Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་མཱུ་ལཱན་གློག་བརྙན་གསར་བ་བཀག་སྡོམ་བྱེད་རྒྱུའི་ཞུ་སྐུལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་གི་གསར་ཐོན་གྱི་གློག་བརྙན་མཱུ་ལཱན་ཞེས་པ་དེ་རྒྱལ་སྤྱིའི་ཁྲོམ་རར་ཁྱབ་བསྒྲགས་བྱས་མ་ཐག   ཧོང་ཀོང་དང་ཡུ་གུར་གྱི་ལས་འགུལ་བ་རྣམས་ཀྱིས་གློག་བརྙན་དེར་སྐྱོན་བརྗོད་ཀྱིས་མི་མང་གིས་ལྟད་མོ་དེར་ལྟ་རྒྱུ་བཀག་སྡོམ་བྱེད་དགོས་བའི་རེ་སྐུལ་ཞུས་འདུགདེ་ཡང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་  Disneyཞེས་པའི་གློག་བརྙན་བཟོ་སྐྲུན་ཁང་གིས།  མཱུ་ལཱན་ཞེས་པའི་རྒྱ་ནག་གི་དཔའ་མོའི་ལོ་རྒྱུས་ཀྱི་གློག་བརྙན་བཟོ་སྐྲུན་གྱིས་དངོས་སུ་ཁྲོམ་རར་འགྲེམས་སྤེལ་བྱས་མ་ཐག   འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ཀྱིས་ལྟད་མོ་དེ་རྒྱ་ནག་གིས་དྲག་གནོན་ཆེས་ཆེར་བྱེད་སའི་ཤིན་ཅང་གི་ཁུལ་དུ་འཁྲབ་སྟོན་བྱས་ཡོད་པ་མ་ཟད། ལྟད་མོ་དེའི་མཇུག་ཏུ་ཤིན་ཅང་ཁུལ་གྱི་རྒྱ་ནག་དམར་ཤོག་གི་དབང་འཛིན་ལས་ཁུངས་ལ་ཐུགས་རྗེ་ཞུས་ཡོད་པ་དང་། དེ་བཞིན་ལྟད་མོ་དེའི་ནང་གི་དཔའ་མོའི་འཁྲབ་སྟོན་མི་སྣ་གཙོ་བོ། རྒྱ་མོ་ Liu Yifei ཞེས་པའི་ཉེ་སྔོན་ཧོང་ཀོང་ནང་གི་མི་མང་གི་གཞུང་རྒོལ་ལས་འགུལ་སྐབས་སུ། དྲག་གནོན་བྱེད་མཁན་གྱི་ཉེན་རྟོག་པའི་བྱེད་ལས་ལ་རྒྱབ་སྐྱོར་ཡོད་པ་སྒེར་གྱི་དྲ་གནས་སུ་སྤེལ་ཡོད་པ་སོགས་ཀྱི་གནས་ཚུལ་དང་འབྲེལ་ནས།  རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་གི་གློག་བརྙན་གསར་བ་དེ་བཀག་སྡོམ་བྱེད་དགོས་བའི་རེ་སྐུལ་ཞུས་འདུག

དེ་བཞིན་གསར་ལམ་ཁག་ཏུ། རྒྱལ་སྤྱིའི་ཡུ་གུརལྷན་ཚོགས་ཀྱིས། ཨ་རིའི་  Disneyཞེས་པའི་གློག་བརྙན་བཟོ་སྐྲུན་ཁང་གིས་ཤིན་ཅང་གི་ཡུ་མི་མང་ས་ཡ་གསུམ་ཙམ་བཀག་སྐྱིལ་བྱེད་མཁན་གྱི་དབང་འཛིན་ལས་ཁུངས་ལ་ཐུགས་རྗེ་ཞུས་པ་དེ་ནི་ཁུལ་དེའི་དྲག་གནོན་ལ་རྒྱབ་སྐྱོར་བྱས་པ་འདྲ་བོ་ཡིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་གྲགས་ཅན། ན་གཞོན་Joshua Wong ལགས་ཀྱིས་ཀྱང་། མི་སུ་ཞིག་གིས་མཱུ་ལཱན་ཞེས་པའི་ལྟད་མོ་དེར་བལྟས་བ་ཡིན་ན། རྒྱ་ནག་གི་ཉེན་རྟོག་པའི་དྲག་ཤུགས་དང་མི་རིགས་དབྱེ་འབྱེད་ལ་སྡིག་པ་མིག་ཙུམ་བྱས་པ་ཁོ་ན་ཞིག་མ་ཡིན་པར། དབང་བསྒྱུར་སྲིད་བྱུས་འོག་མི་མང་བཀག་སྐྱིལ་བྱས་པ་ལ་རྒྱབ་སྐྱོར་བྱས་པ་ལྟ་བུ་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་ཏེ་གློག་བརྙན་དེར་སྐྱོན་བརྗོད་གནང་འདུགཐེངས་འདིའི་རྒྱ་ནག་གི་ལྟད་མོ་འདི་དང་འབྲེལ་ནས། ཨ་རིའི་New York Post གསར་ཁང་གིས། དེ་སྔ་ Hollywood གློག་བརྙན་བཟོ་ལས་ཁང་གི་བོད་ནང་ལོ་བདུན་དང་སྐུ་མདུན་ཞེས་པའི་གློག་བརྙན་འདི་གཉིས་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཏེ་རྒྱ་ནག་གི་ཁྲོམ་རར་བཀག་སྡོམ་བྱས་པ་ནས་བཟུང་། འདས་བའི་ལོ་ངོ་ ༢༠ རིང་ལ་ཨ་རིའི་གློག་བརྙན་བཟོ་ལས་ཁང་གིས་རྒྱ་ནག་གི་མངོན་འདོན་དང་བརྒལ་བའི་གློག་བརྙན་གཅིག་ཀྱང་བཟོ་ཐུབ་མེད་པ་ལུང་འདྲེན་གྱིས། ད་ཆ་ཨ་རིའི་གློག་བརྙན་བཟོ་ལས་ཁང་ནི་རྒྱ་ནག་གི་ཤུགས་རྐྱེན་སྤེལ་སའི་འབྲེལ་མཐུད་ཁང་ལྟ་བུརའགྱུར་བཞིན་ཡོད་པར་ སྐྱོན་བརྗོད་གནང་འདུག

དེ་བཞིན་ཉེ་སྔོན་ PEN America ཞེས་པའི་ཨ་རིའི་སྨྱུ་གུ་ཚོགས་པས་ཤོག་གྲངས་ ༩༤ཅན་གྱི་ཨ་རིའི་Hollywood གློག་བརྙན་བཟོ་ལས་ཁང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཏེ། ཨ་རིའི་Hollywood ་གློག་བརྙན་བཟོ་ལས་ཁང་གིས་དབང་ཆ་གཅིག་སྡུད་ཀྱི་རྒྱ་ནག་གི་གློག་བརྙན་བཟོ་ལས་བཀག་སྡོམ་དང་མཉམ་འབྲེལ་བྱས་པར་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག  Hollywood གློག་བརྙན་ཁང་གིས་རང་ཉིད་ཀྱི་སྒྱུ་སྩལ་རང་དབང་ལ་སྲུང་སྐྱོབ་བྱེད་ཕྱིར་རྒྱ་ནག་གིས་བཀག་སྡོམ་དང་འབྲེལ་བའི་གནད་དོན་ཕྱི་གསལ་ནང་གསལ་བཟོ་དགོས་བའི་འབོད་སྐུལ་ཞུས་ཡོད་པ་རེད།

སྙན་ཐོ་དེའི་ནང་། རྒྱ་ནག་གིས་དུས་རྒྱུན་ནས་གློག་བརྙན་གྱི་ཁྲོམ་རར་སྟངས་འཛིན་བྱེད་བཞིན་ཡོད་པ་མངོན་གསལ་གྱིས། རྒྱ་ནག་གིས་དུས་རྒྱུན་ནས་རྒྱ་ནག་དང་འབྲེལ་བའི་ལས་རིགས་ཡོངས་རྫོགས་ལ་བརྟག་དཔྱད་བྱས་ཏེ་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་གནང་སྟེ། ད་ཆ་རྒྱ་ནག་གིས་བཀག་སྡོམ་གྱི་ལམ་ལུགས་འདི་རྒྱལ་ནང་ཙམ་དུ་མ་ཟད། ཕྱི་ལོགས་ཀྱི་སྤྱི་ཚོགས་ནང་དུ་ཡང་ཤན་ཤུགས་ཇེ་ཆེར་གཏོང་གི་ཡོད་པ་ལུང་འདྲེན་གྱིས། རྒྱ་ནག་གི་ནང་གློག་བརྙན་བཟོ་ལས་ཁང་གིས་བོད་དང་ཡུ་གུར། དེ་བཞིན་ཧོང་གོང་བཅས་ཀྱི་བརྗོད་བྱ་དང་འབྲེལ་བའི་གློག་བརྙན་བཟོ་ཐབས་མེད་དུས། ཕྱི་ལོག་གི་རང་དབང་གི་བཟོ་ལས་ཁང་གིས་ཀྱང་གོང་གི་གནད་དོན་དང་འབྲེལ་ནས་གློག་བརྙན་བཟོ་མ་ཐུབ་ན། གཞན་སུས་བརྗོད་བྱ་དེ་དག་གི་སྒང་ལ་གློག་བརྙན་བཟོ་དགོས་རེད་ཅེས་དོགས་འདྲི་ཡང་གནང་ཡོད་པ་རེད།

རྩ་བའི་ཐེངས་འདིའི་རྒྱ་ནག་གི་མཱོ་ལཱན་ཞེས་པའི་གློག་བརྙན་འདི་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་ནས་བུད་མེད་ཀྱིས་དམག་འཐབ་ནང་དུ་རྒྱལ་སྲུང་གི་ལས་འགན་དང་དུ་བླངས་ཏེ་བཙན་རྒྱལ་ལ་བྱས་རྗེས་བཞག་པའི་གཏམ་རྒྱུད་བརྒྱུད་དེ། ཕྱི་ཕྱོགས་སུ་རྒྱལ་ཞེན་རིང་ལུགས་དྲིལ་བསྒྲགས་བྱེད་ཐབས་ལ་དམིགས་པའི་གློག་བརྙན་ཞིག་ཡིན་པ་རེད།

 

 

འབྲེལ་ཡོད་གསར་གནས།

གསར་གནས།