Tibetan Royal Year of 2151 | Year of the Wood Dragon

ཨ་རིས་ཧོང་ཀོང་ཁུལ་གྱི་རྒྱ་ནག་གི་དཔོན་རིགས་བཞི་ཡི་འགྲོ་སྐྱོད་ལ་བཀག་སྡོམ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་དྲུང་ཆེ། སྐུ་ཞབས་ Mike Pompeo ལགས་ཀྱིས རྒྱ་ནག་གིས་འདི་ལོར་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་གཏན་འབེབས་ཀྱིས་ལག་བསྟར་གནང་བ་དང་འབྲེལ་ནས། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་དཔོན་རིགས་བཞི་ཨ་རིའི་ནང་དུ་འགྲུལ་སྐྱོད་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པ་མ་ཟད། མི་བཞི་བོ་དེ་དག་ལ་ཨ་རི་དང་འབྲེལ་བའི་ཁེ་ཕན་རིགས་ཡོངས་སུ་བཀག་འགོག་བྱེད་རྒྱུ་ཡིན་པར་ཕྱིར་བསྒྲགས་གནང་འདུག ཐེངས་འདིར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཀག་སྡོམ་བྱས་པའི་རྒྱ་རིགས་དེ་དག་ནི། ཧོང་ཀོང་གི་འགན་འཛིན་གཞོན་པ། Deng Zhonghua ་དང་། ཧོང་ཀོང་ནང་གི་དམག་དཔོན་གཞོན་པ། Edwina Lau དེ་བཞིན་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཟེར་བ་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས། Li Jiangzhou དང་Li Kwai-wah བཅས་ཨ་རིའི་ནང་དུ་འགྲུལ་སྐྱོད་བྱེད་རྒྱུར་བཀག་འགོག་བྱས་འདུགཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐེངས་འདིའི་ཀོང་ཧོང་གི་གནད་དོན་དང་འབྲེལ་བའི་རྒྱ་རིགས་ཀྱི་དཔོན་རིགས་བཀག་སྡོམ་གྱི་གནད་དོན་དེ་ནི་ཨ་རིའི་ངོས་ནས་རྒྱ་ནག་གིས་དཔོན་རིགས་རྣམས་ཀྱིས་ཧོང་ཀོང་མི་མང་གི་རང་དབང་དང་རང་སྐྱོང་གི་ཐོབ་ཐང་འཕྲོག་མཁན་རྣམས་ཀྱི་བྱ་སྤྱོད་ལ་འགན་ལེན་བྱེད་ཐབས་ཤིག་ཡིན་པར་ཕྱིར་བསྒྲགས་བྱས་ཡོད་ནའང་། དེ་རིང་སྔ་དྲོ་ཧོང་ཀོང་གི་འཛིན་སྐྱོང་གི་གཙོ་འཛིན། Matthew Cheung ཟེར་བས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཨ་རིའི་བྱེད་སྟངས་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་མ་ཟད། དེ་ནི་གཏུམ་སྤྱོད་རང་བཞིན་གྱི་ཐེ་ཇུས་ཤིག་རེད་ཅེས་བསྒྲགས་འདུགགཞི་རྩའི་ཨ་རིའི་སྲིད་གཞུང་གིས། ཉེ་སྔོན་ཟླ་བ་བརྒྱད་པའི་ནང་དུ་ཡང་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ལག་བསྟར་བྱས་པ་དང་འབྲེལ་ནས། ཧོང་ཀོང་གི་སྤྱི་ཁྱབ་པ་ Carrie Lam གྱི་གཙོ་བྱས་པའི་ཆེས་མཐོའི་དཔོན་རིགས་ཁག་ཅིག་ལ་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་ལྟར། དེ་རིང་སླར་ཡང་ཧོང་ཀོང་ཁུལ་གྱི་དཔོན་རིགས་བཞི་ལ་བཀག་སྡོམ་གྱི་ཉེས་ཆད་བཅད་པ་དེ་ནི་ཨ་རིའི་སྲིད་འཛིན་གསར་བ་སྐུ་ཞབས་ཇཱོ་བྷ་ཊན་ལགས་སུ་འོས་འགྲན་གྱི་རྒྱལ་ཁ་ཐོབ་པའི་རྗེས་སུ་ཀོང་ཧོང་ནང་གི་རྒྱ་རིགས་ཀྱི་དཔོན་རིགས་ལ་ཉེས་ཆད་བཅད་པའི་གནད་དོན་དང་པོ་དེ་ཆགས་ཡོད་པ་རེད།

གཞན་ཡང་དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོནཔ་ལྟར་ན། ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་ College Board ཞེས་པའི་ཁེ་མེད་ཀྱི་ཤེས་ཡོན་ལྟེ་གནས་ཁང་གིས་རྒྱ་ནག་གི་གཞུང་འབྲེལ་གྱི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་རྒྱུ་ཡིན་པ་ཡོངས་གྲངས་གནང་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི། ལྕམ་སྐུ Marsha Blackburn ལགས་ཀྱིས་དེ་རིང་ College Board ཤེས་ཡོན་ལྟེ་གནས་ཁང་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་གནང་བའི་ནང་དུ། རྒྱ་ནག་གིས་ཕྱི་ལོ་ ༢༠༠༦ ནས་ཕྱི་ལོ་ ༢༠༢༠ བར་དུ་ཤེས་ཡོན་ལྟེ་གནས་ཁང་དེར་མ་དངུལ་ཆེད་གཏོང་གིས་ཨ་རིའི་ཤེས་ཡོན་ལྟེ་གནས་ཁང་ཁག་གི་ནང་དུ་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱེད་དུ་བཅུག་ཡོད་སྐོར་ཕྱིར་བསྒྲགས་ཀྱིས། ད་ནས་བཟུང་ཤེས་ཡོན་ལྟེ་གནས་ཁང་དེས་རྒྱ་ནག་དང་ལག་འབྲེལ་བྱེད་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་པར་མངོན་གསལ་གནང་འདུག
གཞི་རྩའི་ལྟེ་གནས་ཁང་དེའི་རྒྱ་ནག་དང་འབྲེལ་ལམ་མཚམས་འཇོག་རྒྱུའི་ཐག་གཅོད་དེ་ནི་ཟླ་བ་སྔོན་མའི་ཚེས་ ༢༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Marsha Blackburn ལགས་ཀྱི་གཙོ་བྱས་པའི་གྲོས་ཚོགས་འཐུས་མི་དྲུག་གིས་མཉམ་འབྲེལ་གྱིས་ལྟེ་གནས་ཁང་དེའི་གཙོ་འཛིན་སྐུ་ཞབས་ David Coleman ལགས་སུ་ཕྱག་ཡིག་ཅིག་ཕུལ་ཏེ། ལྟེ་གནས་ཁང་དེར་རྒྱ་ནག་གིས་དཔལ་འབྱོར་མཐུན་འགྱུར་སྤྲོད་སྟངས་གསལ་བོར་བཟོ་དགོས་བའི་སྐུལ་མ་བཏང་བ་བཞིན། གཙོ་འཛིན་ལགས་ཀྱིས་ཟླ་བ་བཅུ་བའི་ཚེས་ ༣༠ ཉིན་ཕྱག་ཡིག་དེར་ལན་འདེབས་ཕུལ་བའི་ནང་དུ་རྒྱ་ནག་གིས་ལོ་ངོ་བཅུ་བཞིའི་རིང་ལ་ཨ་རིའི་ཤེས་ཡོན་ལྟེ་གནས་ཁང་ཁག་ཏུ་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱེད་ཐབས་ཀྱི་མ་དངུལ་ཆེད་གཏོང་བྱས་ཡོད་པ་ཁས་ལེན་གྱིས། ད་ལོ་ནས་བཟུང་ལྟེ་གནས་ཁང་དེས་རྒྱ་ནག་དང་འབྲེལ་ཐག་གཅོད་རྒྱུ་ཡིན་པ་ཕྱིར་བསྒྲགས་གནང་བ་ཞིག་རེད་འདུག

གཞི་རྩའི་ཉེ་སྔོན་ཨ་རིའི་ནང་གི་ཆེད་མཁས་ལྷན་ཚོགས་ཤིག་གིས་སྙན་ཐོ་བཏོན་པའི་ནང་དུ། College Board ཞེས་པ་དེ་ནི་རྒྱ་ནག་གིས་དྲིལ་བསྒྲགས་ཀྱི་རིགས་ཁྱབ་སྤེལ་བྱེད་སའི་དམིགས་འབེན་གཙོ་བོ་ཞིག་ཡིན་པ་དང་། ལྟེ་གནས་ཁང་དེའི་ངོས་ནས་ཨ་རིའི་ནང་གི་རྒྱ་རིགས་རྣམས་ཨ་རིའི་ཤེས་ཡོན་ལྟེ་གནས་ཁང་གང་སར་་ཆེད་མངགས་ཀྱིས་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱེད་བཞིན་ཡོད་པར་སྐྱོན་བརྗོད་གནང་ཡོད་པར་འཁོད་ཡོད་པ་དང་། དེ་བཞིན་འདི་ལོའི་ཟླ་བ་ ༨ པའི་ཚེས ༡༣ ཉིན་ཨ་རིའི་ནང་དུ་རྒྱ་ནག་གི་བཀོད་ཇུས་རང་བཞིན་གྱི་ཉེས་དོན་གྱི་རིགས་ཡོང་གི་ཡོད་པར་མངོན་གསལ་གྱིས། ཨ་རིའི་ཤེས་ཡོན་ལྟེ་གནས་ཁང་རྣམས་ཀྱིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་བའི་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།