Tibetan Royal Year of 2151 | Year of the Wood Dragon

ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་བོད་ཀྱི་ཆུ་བོ་རྣམས་སྲུང་སྐྱོབ་བྱ་རྒྱུའི་དུས་ལ་བབ་ཡོད་པ་ནན་བརྗོད།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

དེ་རིང་ཕྱི་ཟླ་༣ཚེས་༢༢ ཏེ་འཛམ་གླིང་ས་ཕྱོགས་ཀུན་ལ་ཆུའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་བོད་ཀྱི་ཆུ་བོ་སྲུང་སྐྱོབ་དགོས་པའི་མཚནw1་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད།

དེའང་བོད་ཀྱི་བེུད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་བཅས་ཟུང་སྦྲེལ་གྱིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་གནང་སོw4ང་།

དེའི་ནང་དགོས་འདུན་དོན་ཚན་ཁག་ཅིག་གསལ་བཏོན་གནང་དོན་ལ།  བོད་དེ་ནི་ཨེ་ཤེ་ཡའི་ཆུ་རྒྱུན་ཁག་གི་བྱུང་ཁུངས་གཙོ་བོ་དེ་ཆགས་ཡོད་ཀྱང་། རྒྱ་གཞུང་གིས་ད་བར་ཡར་ཀླུང་གཙང་པོ་གཙོས་པའི་བོད་ཀྱི་ཆུ་བོ་ཁ་འབབ་ཆེ་ཁག་བཞི་གཙོས་པའི་ཆུ་རྒྱུན་ཆེ་ཁག་སྟེང་ཆུ་རགས་གང་བྱུང་རྒྱབ་པ་དང་གཏེར་ཁ་བསྔོག་བཏོན་བྱས་པ། ལྷག་དོན་ཆུ་བོ་ཁ་བསྒྱུw4ར་སོགས་ཀྱི་ལས་གཞི་མང་དག་སྤེལ་བཞིན་ཡོད་སྟབས། མང་ཚོགས་ས་ཡ་མང་པོའི་འཚོ་རྟེན་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད་པར་སྐྱོན་བརྗོད་དང་སྦྲགས།  རྒྱ་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་དགོས་པ། ལས་གཞི་དེ་དག་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་རྟོག་ཞིབ་མི་སྣ་ཆེད་གཏོང་བྱ་དགོས་པ། དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར་དང་བྷང་ལ་དེ་ཤ། འབྲུག བལ་ཡུལ་སོགས་ཟུང་སྦྲེལ་གྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་བཅས་ཀྱི་དགོས་འདུན་ཁག་ཅིག་གསལ་བཏོན་གནང་འདུག

རྩ་བའི་ད་རེས་བཞུགས་སྒར་མེག་གྷན་ཁུལ་དུ་མཚན་རྟགས་བསྡུ་རུབ་གནང་པའི་ཞུ་སྙན་དེ་རིང་མིན་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་མཚན་ཐོག་ལ་ཕུལ་རྒྱུ་ཡིན་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།