རྡ་སར་ཏོག་ནད་ཀྱི་གྲངས་འབོར་མང་ཡང་དྲག་སྐྱེད་ཚད་གཞི་ཡང་མགྱོགས་པོ་ཡིན་པར་གསུངས་སོང་།

Tibetan News Headlines

  • Kelsang Tharchin Reaches Dharamshala After Long Walk to Raise Awareness of Tibetan Language Preservation
  • China Launches New Reception Centre for Overseas Tibetans in Qinghai
  • NYNJ RTYC Stages 26th ‘10th Day’ Protest Outside Chinese Embassy
  • CTA Says China’s ‘Tell China’s Story Well’ Campaign Has Become ‘Tell China’s Lies Well’
  • UK Lawmakers Raise Concerns over Chinese Espionage Targeting Parliament
  • Nepal seeks stronger global action to address climate change impact on Himalayas at COP31
  • India Hits Back at Chinese Vloggers Over Alleged Anti-India Disinformation Campaign in Dhaka

ཪེས་གཟའ་ལྷག་པ། ༢༠༢༦།༡༡།༡༡

  • ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ལ་དགས་ནས་རྡ་རམ་ས་ལ་བར་གྱི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།
  • ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་སྒོ་འབྱེད་བྱས་འདུག
  • ནིའུ་ཡོག་རྒྱ་ནག་གཞུང་ཚབ་མདུན་དུ་ཚེས་བཅུའི་ལས་འགུལ་སྤེལ་འདུག
  • རྒྱ་ནག་གི་ལོ་རྒྱུས་ཡག་པོ་ཤོད་དགོས་ཞེས་པ་དེ། དོན་དངོས་སུ་རྒྱ་ནག་གི་རྫུན་གཏམ་ཡག་པོ་བཤད་དགོས་པའི་གོ་དོན་ཡིན་པ་ཐེར་འདོན།
  • རྒྱ་ནག་གི་གསང་མྱུལ་གྱི་བྱ་སྤྱོད་ཐད་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་འགན་འཁུར་དགོས་གལ་ཡིན་པ་གསུངས་འདུག
  • རྒྱ་མི་བརྙན་ཐུང་བཟོ་མཁན་ཁག་ཅིག་གིས་རྒྱ་གར་ལ་དམའ་འབེབས་བཏང་བར་རྒྱ་གར་གཞུང་གིས་སྐྱོན་བརྗོད་ལན་འདེབས།

རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ཕྱི་མའི་རྦ་རླབས་ཆེས་ཆེར་འཕྱུར་བཞིན་པའི་སྐབས་ཐོག་འདིར།   འདས་བའི་བདུན་ཕྲག་གཅིག་གཉིས་ཤིག་གི་ནང་དུ་བཞུགས་སྒར་ཁུལ་གྱི་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཡང་ལྟོས་བཅོས་ཀྱིས་ཏོག་ནད་འགོས་ཁྱབ་ཆེས་ཆེར་ཕྱིན་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་ཀྱང་གནས་སྐབས་སུ་ལས་བྱེད་བརྒྱ་ཆ་ལྔ་བཅུར་ཆ་བགོས་ཀྱིས་ཏོག་ནད་ལ་གདོང་ལེན་གནང་བཞིན་པ་རེད།དེ་རིང་འདི་གའི་གསར་འགོད་པའི་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་ཁ་པར་བརྒྱུད་ནས་ད་ལྟའི་ཆར་བཞུགས་སྒར་ཁུལ་གྱི་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་དང་སྔོན་འགོག་གི་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་སྤྱི་ཡོངས་ནས་ད་ལྟའི་བར་དུ་བཞུགས་སྒར་ཁུལ་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་བྱུང་བའི་བོད་མི་གྲངས་ ༡༤༤༦ ལྷག་བྱུང་ཡོད་པ་དང་། སྐབས་སུ་བོད་མི་ནད་མནར་གྱིས་མྱོང་བཞིན་པའི་ནད་པའི་གྲངས་ ༢༠༣ ཡོད་ཀྱང་ད་ལྟའི་ཆར་དེ་སྔོན་དང་བསྡུར་ན་ནད་གཞི་ལྕི་མོ་མིན་པ་མ་ཟད། དྲག་སྐྱེད་ཀྱི་ཚད་གཞི་ཡང་མགྱོགས་པོ་ཡིན་སྟབས་ཛ་དྲག་གི་གནས་སྟངས་གང་ཡང་མེད་པར་གསུངས་སོང་།

དེ་བཞིན་ཁ་ཉིན་རྒྱ་གར་གྱི་གསར་ལམ་ཁག་ཏུ་བཞུགས་སྒར་གྱི་རྒྱ་གར་སྐུ་སྲུང་བ་ཁག་ཅིག་ལ་ཡང་ཏོག་ནད་འགོས་ཡོད་པའི་གནས་ཚུལ་དང་འབྲེལ་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་རྣམས་ཀྱིས་རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་ནས་ཐུགས་ཁྲལ་བྱེད་བཞིན་པའི་གནས་ཚུལ་ཞིག་ཕྱི་ལ་ཐོན་པ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས།  གཞི་རྩའི་རྒྱ་གར་ཉེར་རྟོག་པའམ། སྐུ་སྒེར་ཡིག་ཚང་གི་མཐའ་སྲུང་བ་ཁག་ཅིག་ལ་ཏོག་ནད་འགོས་ཁྱབ་བྱུང་བ་དེ་བདེན་པ་ཡིན་ཡང་། ཏོག་ནད་འགོས་བ་རྣམས་སྐུ་འཁོར་ནང་མ་དང་འབྲེལ་བ་མེད་པའི་སྐུ་སྒེར་ཡིག་ཚང་གི་མཐའ་སྲུང་བ་ཡིན་ལུགས་ངོ་སྤྲོད་ཀྱིས།   ད་ལྟའི་ཆར་ཉེན་རྟོག་པ་དེ་དག་ཀྱང་ཟུར་བཀག་ཏུ་གནས་མུས་ཡིན་སྟབས་བོད་མི་རྣམས་ཀྱིས་སེམས་ཁྲལ་བྱེད་དགོས་བ་ཞིག་མིན་པར་གསུངས་སོང་།

གཞན་ཡང་ཁོང་གིས།  ད་ལྟའི་ཆར་རྒྱ་གར་གྱི་ནང་དུ་ཟླ་བ་རྗེས་མའི་ནང་དུ་ཏོག་དབྱིབས་ནད་དུག་གི་རླབས་རྒྱུན་གསུམ་པ་དེ་ཁྱབ་བརྡལ་འགྲོ་ངེས་ཡིན་པའི་ཚོད་དཔག་གནང་བཞིན་པ་ལྟར།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་ཤག་གི་ལམ་སྟོན་དང་། དེ་བཞིན་དབུས་ཛ་དྲག་ཚོགས་ཆུང་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་ཡོད་ཀྱི་འགན་ཁུར་བས་ཀྱང་རིམས་ནད་ཀྱི་རླབས་རྒྱུན་གསུམ་པར་སྔོན་འགོག་གི་གྲ་སྒྲིག་ཨང་གསར་ཡོད་པར་ངོ་སྤྲོད་གནང་སོང་།བདུན་ཕྲག་སྔོན་མའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་བལ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་པ་སྡེ་ཚན་གཉིས་སུ་ཆ་བགོས་ཀྱི་གནས་སྟངས་རྒྱུས་ལོན་དང་ལམ་སྟོན་གྱི་ཚོགས་འདུ་སྐོང་ཚོགས་གནང་ཡོད་པ་དང་།  ཚོགས་འདུ་བརྒྱུད་དེ་ཆེད་ལས་སློབ་སྟོན་པ་སྨན་པ་ཚེ་བརྟན་ལགས་ཀྱིས་བོད་མི་ཚོས་སྔོན་འགོག་ཐབས་ལམ་ངེས་པར་དུ་སྤྱོད་དགོས་པ་དང་སྔོན་ཁབ་ངེས་པར་རྒྱག་དགོས་པའི་ལམ་སྟོན་གནང་ཡོད་པ་ལྟར། ད་ལྟའི་ཆར་བོད་མི་འདུས་སྡོད་ཀྱི་ས་ཁུལ་གང་སར་དུས་བཀག་གི་ཆ་རྐྱེན་ཚང་བའི་བགྲས་སོང་དང་སྨན་བཅོས་ལྟ་སྐྱོང་གི་མདུན་ཐོན་སྨན་པ་དང་སྨན་ཞབས་རྣམས་ལ་སྨན་ཁབ་རིམ་པ་གསུམ་པ་སྟེ། ནུས་ཤུགས་སྨན་ཁབ་གསུམ་པ་དེ་སྐྱོན་འགོ་ཚུགས་ཡོད་པ་རེད།གཞི་རྩའི་བདུན་ཕྲག་སྔོན་མའི་ནང་།  བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༤ པའི་ཐོག་འདས་པའི་བདུན་ཕྲག་འདིའི་ནང་བོད་མི་གནས་ཡུལ་ས་གནས་ཁག་ནས་ཁྱོན་བོད་མི་༤༢༩ ལ་ཏོག་ནད་འགོས་ཁྱབ་བྱུང་ཡོད་པར་བསྒྲགས་ཡོད་པ་དང་། དེའི་ཁྲོད་ནས་ལོ་ན་རྒན་ཤོས་ ༩༠ དང་ལོ་ན་ཆུང་ཤོས་ལོ་གཅིག་ཆགས་ཀྱི་ཡོད་ཀྱང་འདས་པའི་བདུན་ཕྲག་ནས་བོད་མི་གཅིག་ཀྱང་འདས་གྲོངས་སུ་ཕྱིན་མེད་འགྲེལ་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།