Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ལ་གདོང་ལེན་ཆེད་ཨ་སྒོར་ཐེར་འབུམ་ ༣༥༠ དངུལ་རྩིས་འདོན་སྤེལ།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ནང་དུ། གྲོས་ཚོགས་གོང་མའིོ་དམངས་གཙོ་ཚོགས་པའི་ངོས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་གྲོས་མཐུན་ཐོག    ཨ་སྒོར་ཐེར་འབུམ་ ༣༥༠ ལྷག་གི་དངུལ་རྩིས་གཏན་འབེབས་ཀྱི་ཁྲིམས་འཆར་བཏོན་འདུགLEADS Act ཞེས་པའི་ཁྲིམས་འཆར་འདི་ནི་ཨ་རིའི་ནིའུ་ཡོག་གི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Chuck Schumer དང་new Jersey འི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Bob Menendez གཉིས་ཀྱི་མཉམ་འབྲེལ་ཐོག་འདོན་སྤེལ་གནང་བ་ཞིག་ཡིན་པ་དང་། ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་ཚད་དམའ་ཤོས་སུ་སླེབས་པའི་ཁྲོད་འདིར་ད་རེས་ཀྱི་ཁྲིམས་འཆར་འདི་ལྟ་བུ་ཞིག་འདོན་སྤེལ་བརྒྱུད་ནས། མ་འོངས་པར་ཨ་རིའི་སྲིད་འཛིན་ཆབ་སྲིད་ཚོགས་པ་གང་ནས་སླེབས་ཀྱང་། རྒྱ་ནག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྟན་བརླིང་དང་ཨ་རིའི་མངོན་འདོད་ལ་ཉེན་ཁ་ལྟ་བུར་གྱུར་ཡོད་པའི་གཅིག་གྱུར་གྱི་ངོས་འཛིན་ཐོག    རྒྱ་ནག་ལ་ཚོགས་པ་དབྱེར་མེད་ཀྱིས་མཉམ་འབྲེལ་ཐོག་ཁ་གཏད་གཅོག་རྒྱུའི་རྣམ་པ་ཞིག་མཚོན་གྱི་ཡོད་པ་རེད་འདུག

གཞི་རྩའི་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་དམངས་ཚོགས་པའི་ངོས་ནས་ཀྱང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་ལ་གདོང་ལེན་གྱིས་དེ་ལྟ་བུའི་ཁྲིམས་འཆར་བཏོན་ཡོད་པ་རེད། མང་གཙོ་ཚོགས་པས་ཐེངས་འདིར་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་དངུལ་རྩིས་བཏོན་པ་དེ་ནི་ཨ་རིའི་ཁུལ་དུ་རྒྱ་ནག་གི་ཤེས་ཡོན་དང་ཤན་ཤུགས་འགོག་ཐབས་ལ་དམིགས་པ་མ་ཟད། ཨ་རིའི་ནང་གི་སྨན་སྤྲོད་ཀྱི་ལམ་ལུགས་ལ་རོགས་འདེགས་བྱས་པ་ཡིན་སྐོར་འགྲེལ་བརྗོད་ཀྱིས་སྤྱི་ཡོངས་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཆེད་དུ་ཡིན་པར་མངོན་གསལ་གནང་ཡོད་པ་ལྟར། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་དམངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Risch  ལགས་ཀྱིས་ཁྲིམས་འཆར་དེར་དགའ་བསུ་ཞུས་པ་དང་འབྲེལ། དེ་ནི་ཨ་རིའི་ཆབ་སྲིད་ཚོགས་པའི་གནད་དོན་ཞིག་མིན་པར། ཨ་རི་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད། དམངས་གཙོ་ཚོགས་པའི་ཁྲིམས་འཆར་དང་སྤྱི་དམངས་ཚོགས་པའི་ཁྲིམས་འཆར་གཉིས་མཉམ་དུ་བསྒྲིལ་ཏེ། ཁྲིམས་འཆར་གཅིག་གི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས་འདུག

ཡང་དེའི་བར་ན་གསར་ལམ་ཁག་ཏུ་འབྲེལ་ཡོད་གནས་ཚུལ་གཞན་ཞིག་ཐོན་པ་ལྟར་ན། ཁ་སང་ཚེས་ ༡༧ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ Tom Cotton ལགས་ཀྱིས་རྒྱ་ནག་གི་ཚོང་དོན་དང་འབྲེལ་བའི་གྲོས་འཆར་གསར་བ་ཞིག་འདོན་སྤེལ་གྱིས་།  ཨ་རིའི་ངོས་ནས་དེ་སྔ་རྒྱ་ནག་ལ་ most favored nation ཞེས་ཚོང་འབྲེལ་ཡག་ཤོས་བྱེད་སའི་རྒྱལ་ཁབ་ཀྱི་གནས་བབ་སྤྲད་པ་དེ་ཕྱིར་བསྡུ་བྱ་རྒྱུར་རེ་སྐུལ་བྱས་འདུགསྐུ་ཞབས་ Tom Cotton ལགས་ཀྱིས་ཁྲིམས་འཆར་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ། མི་ལོ་ཉི་ཤུའི་སྔོན་གྱི་དེ་རིང་གི་བདུན་ཕྲག་འདིའི་ནང་དུ། ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ལ་ཨ་རིའི་ཚོང་གྲོགས་ཡག་ཤོས་ཀྱི་གནས་བབ་ཀྱི་ལེགས་སྐྱེས་ཤིག་སྤྲད་ཡོད་པར་ལུང་འདྲེན་གྱིས།  གནོད་ཚབས་ཆེ་བའི་ཐག་གཅོད་དེ་ཡིས་ཨ་རིའི་མི་སེར་ས་ཡ་མང་པོའི་ལས་ཀ་ཤོར་བའི་ཉེན་ཚབས་ཀྱི་ཁྲོད་ནས་རྒྱ་ནག་དམར་ཤོག་ཚོགས་པ་ཕྱུག་པོ་བཟོས་ཡོད་པར་བརྗོད་དེ། ད་ཆ་ཨ་རིས་རང་རྒྱལ་གྱི་མི་སེར་གྱི་ངལ་རྩོད་བ་མང་པོར་སྲུང་སྐྱོབ་ཀྱིས་རྒྱ་ནག་ཨ་རིའི་དགའ་མོས་ཆེ་བའི་ཚོང་གྲོགས་ཡིན་པའི་གྲོས་མཐུན་དེ་ཕྱིར་འཐེན་བྱེད་རྒྱུའི་དུས་ལ་བབ་ཡོད་ཅེས་གསུངས་འདུག

ཁྲིམས་འཆར་དེའི་ནང་དུ་རྒྱ་ནག་གྱི་དམིགས་བསལ་གནས་བབ་དེ་ཕྱིར་བསྡུ་དགོས་པའི་རྒྱུ་མཚན་ཁྲོད། རྒྱ་ནག་གི་ནང་དུ་ངལ་རྩོལ་བསྒྱུར་བཀོད། དེ་བཞིན་སློབ་གསོ་བཅོས་བསྒྱུར་ཁང་ཟེར་བའི་བཙོན་ཁང་རྩ་འཛུགས། གཞན་ཡང་སྦྲུམ་མ་བཙན་དབང་གིས་བྱིས་པ་མངལ་ནས་འདོན་པ།  བཙོན་པ་རྣམས་ཀྱི་ཀློ་མཆིན་སོགས་ཀྱི་ནང་ཁྲོད་ཀྱི་དོན་ལྔ་རྐུ་འཁྱེར་གྱི་གནད་དོན།  དེ་བཞིན་ཆོས་ལུགས་དད་མོས་ལ་སྡང་འཛིན་དང་ཕྱི་ཕྱོགས་ཀྱི་རྣམ་དཔྱོད་ཀྱི་ཐོན་དངོས་སྐུལ་འཁྱེར་སོགས་ཀྱི་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་མང་པོ་ཞིག་ཀྱང་ལུང་འདྲེན་གནང་འདུག

རྩ་བའི་ཨ་རིའི་ངོས་ནས་ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་ལ་ཚོང་འབྲེལ་ཡག་ཤོས་བྱེད་སའི་རྒྱལ་ཁབ་ཀྱི་གནས་བབ་དེ་གཏན་འཇགས་ཐོག་ཕུལ་ཡོད་པ་དང་། གནས་བབ་དེའི་འོག་རྒྱ་ནག་ལ་ཨ་རིའི་ནང་ཚོང་འབྲེལ་བྱ་སྐབས་ཁྲལ་བསྡུ་སོགས་ཀྱི་ཐད་དམིགས་བསལ་ཆག་ཡང་ཐོབ་ཀྱི་ཡོད་པ་དང། གལ་ཏེ་ཐེངས་འདིའི་ཁྲིམས་འཆར་དེ་གཏན་འབེབས་ཐུབ་པ་ཡིན་ན། རྒྱ་ནག་ངོས་ནས་དམིགས་བསལ་གནས་བབ་དེ་མུ་མཐུད་འཛིན་བཞིན་ཡོད་ཀྱང་། དེར་ཨ་རིའི་སྲིད་འཛིན་ངོས་ནས་ལོ་ལྟར་བསྐྱར་ཞིབ་གནང་དགོས་ཀྱི་་ཡོད་པ་མ་ཟད། སྲིད་འཛིན་གྱིས་དེའི་ཐོག་ཐག་གཅོད་ཅི་འདྲ་ཞིག་གནང་ཡང་མཐའ་མའི་དབང་ཆ་གྲོས་ཚོགས་ཀྱི་ལག་ཏུ་ཡོད་པར་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།