Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2022

རེས་གཟའ་སྤེན་པ། ༢༠༢༢།༡༢།༡༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་བགྲང་བྱ་ ༣༣ འཁོར་བའི་དུས་སྟོན་སྲུང་བརྩི། རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུས་པ། ཨ་རིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་རྒྱ་ནག་གི་དཔོན་རིགས་གཉིས་ལ་སྲིད་དོན་ཉེས་ཆད་བཏང་བ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དང་འོས་བསྡུའི་རྒྱལ་ཁ་ལོན་མཁན་ཚོས་བོད་མིར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས། རྒྱ་ནག་ནང་ཤོག་དཀར་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་གནང་བ། Saturday 10/12/2022 Tibetans commemorate 33rd anniversary of conferment of Nobel Peace Prize on Dalai Lama Tibetans mark Human Rights Day with protest rally in front of UN US imposes sanctions on Chinese officials over severe human rights abuse in Tibet Indian leaders pledge support for Tibet, BTSM holds signature campaign: New Delhi Tibetans in South India hold solidarity campaign for China’s White Paper Revolution

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དང་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་ཚོས་བོད་མིར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་བགྲང་བྱ་ ༣༣ འཁོར་བའི་དུས་སྟོན་དང་འབྲེལ་ཏེ་བོད་མིའི་གནས་ཡུལ་ས་གནས་གང་སར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར།  དེ་རིང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭའི་ཐང་སྟེང་གི་མཛད་སྒོ་ཐོག་སྐུ་མགྲོན་གྱི་གཙོ་བོར་ས་གནས་ཀྱི་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Parlad Singh Sawnhe མཆོག་དང་ཉེ་ཆར་གྲོང་སྡེ་ལས་ཁུངས་ཀྱི་འོས་བསྡུའི་འགྲན་རྩོད་ནང་རྒྱལ་ཁ་ཐོབ་མཁན་ AamAadmi ཆབ་སྲིད་ཚོགས་པའི་འཐུས་མི་བཅས་ཆེད་ཕེབས་དང་སྦྲགས་ཏེ་མ་འོངས་པར་ས་གནས་ཀྱི་བོད་མི་ཚོར་ཉེར་མཁོའི་མཐུན་འགྱུར་ཇི་དགོས་གནང་རྒྱུའི་ཞལ་བཞེས་གནང་སོང་བ་དང་། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གིས་ས་གནས་སུ་ཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་ཡོད།དེ་རིང་སྔ་དྲོ་བོད་སྒར་བསམ་ཡས་གླིང་གི་མཛད་སྒོ་ཚོགས་ཡུལ་བོད་ཁྱིམ་སློབ་གྲྭའི་རྒྱལ་སྒོའི་ཕྱོགས་གཅིག་ཏུ་ BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ལ་རང་དབང་དགོས་པའི་དྲིལ་བསྒྲགས་ཀྱི་སྦྱར་ཡིག་ཆེན་པོ་ཞིག་སྦྱར་ཡོད་པའི་སྟེང་མང་ཚོགས་ཀྱི་ཚན་རྟགས་བསྡུ་རུབ་གནང་བཞིན་འདུག་པ་ལྟར། ཚོགས་པ་དེའི་ས་གནས་ཀྱི་ཚོགས་གཙོ་ Sunil Garg མཆོག་གིས་དེ་རིང་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་གྱི་ཉིན་མོ་འདི་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་དང་སྟབས་ཁེལ་ཡོད་སྟབས་ཚོགས་པའི་ངོས་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་དང་བོད་མི་ཚོར་གཞི་རྩའི་མིའི་རང་དབང་སྤྲོད་དགོས་པའི་དགོས་འདུན་འཁོད་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ས་གནས་གང་སར་སྤེལ་བཞིན་ཡོད་པ་དང་། མཚན་རྟགས་བསྡུ་རུབ་གནང་བ་དེ་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕུལ་ཏེ་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་བོད་དོན་ཐད་འབྲེལ་ཡོད་ཚོར་གནོན་ཤུགས་སྤྲོད་ཐབས་ཀྱི་ལས་འགུལ་ཞིག་ཡིན་སྐོར་འགྲེལ་རྗོད་གནང་སོང་། མཛད་སྒོ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་དུས་སྟོན་དང་འབྲེལ་བའི་གསུང་བཤད་དེ་སྡི་ལི་དོན་གཅོད་ཀྱི་སྐུ་ཚབ་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་གཉིས་ཀྱིས་སྒྲོག་སྦྱང་གནང་ཡོད་པ་དང་། དེ་བཞིན་ས་གནས་ཀྱི་གྲོས་ཚོགས་ཚོགས་མི་ Parlad Singh Sawnhe མཆོག་གིས་དབུས་པའི་ཉེ་ཆར་གྲོང་སྡེ་ལས་ཁུངས་ཀྱི་འོས་བསྡུ་ནང་རྒྱལ་ཁ་ཐོབ་མཁན་  AamAadmi ཆབ་སྲིད་ཚོགས་པའི་ ChandniChowk དང་  Civil Lines ས་ཁུལ་གཉིས་ཀྱི་འཐུས་མི་ Punardeep Singh Sawhne ལགས་དང་ Vikas Tank ལགས་གཉིས་ཆེད་ཕེབས་ཡོད་པ་བཞིན་སྐུ་ཞབས་ Parlad Singh Sawnhe ལགས་དང་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་མི་རྣམ་གཉིས་ཀྱིས་བོད་མི་ཚོས་འོས་བསྡུའི་སྐབས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་དང་མ་འོངས་པར་ས་གནས་ཀྱི་བོད་མི་ཚོར་ཉེར་མཁོའི་མཐུན་འགྱུར་ཇི་དགོས་གནང་རྒྱུའི་ཞལ་བཞེས་གནང་ཡོད།གཞན་ཡང་སྐུ་མགྲོན་དུ་ BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ PunkajGoyal ལགས་དང་། BTSS ཚོགས་པའི་རྒྱ་གར་བྱང་ཕྱོགས་ཀྱི་ཚོགས་གཙོ་དང་དྲུང་ཆེའི་དབུས་པའི་མང་ཚོགས་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་འདུ་འཛོམས་གནང་འདུགལྡི་ལི་བོད་ཁྱིམ་སློབ་ཕྲུག་དང་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མང་ཚོགས་ལ་དུས་སྟོན་དང་འབྲེལ་བའི་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་གཟིགས་འབུལ་ཞུས་ཡོད་པ་རེད།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་རྒྱ་ནག་གི་དཔོན་རིགས་གཉིས་ལ་སྲིད་དོན་ཉེས་ཆད་བཏང་འདུག

ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ Wu Yingjie དང་། ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་ Zhang Hongbo གཉིས་ལ་སྲིད་དོན་ཉེས་ཆད་བཏང་འདུག ཨ་རིའི་ Department of Treasury ཞེས་ནོར་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་སྔ་ནུབ་སྟེ་ཁ་སང་ཕྱི་ཚེས་ ༩ ཉིན་བསྒྲགས་གཏམ་ཞིག་སྤེལ་བར་རྒྱལ་ཁབ་གྲངས་ ༩ ནང་གི་ཚོགས་སྒེར་ ༤༠ ལྷག་ལ་སྲིད་དོན་ཉེས་ཆད་བཏང་ཡོད་པའི་ཁྲོད་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་དུ་བོད་རང་སྐྱོང་ལྗོངས་གི་དམར་ཤོག་དྲུང་ཆེ་བྱས་མྱོང་མཁན་ Wu Yingjie དང་། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་རང་སྐྱོངས་ལྗོངས་ཀྱི་ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་བྱེད་མུས་ཡིན་པ་ Zhang Hongbo གཉིས་ཀྱི་མིང་མངོན་གསལ་གནང་བ་དང་ཆབས་ཅིག དཔོན་རིགས་གཉིས་པོའི་ཨ་རི་ནང་ཡོད་པའི་རྒྱུ་དངོས་དང་དངུལ་དངོས་སྤྲོད་ལེན་གྱི་ལས་དོན་ཡོངས་རྫོགས་བཀག་སྡོམ་གནང་འདུགཨ་རི་གཞུང་གི་སྒྲགས་གཏམ་ནང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ལས་དོན་ལ་ཁག་དཀྲི་བྱས་ཏེ་གཞིས་བཞུགས་བོད་མི་རྣམས་ལ་བཙན་ཤེད་བཀག་སྐྱིལ་དང་ཁྲིམས་མཐུན་མེད་པར་དམར་གསོད་བཏང་བ། དེ་བཞིན་བཙན་གཡེམ། ཆོས་དད་རང་མོས་རྡོག་རོལ་སོགས་ཀྱི་གནད་དོན་འབྱུང་བཞིན་ཡོད་པར་མ་ཟད་ལྷག་པར་དུ་སྲིད་དོན་ཉེས་ཆད་ཕོག་མཁན་བོད་རང་སྐྱོང་ལྗོངས་ཀྱི་དམག་ཤོག་དྲུང་ཆེ་ཟུར་པ་ Wu Yingjie སྐབས་སུ་བོད་མི་རྣམས་ལ་བཙན་དབང་གི་ཐོག་ནས་སྐྱེ་སྒོ་འགོག་ཐབས་དང་། མངལ་དབྱུང་གི་སྲིད་བྱུས་ལག་བསྟར་བྱས་པ་མ་ཚད་པར་ཆབ་སྲིད་དང་ཆོས་དད་རང་དབང་རྡོག་རོལ་གྱིས་དམ་བསྒྲགས་སྔར་ལྷག་བྱས་རྐྱེན་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པའི་གནད་དོན་དངོས་ར་འཕྲོད་གནང་འདུགཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཁ་སང་གསར་འགོད་ལྷན་ཚོགས་ཐོག ཨ་རི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ལ་བཏང་བའི་སྲིད་དོན་ཉེས་ཆད་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་མང་ཚོགས་ལ་དྲག་གནོན་དང་ཁྲིམས་འགལ་སྒོ་ནས་མི་སྣ་གང་བྱུང་འཛིན་བྱས་པ་སོགས་ཀྱི་ལས་དོན་རིགས་འཕྲལ་མར་མཚམས་འཇོག་ཡོང་ཕྱིར་ཡིན་པར་གསུངས་འདུག སྤྱིར་ཨ་རི་གཞུང་གིས་ཉེ་བའི་ལོ་ཤས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོ་གནང་ཡོད། དེ་སྔ་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་ལས་ཡུན་རིང་ཤིན་ཅང་གི་དམར་ཤོག་དྲུང་ཆེ་དང་ཧོང་ཀོང་གི་སྤྱི་ཁྱབ་པ་གཙོས་རྒྱ་ནག་གི་དཔོན་རིགས་མང་དག་ཅིག་ལ་སྲིད་དོན་ཉེས་ཆད་བཏང་ཡོད་པ་དང་། ཐེངས་འདིའི་སྲིད་དོན་ཉེས་ཆད་གསལ་བསྒྲགས་ཀྱི་དུས་ཚིགས་དེའང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱིས་རྒྱལ་སྤྱིའི་ཉིན་མོ་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་གནང་བ་ཞིག་ཆགས་ཡོད། རྒྱ་ནག་གི་འགོ་ཁྲིད་དེ་དག་གཉིས་པོ་དང་ལྷན་རྒྱ་ནག་གི་ཉ་འཛིན་ཚོང་ལས་ཁང་ཁག་གཅིག་ཡོད་པར་མ་ཟད། ཨུ་རུ་སུ་དང་ཨི་རན། བྱང་ཀོ་རི་ཡ་སོགས་ཀྱི་རྒྱལ་ཁབ་གཞན་ཁག་གཅིག་ཀྱང་ཡོད་པ་རེད་འདུག ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གི་དྲག་སྤྱོད་འགོག་རྒོལ་ཚན་པའི་དྲུང་གཞོན་སྐུ་ཞབས་ Brian S.Nelson ལགས་ཀྱིས་ལྐོག་ས་རུལ་སུངས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོས་ཁྲིམས་འགལ་གྱི་ལས་དོན་བྱེད་ཕྱོགས་ལ་རྒྱལ་སྤྱིའི་ཁྲོད་ནས་ལྟ་ཞིབ་ནན་པོ་མ་གནང་བར་འཐུས་ཤོར་སོང་ཡོད་སྐོར་གསུངས་པ་དང་འབྲེལ། དེ་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ཀྱི་གནད་དོན་ཐེར་འདོན་གནང་སྟེ་ལས་དོན་དེ་དག་མཚམས་འཇོག་ཐུབ་པར་དགེ་མཚན་ལྡན་ཡོད་ཅེས་གསུངས་འདུག གཞི་རྩའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༡༢ ཚེས་ ༩ ཉིན་ལྐོག་ས་རུལ་སུངས་འགོག་རྒོལ་གྱི་ཉིན་མོ་གཏན་འབེབས་དང་། ཕྱི་ལོ་ ༡༩༤༨ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་གི་ཉི་མོ་ཞེས་གཏན་འབེབས་གནང་ཡོད་སྟབས་རྒྱལ་སྤྱིས་དེ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

བོད་ཀྱི་ལོ་རྒྱུས་ཤེས་པ་བྱས་ཏེ་བོད་ཀྱི་འཐབ་རྩོད་ཐོག་བེད་སྤྱོད་གཏོང་དགོས་ཞེས་གསུངས་ཡོད།

ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པ་ཚོུད་ ༡༡ ཐོག་ཨི་ཊ་ལིར་རྟེན་གཞི་བྱས་པའི་ AREF ཚོགས་པ་དང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་སྦྲེལ་གྱི་གོ་སྒྲིག་འོག་བོད་ཀྱི་འགྲེམས་སྟོན་ཁང་དུ་ The Space of Memories ཞེས་དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་དབུ་འབྱེད་གནང་སོང་།དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཨི་ཊ་ལིར་རྟེན་གཞི་བྱས་པའི་ AREF ཚོགས་པའི་ཚོགས་གཙོ་ལྕམ་ Marillia Bellaterra ལགས། བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་ཞུགས་གནང་ཡོད།དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་ནི་དྷ་སྟེང་བོད་ཕྲུག་ཁྱམ་སྡེའི་སློབ་ཕྲུག་ཁག་གཅིག་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བྱམས་པ་གླིང་རྒས་གསོ་ཁང་གི་རྒན་རབས་ཁག་གཅིག་ལ་དེ་སྔ་བོད་ནང་བཞུགས་པའི་སྐབས་ཀྱི་ཚོར་བ་དང་ཕྱིས་སུ་བཙན་བྱོལ་ནང་དུ་ཕེབས་འབྱོར་རྗེས་དཀའ་སྡུག་གང་དང་གང་མྱོངས་པ་སོགས་དང་འབྲེལ་བའི་བཅར་འདྲི་ཞུས་པ་རྣམས་བརྙན་པར་གྱི་ལམ་ནས་འགྲེམས་སྟོན་གནང་བ་ཞིག་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་དེ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་འབྲེལ། བོད་པའི་མི་རབས་གཞོན་པ་རྣམས་ནས་རང་མི་རིགས་ཀྱི་ལོ་རྒྱུས་དེ་དག་ངེས་པར་དུ་ཤེས་རྟོགས་དགོས་པ་དང་། ལྷག་དོན་ལོ་རྒྱུས་ངེས་པ་བྱས་ཏེ་སོ་སོའི་རྒྱུན་ལྡན་གྱི་བོད་ཀྱི་འཐབ་རྩོད་ཐོག་བེད་སྤྱོད་གཏོང་དགོས་ཞེས་གསུངས་ཡོད།བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་འགྲེམས་སྟོན་འདིའི་ཐོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་ངེས་པར་དུ་ཉིན་ཐོ་བྲིས་དགོས་པའི་འབོད་སྐུལ་དང་འབྲེལ། མ་འོངས་པར་དྲན་ཐོ་དེ་དག་གིས་བོད་མིའི་ལོ་རྒྱུས་དག་ཐེར་ལ་རམས་འདེགས་ཞུ་དགོས་གལ་ཡིན་པ་སོགས་གསུངས་ཡོད། རྩ་བའི་དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཨི་ཊ་ལིར་རྟེན་གཞི་བྱས་པའི་ Aref International Onlus ཚོགས་པའི་ཚོགས་གཙོ་ལྕམ་ Marillia Bellaterra ལགས་ཀྱིས་ལས་གཞི་དེ་བརྩམས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་ནང་ཡོད་པའི་བོད་མིའི་མི་རབས་རྒན་པ་རྣམས་ཀྱི་ལོ་རྒྱུས་མཁོ་སྒྲུབ་གནང་སྟེ་བོད་རིགས་གཞོན་སྐྱེས་རྣམས་ལ་དེ་འབྲེལ་གོ་རྟོགས་སྤེལ་ཏེ་མི་རབས་རྒན་གཞོན་དབར་གྱི་འབྲེལ་ལམ་གོང་འཕེལ་གནང་བ་ཙམ་དུ་མ་ཟད། བོད་དོན་འཐབ་རྩོད་ལའང་སྨན་ཕྱིར་ཡིན་སྐོར་གསུངས་སོང་།

རེས་གཟའ་པ་སངས། ༢༠༢༢།༡༢།༠༩

ཉན་པ།: Listen ཕབ་ལེན། Download སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི་སྐོར་གྱི་ཚོགས་ཆེན་དབུ་འཛུགས། དགའ་ལྡན་ཁྲི་ཐོག་ ༡༠༢ རི་རྫོང་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ད་ལྟ་ཐུགས་དམ་ལ་བཞུགས་མུས། ཕ་རན་སིར་བོད་ཕྲུག་ཉི་ཤུ་ཐོག་མར་འབྱོར་ནས་ལོ་དྲུག་ཅུ་འཁོར་བར་སྲུང་བརྩི། ཨ་རིས་རྒྱ་ནག་དང་ཨུ་རུ་སུར་ཁྲིམས་དོན་ཉེས་ཆད་འགེལ་རྒྱུ་རེད་འདུག དྲན་པའི་ཡུལ་གྱི་འགྲེམས་སྟོན་དབུ་འབྱེད་གནང་བ། Friday 09/12/2022 SEE Learning conference commences in Dharamshala 102nd Gaden Tripa Rizong Rinpoche passes away French senate commemorates 60th anniversary of arrival of 20 Tibetan children to France US to levy fresh sanctions against China and Russia The space of memories: an exhibition on Tibetan elders opens at Tibet Museum

སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི་སྐོར་གྱི་ཚོགས་ཆེན་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨༌༣༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་ཉེ་འདབས་སུ་གསར་བསྐྲུན་གནང་བའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ SEE Learning ཞེས་སཱི་ཤེས་ཡོན་དང་འབྲེལ་བའི་འགྲོ་བ་མིའི་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི་སྐོར་གྱི་ཚོགས་ཆེན་དབུ་འཛུགས་གནང་སོང་།སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཆ་བཟང་སྤྱོད་ཀྱི་བསླབ་གཞིར་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་པར་དགའ་བསུའི་འཚམས་འདྲི་མཛད་པ་དང་འབྲེལ། སྤྱིར་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།    དེ་རིང་དབུ་འཛུགས་གནང་བའི་ཚོགས་ཆེན་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་སཱི་ཤེས་ཡོན་སློབ་གསོའི་ཐོག་ཐུགས་འགན་གཙོ་བཞེས་གནང་མཁན་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་དང་ཏཱ་ལའི་བླ་མ་དགེ་རྩ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།དབུ་འབྱེད་མཛད་སྒོ་ཐོག་ཨེ་མོ་རི་གཙུག་ལག་སློབ་ཁང་གི་ཚོགས་གཙོ་སྐུ་ཞབས་ Gregory Louis Fenves ལགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Bob Goddard ལགས། མཐོ་སློབ་ཀྱི་འགན་འཛིན་སྐུ་ཞབས་ Ravi V. Bellamkonda ལགས། དེ་བཞིན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་བྱམས་བརྩེ་བསྟི་གནས་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་དང་། སཱི་ཤེས་ཡོན་སློབ་གསོ་ཕྱག་བསྟར་གནང་སའི་རྒྱལ་སྤྱིའི་ཡུལ་གྲུ་འདྲི་མིན་གྱི་ཆེད་ལས་པ་དང་དགེ་རྒན། སློབ་ཕྲུག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་འབྲེལ་ཡོད་ལས་བྱེད་སོགས་ནས་ལྷན་ཞུགས་གནང་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལ་ཡིད་ཆེས་ཡོད་མེད་ལ་ལྟོས་མེད་ང་ཚོ་གང་ཟག་སྒེར་དང་ནང་མི། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་སེམས་པ་བཟང་པོ་བྱ་རྒྱུ་ནི་ཆེས་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་པ་དང་། སེམས་པ་བཟང་པོ་བྱ་རྒྱུ་དེ་ནི་རང་གཞན་ཀུན་ལ་ཕན་ཐོགས་བསྐྲུན་རྒྱུའི་ནང་སེམས་ཀྱི་རྒྱུ་ངོ་མ་དེ་རེད་ཅེས་བཀའ་སྩལ་ཡོད།  མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་ནང་གི་གཞི་རིམ་གོང་མའི་སློབ་མ་རྣམས་ལ་སློབ་ཁྲིད་གནང་རྒྱུའི་སྰི་ཤེས་ཡོན་སློན་གསོའི་བསླབ་གཞི་དབུ་འབྱེད་དང་སྦྲགས། ལས་གཞི་ཐོག་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་། ལྷག་པར་དུ་ད་ཆ་སཱི་ཤེས་ཡོན་སློབ་གསོ་དང་ནང་སེམས་ཀྱི་བདེ་སྐྱིད་ཐོག་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་པར་དགའ་བསུའི་འཚམས་འདྲི་སྩལ་བ་དང་འབྲེལ། ང་ཚོའི་སྤྱི་ཚོགས་བདེ་སྐྱིད་དང་འཛམ་གླིང་ཞི་བདེ་ལྡན་པ་བསྐྲུན་རྒྱུ་ཞེས་པ་འདི་ནི་གང་ཟང་རེ་གཉིས་ཁོ་ནའི་འོས་འགན་ཙམ་མིན་པར་ང་ཚོ་ཐུན་མོང་གི་འགན་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།   སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་ཕེབས་པའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་གྱི་སློབ་མ་ཁག་གཅིག་ནས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་བ་དང་འབྲེལ། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་སྟབས། བདེ་བ་དང་བདེ་སྐྱིད་ཀྱི་རྩ་བ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པས་དེའི་ཐོག་ཉམས་བཞེས་རྒྱ་གང་ཆེ་གནང་དགོས་པ་སོགས་བཀའ་སྩལ་སོང་། ཨེ་མོ་རི་གཙུག་ལག་སློབ་ཁང་གི་ཚོགས་གཙོ་སྐུ་ཞབས་ Gregory Louis Fenves ལགས་ཀྱིས་ཨེ་མོ་རི་གཙུག་ལག་སློབ་ཁང་དང་སཱི་ཤེས་ཡོན་སློབ་གསོའི་དབར་གྱི་འབྲེལ་བ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བཟང་སྤྱོད་སྐོར་ལ་བཀའ་སློབ་ལམ་སྟོན་སྩལ་ཁག་དྲན་གསོ་ཞུས་པ་དང་ཆབས་ཅིག། མགོན་པོ་༸གང་ཉིད་མཆོག་གིས་ད་བར་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་འཛམ་གླིང་ཞི་བདེ་བསྐྲུན་ཕྱིར་ཚད་མེད་བསྐྱོན་གནང་མཛད་ཡོད་པར་བཀའ་དྲིན་བླ་མེད་ཆེ་ཞེས་ཐུགས་ཆེ་ལེགས་འབུལ་ཞུས་ཡོད།གཞི་རྩའི་སཱི་ཤེས་ཡོན་དང་འབྲེལ་བའི་འགྲོ་བ་མིའི་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི་སྐོར་གྱི་ཚོགས་ཆེན་འདི་ནི་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་ཀྱི་ཡོད་པ་དང་། ལྷན་ཚོགས་སྐབས་གཙོ་བོ་དེ་སྔ་སྤྱི་ལོ་ ༢༠༡༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སཱི་ཤེས་ཡོན་སློན་གསོ་དང་འབྲེལ་བའི་བསླབ་གཞི་ཐོག་མར་དབུ་འབྱེད་མཛད་པ་ནས་བཟུང་ད་བར་ཕྱག་བསྟར་གནང་པའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་བ་རྗེས་རེས་དང་། མ་འོངས་ལས་འཆར་སོགས་ཀྱི་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

དགའ་ལྡན་ཁྲི་ཐོག་ ༡༠༢ རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ཐུགས་དམ་ལ་བཞུགས་མུས།

དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེ་མཆོག་ཁ་སང་ཕྱི་ཟླ་ ༡༢ ཚེས་ ༨ ཉིན་རྒྱ་གར་གྱི་དགོང་མོ་ཆུ་ཚོད་ ༩༌༡༥ སྟེང་༸དཔལ་ལྡན་འབྲས་སྤུངས་རི་རྫོང་བླ་བྲང་དུ་དགུང་གྲངས་ ༩༦ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་པ་དང་། ད་ལྟའི་ཆར་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་མུས་རེད་འདུགདགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་གི་གསོལ་དཔོན་དགེ་བཤེས་ཀུན་བཟང་ལགས་ཀྱིས་འདི་གར་འགྲེལ་བརྗོད་གནང་དོན་ལྟར་ན། བདུན་ཕྲག་ཁ་ཤས་གོང་ལ་རིན་པོ་ཆེ་མཆོག་གི་ཞབས་ཏོག་ཙམ་བདེ་མིན་མ་གཏོགས་དེ་མིན་ཛ་དྲག་སྙུང་གཞི་རིགས་གང་ཡང་བཞེས་མེད་ཀྱང་། ཁ་སང་དགོང་མོ་ཆུ་ཚོད་ ༩༌༡༥ སྟེང་༸དཔལ་ལྡན་འབྲས་སྤུངས་རི་རྫོང་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་པ་དང་། ད་ལྟའི་ཆར་༸དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཀླུ་འཁྱིལ་ཁང་ཚན་དུ་ཐུགས་དམ་ལ་བཞུགས་མུས་ཡིན་པར་གསུངས་སོང་།ཁྲི་ཟུར་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གནས་ཚུལ་ཐོན་འཕྲལ། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཚོགས་ཆེན་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་སྐབས། མགོན་པོ་༸གང་ཉིད་མཆོག་གིས་ཁྲི་ཟུར་རིན་པོ་ཆེ་མཆོག་གི་དྲུང་ནས་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ཀུན་དང་། རྩ་ཤེས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་དང་ཚིག་གསལ་གཉིས་ཀྱི་ལུང་བཅས་གཞུང་ཆེན་དེ་དག་གི་ལུང་གི་རྒྱུན་གསན་བཞེས་མཛད་མྱོང་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག ཞི་ལྷག་ཟུང་འབྲེལ་གྱི་ལྟ་བར་བསམ་བློ་མང་ཙམ་གཏོང་དགོས་པ་དང་ཁྱད་པར་དུ་སྟོང་པ་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དགོས་གལ་ཡིན་པར་བཀའ་སྩལ་སོང་།གསོལ་དཔོན་དགེ་བཤེས་ཀུན་བཟང་ལགས་ཀྱིས་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ནས་བཟུང་སྐུ་གདུང་ཞུགས་འབུལ་མ་གནང་བར་རིན་པོ་ཆེ་༸གང་ཉིད་མཆོག་གི་ས་ལམ་གྱི་བར་ཆད་མེད་པར་དགོངས་པ་གེགས་མེད་རྫོགས་ཏེ་རླབས་ཆེན་བསྟན་འགྲོའི་བཞེད་དོན་མཐའ་དག་འགྲུབ་སླད་དུ། དགེ་ལྡན་པའི་ཕྱག་སྲོལ་དང་འབྲེལ་ནས་ལེགས་བཤད་སྙིང་པོ་དང་མངོན་རྟོགས་རྒྱན། དབུ་མ་འཇུག་པ་གཙོས་རྩ་བ་ལྔ་རེ་མོས་གསུང་འདོན་གནང་བཞིན་ཡོད་ཅེས་གསུངས་སོང་།ལྷག་པར་དུ་དགེ་བཤེས་ལགས་ཀྱིས་རིན་པོ་ཆེ་མཆོག་༸འཚོ་ཞིང་གཞེས་པའི༸སྐབས་ཉིན་ཞག་ཕྲུགས་གཅིག་གི་ནང་གཙོ་བོ་ངེས་འབྱུང་དང་བྱང་སེམས། ཡང་དག་པའི་ལྟ་བ་བཅས་གསུམ་པོར་ཉམས་བཞེས་གནད་ཀྱི་སྙིང་པོར་མཛད་ཀྱི་ཡོད་པར་གསུངས་སོང་།དེ་རིང་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ་ཏེ། དགའ་ལྡན་ཁྲི་ཐོག་ཁང་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གཙོས་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩའི་འཛིན་སྐྱོང་བསྟི་གནས་ཁང་། དེ་བཞིན་འཛམ་གླིང་ཤར་ནུབ་ས་ཕྱོགས་གང་སར་ཡོད་པའི་དགེ་ལྡན་པའི་དགོན་སྡེ་གྲྭ་ཚང་ཁག གཞན་ཡང་མང་ཚོགས་བཅས་ཀྱིས་སྐད་འཕྲིན་དང་ངོ་དེབ། ཨིན་སྚ་གྷརྨ་སོགས་བརྒྱུད་ལམ་སྣ་ཚོགས་ཐོག་བློ་ཕམ་ཆེན་པོ་དང་བཅས། བརྒྱུད་ལམ་ཁག་ཏུ་མཆོད་མེ་དང་མ་ཎི་འཁོར་ལོའི་པར། རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྐུ་པར་སོགས་བཏང་ནས་མྱ་ངན་གྱིས་རྗེས་དྲན་ཞུ་བཞིན་ཡོད་པ་མཇལ་རྒྱུ་འདུགདེ་རིང་ཉིན་རྒྱབ་ཚོུད་ ༢༌༠༠ ཐོག་བཞུགས་སྒར་གངས་ཅན་སྐྱིད་ཤོངས་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་སྲི་ཞུ་བ་ཡོངས་ནས་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་དང་འབྲེལ་ནས་ཉིན་རྒྱབ་ཏུ་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད།གཞི་རྩའི་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རི་རྫོང་སྲས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༢༧ ལོར་ལ་དྭགས་མང་སྤྲོ་ཞེས་པའི་མཁར་སྐུ་འཁྲུངས་པ་དང་། བློ་གླིང་མཁན་རབས་དོན་བདུན་པ་དང་། གྲུབ་པའི་དབང་ཕྱུག་གི་༸སྐུ་ཕྲེང་གསུམ་པ། ལ་དྭགས་ཁུལ་ནས་ཕེབས་པའི་དགའ་ལྡན་ཁྲི་པ་ཆེས་ཐོག་མ་དེ་ཡིན་པ་རེད།རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༤༥ ལོར་དཀའ་ཆེན་ཡེ་ཤེས་དོན་གྲུབ་དང་ལྷན་དུ་བོད་དུ་བསྐྱོད་དེ་དགའ་ལྡན་ཁྲི་ཆེན་གོ་བཞི་པ་ཆེན་པོ་རྗེ་བཙུན་ལྷུན་གྲུབ་བརྩོན་འགྲུས་མཆོག་ནས་ལམ་རིམ་ཆེན་མོ་མཆན་བཞི་སྦྲགས་ཀྱི་དཔེ་ཁྲིད་ཟབ་རྒྱས་གནང་བ་དང་། དེ་བཞིན་འདུལ་བ། རྣམ་འགྲེལ་སོགས་གཞུང་ཆེན་ཁག་ལ་དཔེ་ཁྲིད་ཀྱང་ཞུས་ཞིང༌། སྤྱོད་འཇུག་ཆེན་མོ་རྒྱལ་ཚབ་རྗེའི་རྣམ་བཤད་སྟེང་ནས་བཀྲིན་བསྩལ་བ་སོགས་ལོ་གསུམ་ལྷག་ཙམ་རིང་ཐུགས་བརྩེ་ཆེན་པོས་བསྐྱངས་ཡོད།དེ་བཞིན་ཕྱི་ལོ་ ༡༩༤༩ ལོར་གདན་ས་ཆེན་པོ་༸དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་པ་དང་། ༡༩༧༢ ལོར་ཌལ་ལ་ཧོ་སི་རུ་ལོ་གཅིག་ལྷག་ཙམ་རིང་འདུལ་མཛོད་ཀྱི་རྩོད་སྦྱངས་མཛད་ནས་དགེ་བཤེས་ལྷ་རམས་འཕར་མའི་མཚན་རྟགས་བཞེས། དེ་བཞིན་ྋགོང་ས་མཆོག་གིས་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་ཏེ་ལོ་གཅིག་རིང་བླ་མ་དབུ་མཛད་གནང༌། དེ་ནས་ལོ་གསུམ་རིང་མཁན་པོ་གནང་རྗེས་ཕྱི་ལོ་ ༡༩༩༡ ལོར་ལ་དྭགས་བསམ་གཏན་གླིང་དགོན་དུ་ལོ་གསུམ་ལྷག་ཙམ་རིང་འཇིགས་བྱེད་དཔའ་གཅིག་གི་བསྙེན་ཆེན་དུ་བཞུགས་ཡོད།༡༩༩༥ ཕྱི་ཟླ་ ༨ ཚེས་ ༢ ཉིན་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་རྩེ་ཆོས་རྗེར་བསྐོ་བཞག་གི་ཕྱག་རྟགས་ཕེབས་པ་དང་། དེ་བཞིན་ ༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པའི་ཕྱག་རྟགས་བསྩལ་བ་དང་འབྲེལ། ཕྱི་ཚེས་ ༢༦ ཉིན་དྷ་ས་ནོར་བུ་གླིང་གར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་འཇམ་མགོན་༸རྒྱལ་བ་གཉིས་པའི་ཁྲི་འདོན་གྱི་རྟེན་འབྲེལ་མཛད་སྒོ་བསྐྱངས་ཡོད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཁྲི་ཟུར་རིན་པོ་ཆེ་མཆོག་གི་དྲུང་ནས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཇི་སྙེད་ཅིག་གསན་བཞེས་མཛད་ཅིང་། ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ཀུན་དང་། སྐྱེས་རབས་དང་བྱང་ས་དང་ཚོམས་བཅས་ཀྱི་ལུང་། རྩ་ཤེས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་དང་ཚིག་གསལ་གཉིས་ཀྱི་ལུང་། སེམས་ཅན་མགུ་བར་བྱེད་པའི་བསྟོད་པའི་ལུང་བཅས་གཞུང་ཆེན་དེ་དག་གི་ལུང་གི་རྒྱུན་གསན་བཞེས་མཛད་ཡོད། འབྲེལ་ཡོད་སྐུ་པར་དང་པར་ཁག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་བོད་མིའི་སྒྲིག་འཛུགས་གཙོས་དྲ་རྒྱ་ཁག་ལས་བཏུས།

ཕ་རན་སིར་བོད་ཕྲུག་ཉི་ཤུ་ཐོག་མར་འབྱོར་ནས་ལོ་དྲུག་ཅུ་འཁོར་བར་སྲུང་བརྩི།

ཕ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Jacqueline Eustache-Brinio ལགས་དང་། ཕྱི་ལོ་ ༡༩༦༢ ལོར་ཁུལ་དེར་ཐོག་མར་འབྱོར་མཁན་སྲོང་བཙན་མངོན་དགའི་བོད་ཕྲུག་རྣམ་པའི་གོ་སྒྲིག་འོག་ཁུལ་དའི་ Médicis ཚོགས་ཁང་དུ་ད་ཆ་མི་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག མཛད་སྒོ་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ Annick Billon ལགས་དང་། Joseph Else ལགས། གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ André Gattolin ལགས། བོད་ཕྲུག་ཐོག་མར་ཁྲིད་མཁན་གྲས་ཨོར་ཊོ་ལི་ལགས་ཀྱི་བུ་ Valère Ortoli ལགས། བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། ཕ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས། ཕ་རན་སིར་ཐོག་མར་འབྱོར་མཁན་སྲོང་བཙན་མངོན་དགའི་བོད་ཕྲུག་ད་ཆ་རང་ལོ་ ༦༥ སོན་པའི་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གཙོས་པའི་བོད་མི་བཅུ་གཅིག་མཉམ་ཞུགས་གནང་ཡོད།དུས་དྲན་གྱི་མཛད་སྒོ་ཐོག་བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་ཕ་རན་སིའི་སྐད་ནང་བསྒྱུར་ཏེ་སྒྲོག་སྦྱང་གནང་ཡོད་པ་དང་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ཕ་རན་སིར་ཐོག་མར་འབྱོར་མཁན་གྱི་བོད་ཕྲུག་དེ་དག་ལ་གཟིགས་རྟོག་གནང་མཁན་འབྲེལ་ཡོད་རྣམས་དང་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་སོགས་བཀའ་སྩལ་མཛད་འདུགསྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ད་དུང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གསུངས་པ་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ནས་ཕ་རན་སི་གཞུང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་འབོད་སྐུལ་གནང་རོགས་ཞེས་གཞེན་སྐུལ་གནང་ཡོད།གཞན་ཡང་མཛད་སྒོ་ཁྲོད་སྲོང་བཙན་མངོན་དགའི་སྐུ་ཚབ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད། ཐོག་མ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་འབྱོར་མཛད་མ་ཐག་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་མཛད་པ་ལྟར་སྐབས་དེ་དུས་ཀྱི་ཕ་རན་སིའི་སྲིད་འཛིན་ General de Gaulle མཆོག་གི་རྒྱབ་སྐྱོར་འོག་བོད་ཕྲུག་གྲངས་ཉི་ཤུ་ལེན་རྒྱུའི་ཐག་གཅོད་གནང་སྟེ། ཕྱི་ལོ་ ༡༩༦༢ ལོར་བོད་ཕྲུག་དེ་དག་ཕ་རན་སིར་འབྱོར་བ་དང་ལྷན་ཕ་ཚབ་ཚེ་དབང་ནོར་རྒྱས་ལགས་དང་མ་ཚབ་དམ་པ་སྐལ་ལྡན་ནོར་རྒྱས་ལགས་རྣམ་གཉིས་ཀྱང་བོད་ཕྲུག་དེ་དག་ལ་ལྟ་སྐྱོང་དང་བོད་ཀྱི་སྐད་ཡིག རིག་གཞུང་སོགས་ཀྱི་སློབ་ཁྲིད་གནང་རྒྱུའི་ཆེད་དུ་མངགས་ཏེ་འགན་ཁུར་བཞེས་ཡོད་པ་བཅས་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་བསུབ་ཐབས་བྲལ་བའི་གནད་སྟངས་དང་། ལྷག་པར་དུ་གནད་དོན་དེ་ནི་ཕ་རན་སི་དང་བོད་བར་ལོ་རྒྱུས་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རྣམས་ངོ་སྤྲོད་དང་འབྲེལ། སྐབས་དེ་དུས་ཀྱི་དམག་སྤྱི་སྐུ་ཞབས་ Ortoli ལགས་དང་ཁོང་གི་སྐུ་ཟླ་ལྕམ་ Brynhild Helander ལགས་རྣམ་གཉིས་ནས་ཕྱི་ལོ་ ༡༩༥༩ དང་ ༡༩༦༡ བཅས་སུ་རིམ་པའི་༧བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་སོགས་དང་། བོད་ཕྲུག་དེ་དག་ལ་སྣེ་ལེན་དང་མཐུན་རྐྱེན་འབྱོར་སྤྲོད་སོགས་ཀྱི་འགན་འཁུར་འཐུས་ཚང་བཞེས་པར་བཀའ་དྲིན་རྗེས་དྲན་ཞུས་འདུག མ་ཟད་ཁོང་གིས་དེ་འབྲེལ་གནད་དོན་སྤྱི་དང་ད་ལྟའི་ཆར་བོད་ནང་གི་ཛ་དྲ་གནད་སྟངས་སྐོར་ཁུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ལ་གསལ་བཤད་གནང་འདུགདེ་བཞིན་མཛད་སྒོའི་ཐོག་ཁུལ་དེར་བོད་ཕྲུག་རྣམས་ལ་ལྟ་སྐྱོང་སླད་ཆེད་དུ་མངགས་པ་ད་ཆ་རང་ལོ་ ༩༥ སོན་པའི་ཕ་ཚེ་དབང་ནོར་རྒྱས་ལགས་དྲ་ཐོག་ནས་མཉམ་ཞུགས་གནང་ཡོད་པ་རེད། གཞི་རྩའི་དུས་དྲན་ཐོག་དེ་སྔ་ཁུལ་དེར་ཐོག་མར་འབྱོར་མཁན་གྱི་བོད་མི་ ༡༡ མཉམ་ཞུགས་ཐུབ་ཡོད་པ་དང་། ཁོང་རྣམ་པའི་སྡེ་ཁག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲོང་བཙན་མངོན་དགའ་ཞེས་མཚན་གསོལ་མཛད་པ་ཞིག་རེད་འདུག འབྲེལ་ཡོད་པར་ཁག་གི་བདག་དབང་བོད་མིའི་སྒྲིག་འཛུགས།  

རེས་གཟའ་ཕུར་བུ། ༢༠༢༢།༡༢།༠༨

ཉན་པ།: Listen ཕབ་ལེན། Download རིམས་འགོག་ཅུང་ལྷོད་གཡེང་བཏང་བའི་སྒྲིག་གཞི་གསལ་བསྒྲགས། རྒྱ་ནག་གིས་གཙོ་སྐྱོང་བྱས་པའི་ COP 15 ཐོག་བོད་མི་ནས་ངོ་རྒོལ། གཉན་རིམས་ཀླད་ཀོར་གྱི་ངོ་རྒོལ་བར་རོགས་འདེགས་བྱེད་མཁན་གྱི་ཁྲིམས་རྩོད་པར་འདྲི་རྩད། སཱི་ཤེས་ཡོན་སློབ་གསོ་དང་ Emory གཙུག་ལག་སློབ་ཁང་། འཕྲོད་བསྟེན་ལས་རིམ། ཁྲག་གི་ཚད་གཞི་དང་དེ་འབྲེལ་ན་ཚ། Thursday 08/12/2022 China announces covid rules to ease lockdown COP15: Tibetan Protesters take to Montreal street against China’s environmental destruction in Tibet China targets lawyer helping anti-lockdown protesters See Learning and Emory University Health and Wellness: Blood function and blood disorder  

Latest news