང་གིས་ལག་ཤེས་སྦྱོང་བརྡར་ཟེར་བའི་ལས་འཆར་སྤེལ་ཏེ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁུལ་ནས་བོད་མི་ཞིང་འབྲོག་མང་ཚོགས་ས་ཡ་གཉིས་དང་འབུམ་བརྒྱད་ལྷག་གྲོང་ཁྱེར་དང་གྲོང་སྡེར་ངལ་རྩོལ་ལས་རིགས་ནང་བཙན་དབང་གིས་གནས་སྤོས་བྱས་ཡོད་པ་རེད།

རྒྱལ་ཚོགས་ཀྱི་མཁས་ལས་མི་སྣ་ཚོས་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་རྒྱ་གཞུང་གིས་གཉེར་བའི་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་དེ་དག་ཏུ་རྒྱ་གཞུང་གིས་བོད་མི་ཚོར་ལག་ཤེས་ཆེད་ལས་གོང་འཕེལ་གཙོ་བོ་སློབ་ཁྲིད་བྱེད་ཀྱི་མེད་པ་དང་དེ་ལས་དམག་སྦྱོང་གི་ཁོར་ཡུག་འོག་བོད་མི་ཚོར་ཆབ་སྲིད་དང་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་གཙོ་བོ་སྤྲོད་བཞིན་ཡོད་པར་མ་ཟད་རྒྱ་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཚོས་བོད་མི་རིགས་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་གོམས་སྲོལ་བཅས་པ་ནི་མང་ཚོགས་ཕྱུག་པོའི་ལམ་བུར་བསྐྱོད་རྒྱུར་འགོག་རྐྱེན་ཞིག་ཆགས་ཡོད་པར་ངོས་འཛིན་གྱིས་ལས་འཆར་དེའི་འོག་ནས་བོད་ཀྱི་སྐད་ཡིག་དང་ཆོས་དད་རང་དབང་བཅས་པ་ཡོངས་རྫོགས་མེད་པ་བཟོ་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

རྒྱ་ནག་གཞུང་གི་ངོས་ནས་ལག་ཤེས་སྦྱོང་བརྡར་དང་ངལ་རྩོལ་ལས་རིགས་ཐོག་ནས་མང་ཚོགས་གནས་སྤོས་ལས་འཆར་ནི་ས་གནས་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་ཀྱི་ཕུགས་དམིགས་ཡིན་ཞེས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དེ་ལྟར་ནའང། རྒྱལ་ཚོགས་ཀྱི་མཁས་ལས་མི་སྣ་རྣམས་ཀྱིས་རྟོག་ཞིབ་གནང་འབྲས་སུ་ལས་འཆར་དེ་བོད་མི་ཚོ་ཉམས་རྒུད་དུ་གཏང་རྒྱུའི་ངལ་རྩོལ་ལས་རིགས་ཤིག་ཡིན་པར་འགྲེལ་བརྗོད་གནང་འདུག 

དེ་བཞིན་གསར་འགོད་བསྒྲགས་གཏམ་ནང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་མངའ་ཁུལ་ནས་ད་བར་ངལ་རྩོལ་ལས་རིགས་ཆེད་གྲོང་ཁྱེར་ཁག་ཏུ་ཞིང་འབྲོག་མང་ཚོགས་ག་ཚོད་གནས་སྤོས་བྱས་ཡོད་པའི་གྲངས་ཐོ་ཁ་གསལ་དགོས་པ་དང། བོད་མི་དེ་དག་ལ་ངལ་རྩོལ་གནས་སྤོར་མཉམ་ཞུགས་གནང་བར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་རང་དབང་ཡོད་མེད། ལས་གཞིའི་འོག་བོད་མི་ཚོར་ཁེ་ཕན་ཇི་ཡོད། ངལ་རྩོལ་བ་དེ་དག་ལ་མཐུན་རྐྱེན་སྤྲོད་ཕྱོགས། བོད་མི་ཚོར་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཐོབ་ཐང་ཇི་ཡོད་སོགས་ཞིབ་ཕྲ་ཁ་གསལ་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་ཡོད་པ་རེད།

གསར་འགོད་བསྒྲགས་གཏམ་སྤེལ་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་མཁས་ལས་རྟོག་ཞིབ་མི་སྣ་ཁག་དྲུག་ནི། རྒྱལ་ཚོགས་ཀྱི་རིག་གཞུང་ཐོབ་ཐང་དང། འཛུགས་སྐྲུན། གྲངས་ཉུང་མི་རིགས། མི་རིགས་དབྱེ་འབྱེད། བེུད་དང་བྱིས་པ་ཚོང་འགྲེམ། དེ་བཞིན་ཚེ་གཡོག་སྔོན་འགོག་གནད་དོན་ཐོག་རྟོག་ཞིབ་དང་སྲུང་སྐྱོབ་གནང་མཁན་བཅས་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།