Tibetan Royal Year of 2151 | Year of the Wood Dragon

ཉི་མ་ལྷ་མོ་ལགས་དབུ་བཞུགས་ཐོག་རྒྱལ་ཚོགས་སུ་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

ཟླ་ ༩ ཚེས་ ༡༣ ཉིན་ནས་དབུ་འཛུགས་ཀྱིས་སུད་སིའི་གྲོང་ཁྱེར་ Geneva ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་སྐབས་ ༣༣ ཚོགས་བཞིན་པ་དང་བསྟུན། ཁ་སང་ཚེས་ ༡༩ ཉིན་འཇར་མ་ནི་Germany ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ Society for Threatened Peoples ཞེས་པས་གོ་སྒྲིག་འོག་རྒྱལ་ཚོགས་ཀྱི་ཡན་ལག་ཚོགས་ཁང་ཨང་ ༢༧ ནང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་ལྷ་མོ་ལགས་དང་ཡུ་གུར་མང་གཙོའི་ལས་འགུལ་བ་ Dolkun Isa ལགས་རྣམ་གཉིས་ལྷན་ཞུགས་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག

སྐབས་དེར་ཉི་མ་ལྷ་མོ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་དངོས་ཡོད་གནས་ཚུལ་ཁག་འཛམ་གླིང་མང་ཚོགས་ལ་བདེན་པ་ར་སྤྲོད་ཡོང་ཆེད་ངལ་བ་དུ་མ་བརྒྱུད་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་སྐོར་ངོ་སྤྲོད་དང་སྦྲགས། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༢ ལོར་འཛིན་བཟུང་གིས་བཙན་ཁྲིད་བྱས་པ་ནས་ཟུང་སྟེ་བརྩོན་ཁང་ནང་ལ་ལོ་ངོ་ ༡༣ ཙམ་རིང་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྗེས་མཐར་སྔ་ལོ་ ༢༠༡༥ ལོའོ་ཟླ་ ༧ ཚེས་ ༡༢ ཉིན་བཙོན་ཁང་ནང་མ་ཉེས་ཁ་གཡོག་འོག་སྐུ་བཀྲོངས་པའི་གནས་ཚུལ་ཁག་མངོན་བཏོན་གྱིས་གསལ་བཤད་གནང་འདུག

གཞན་ཡང་སྐབས་དེར་ཡུ་གུར་མང་གཙོའི་ལས་འགུལ་བ་ Dolkun Isa ལགས་ནས་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་ཡུ་གུར་དང་བོད་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་ལ་གཏམ་བཤད་གནང་འདུག་པ་མ་ཟད། རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་སྐབས་དེར་ཉན་ཞིབ་ཀྱི་ལས་རིམ་ཐོག་ཕེབས་པའི་རྒྱལ་སྤྱའི་རྒྱལ་ཁབ་ཁག་གི་སྐུ་ཚབ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ལ་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་འཇིགས་སྐུལ་རིང་ལུགས་པར་བརྗོད་ནས་མ་ཉེས་ཁ་གཡོག་འོག་སྐུ་བཀྲོངས་པའི་གནད་དོན་ལ་ཁྲིམས་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་ཞིག་ཐུབ་རྒྱུར་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག

རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ལྕམ་ Melanie Blondelle ལགས་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ Helsinki foundation for Human Right ཞེས་པའི་སྐུ་ཚབ་ཀྱི་མཚན་གནས་ཐོག་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་སྐོར་སྤེལ་བའི་བསྒྲགས་གཏམ་ཞིག་ཀྱང་སྒྲོག་སྦྱང་གནང་འདུག

བསྒྲགས་གཏམ་དེའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་གཞུང་གིས་མུ་མཐུད་བོད་ཀྱི་དགོcseaq6fweaanosvན་སྡེ་དང་སློབ་གྲྭ་ཁག་ཏུ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བཞིན་པ་དང་། བོད་མིའི་བླ་ན་མེད་པའི་དབུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་བཞིན་པ། དེ་བཞིན་ཆོས་གྲྭཁག་ཏུ་ཉེན་རྟོག་ལས་ཁུངས་ཆེད་འཛུགས་ཀྱིས་གྲྭ་བཙུན་རྣམ་པའི་ཆོས་དད་དང་འདུ་འཛོམས་སོགས་ཀྱི་རང་དབང་ལ་དོ་ཕོག་གཏོང་བཞིན་པ་མ་ཟད། ལྷག་དོན་ས་གནས་བོད་མི་ཆོས་མཇལ་དུ་འགྲོ་མཁན་རྣམས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་སོགས་ལ་ངེས་པར་དུ་དོ་སྣང་གནང་གལ་ཆེ་བ་ཡིན་སྐོར་གསུངས་འདུག

ཚོགས་པའི་དེའི་ངོས་ནས་ཉེ་དུས་སུ་རྒྱ་གཞུང་གིས་བོད་སེར་རྟ་བླ་རུང་སྒར་གྱི་དགོན་པའི་གྲྭ་ཤག་ཁག་གཏོར་བཤིག་གཏོང་བཞིན་ཡོད་སྟབས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཞིག་ཁུལ་དེར་གནས་གཟིགས་སུ་ཕེབས་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པའི་ཞུ་འབོད་ཡང་གནང་འདུག

རྩ་བའི་སུད་སི་ནང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ཚོགས་བཞིན་པ་དང་བསྟུན། རིམ་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རྒྱལ་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་། མནར་གཅོད་འགོག་པའི་ཚོགས་ཆུང་སོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ལྷན་ཁང་དང་ཚོགས་ཆུང་ཁག་གི་སྐུ་ཚབ་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་གསལ་བཤད་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།