Tibetan Royal Year of 2151 | Year of the Wood Dragon

ས་མཚམས་ཀྱི་རྨང་གཞི་འཛུགས་སྐྲུན་གོང་མཐོ་སླད་རྒྱ་ལམ་བཅིུས་དབུ་འབྱེད།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་གིས་ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་ས་མཚམས་ས་ཁུལ་གྱི་རྨང་གཞི་འཛུགས་སྐྲུན་གོང་མཐོ་གནང་སླད་རྒྱ་ལམ་ཁྱོན་བཅིུས་དབུ་འབྱེད་གནང་འདུག རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཁ་སང་རྒྱ་གར་བྱང་ཤར་ཨཱ་སམ་ནང་དུ་རྒྱ་ལམ་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་བདེ་སྲུང་བློན་ཆེན་མཆོག་གིས་ད་ལན་དབུ་འབྱེད་གནང་བའི་རྒྱ་ལམ་དེ་དག་རྒྱལ་ཁབ་ཀྱི་བདེ་འཇགས་དང་ལྷག་པར་དུ་བྱང་ཤར་མངའ་སྡེ་སྤྱིའི་གནས་སྟངས་གོང་མཐོར་གནང་བར་ཕན་ཐོགས་ངེས་ཡིན་པ་དང་རྒྱ་ལམ་དེ་དག་ནི་ཐབས་བྱུས་དང་སྤྱི་ཚོགས། དེ་བཞིན་དཔལ་འབྱོར་སྤྱིར་གལ་གནད་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་དམག་དཔུང་གཙོས་མཐའ་མཚམས་ཁུལ་དུ་ཡོད་པའི་ས་ཁུལ་གྱི་གཞིས་མིར་དགོས་ངེས་ཀྱི་ཅ་དངོས་དང་གསོལ་སྨན། བཟའ་འབྲུ་སོགས་འོར་འདྲེན་ལ་ཕན་ངེས་ཡིན་པར་གསུངས་འདུག གཞི་རྩའི་བདེ་སྲུང་བློན་ཆེན་མཆོག་གིས་ཨཱ་སམ་གྱི་ Lakhimpur རྫོང་ཁོངས་སུ་ཚོགས་པའི་མཛད་སྒོ་དེའི་སྐབས་སྤྱི་ལེ་ ༢༠ ཅན་གྱི་ Kimin-Potin ཞེས་པའི་རྒྱ་ལམ་དང་ཨ་རུ་ནཱ་ཅལ་ཁུལ་གྱི་རྒྱ་ལམ་ ༩ དེ་བཞིན་ལ་དྭགས་དང་ཇཱམུ་ཀཤྨིར་བཅས་སུ་རྒྱ་ལམ་རེ་རེ་བཅས་ཁྱོན་རྒྱ་ལམ་བཅུ་གཉིས་དྲ་ཐོག་བརྒྱུད་དབུ་འབྱེད་གནང་ཡོད་པ་རེད། རྒྱ་ལམ་དེ་དག་ Border Road Organisation ཞེས་པའི་ཚོགས་པའི་ལས་འཆར་འོག་གསར་རྒྱག་གནང་བ་ཞིག་དང་ལས་འཆར་དེ་རྒྱ་གར་གྱི་ Act East Policy ཞེས་པའི་སྲིད་བྱུས་ཀྱི་ཆ་ཤས་དང་ལས་གཞི་དེ་སྤྱི་ཡོངས་ས་མཚམས་ས་ཁུལ་ཡར་རྒྱས་གོང་མཐོའི་ཐད་ཆེད་དམིགས་གནང་བ་ཞིག་རེད་འདུག སྤྱིར་རྒྱ་དཀར་ནག་གཉིས་བར་འདས་པའི་དུས་ཡུན་ནས་འཕགས་བོད་གཉིས་ཀྱི་ས་མཚམས་དང་འབྲེལ་རྙོག་གླེང་མི་ཉུང་བ་བྱུང་ཡོད་པ་དང་། བདེ་སྲུང་བློན་ཆེན་མཆོག་གིས་མཛད་སྒོར་འདས་ལོར་ལ་དྭགས་གྷལ་ཝན་ལུང་གཤོང་གི་དོན་རྐྱེན་ཁྲོད་དམག་མི་ ༢༠ འདས་གྲོངས་སུ་ཕྱིན་པ་ཚོར་མྱ་ངན་རྗེས་དྲན་ཞུས་པ་དང་སྦྲགས་ཏེ་རྒྱ་གར་ནི་ཞི་བདེ་ལ་དགའ་མོས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཀྱང་དྲག་པོའི་བཙན་རྒོལ་ལ་གདོང་ལེན་བྱེད་རྒྱུ་ནི་བློ་རྩེ་གཅིག་སྒྲིམ་ངང་གནས་ཡོད་པ་གསུངས་འདུག གཞི་རྩའི་མཛད་སྒོ་དེའི་སྐབས་བདེ་སྲུང་བློན་ཆེན་མཆོག་གིས་གཙོས་རྒྱ་གར་གྱི་རྩེད་རིགས་བློན་ཆེན་སྐུ་ཞབས་ Kiren Rijiju མཆོག དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག ཨཱ་སམ་གྱི་སྤྱི་ཁྱབ་བློན་ཆེན་ Himanta Biswa Sarma མཆོག་སོགས་ལྷན་འཛོམས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།