Tibetan Royal Year of 2151 | Year of the Wood Dragon

རྒྱལ་མོ་ Elizabeth གཉིས་པའི་སྐུ་ཕུང་ཞུགས་འབུལ་ཐོག་ཞི་ཅིན་ཕིང་ལ་མགྲོན་བརྡ་གནང་བར་སྐྱོན་བརྗོད་དང་གྲོས་ཚོགས་ཀྱིས་བཀག་སྡོམ་གནང་བ།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

དབྱིན་ཡུལ་གྱི་ཞིང་གཤེགས་རྒྱལ་མོ་ Elizabeth གཉིས་པ་མཆོག་སྐུ་ཕུང་བཞག་ཡུལ་ Westminster ཚོགས་ཁང་ནང་རྒྱ་ནག་གཞུང་ཚབ་པ་བསྐྱོད་རྒྱུར་བཀག་སྡོམ་གནང་བ་དེ་ལྟར་ཡང་། ཞིང་གཤེགས་རྒྱལ་མོའི་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོ་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་མགྲོན་བརྡ་གནང་བར་བོད་དོན་རྒྱབ་སྐྱོར་ཚོགས་པས་སྐྱོན་བརྗོད་གནང་འདུགདབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Freetibet ཞེས་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་དང་ཡུ་གུར་མི་རིགས་རྩ་མེད་བཏང་བ། དེ་བཞིན་ཧོ་ཀོང་གི་མང་གཙོར་བརྩི་མེད་རྡོལ་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ལྟོས་མེད་དབྱིན་ཡུལ་གྱི་ཞིང་གཤེགས་རྒྱལ་མོ་ Elizabeth གཉིས་པ་མཆོག་གི་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་མགྲོན་བརྡ་གནང་བ་ནི་ཉམ་ང་བའི་བློ་ཆུང་བྱབ་ཆུང་གི་ལས་དོན་ཞིག་ཡིན་པ་སྐྱོན་བརྗོད་གནང་འདུག་པར་མ་ཟད། དབྱིན་ཡུལ་གྲོས་ཚོགས་ཀྱིས་ཞིང་གཤེགས་རྒྱལ་མོའི་སྐུ་ཕུང་བཞག་སར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་བསྐྱོད་མི་ཆོག་པར་འགྲེལ་བརྗོད་གནང་འདུགཞིང་གཤེགས་རྒྱལ་མོའི་སྐུ་ཕུང་བཞག་ས་ Westminster ཚོགས་ཁང་ནང་གནད་ཡོད་མི་སྣས་མྱ་ངན་གུས་འདུད་ཞུ་ཕྱིར་ཕེབས་ཀྱི་ཡོད་ཀྱང་། དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་  Lindsay Hoyle ལགས་ཀྱིས་རྒྱ་ནག་གཞུང་གི་སྐུ་ཚབ་མི་སྣ་རྣམས་དེར་མྱ་ངན་གུས་འདུད་ཞུ་ཕྱིར་བཅར་འཐུས་ཀྱི་གནད་དོན་ཐད་ཞལ་བཞེས་གནང་མེད་སྐོར་ལས་རོགས་གྲོས་ཚོགས་འཐུས་མི་རྣམས་ལ་འགྲེལ་བརྗོད་གནང་འདུག་པ་མ་ཟད། དེ་སྔ་རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་ཉེས་ཆད་བཀེལ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་དེ་སྔ་དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ Zheng Zeguang དབྱིན་ཇིའི་གྲོས་ཚོགས་ནང་ཡོང་མི་ཆོག་པ་བཟོས་པའི་བཀས་བཅད་པ་དེ་དུས་ད་ལྟའང་རང་སོར་གནས་ཡོད་སྟབས། ང་ཚོའི་ལས་དོན་གཉེར་ས་དང་ཞིང་གཤེགས་རྒྱལ་མོའི་སྐུ་ཕུང་ལ་མྱ་ངན་གུས་འདུད་ཞུ་རྒྱུ་ནི་འོས་འཚམས་ཤིག་མིན་པར་འགྲེལ་བརྗོད་གནང་འདུག

དེ་བཞིན་བོད་རང་དབང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Sam Walton ལགས་ཀྱིས་དབྱིན་ཡུལ་གཞུང་གིས་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོ་ཐོག་མངོན་གསལ་དོད་པོའི་ཐོག་ནས་སྐུ་མགྲོན་ཆེས་དང་པོའམ་གཙོ་བོ་དེ་རྒྱལ་པོའི་ཕོ་བྲང་དང་ལྷན་དུ་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བློ་མཐུན་གྱི་མཛའ་གྲོགས་ཡིན་པ་དང་། རྒྱལ་པོ་ Charles གསུམ་པ་མཆོག་དང་ཧ་ཅང་བློ་ཐག་ཉེ་བོ་ཡོད་པ། ལྷག་པར་དུ་རྒྱ་པོ་ Charles གསུམ་པ་ནི་མཛའ་གྲོགས་ཡག་ཤོས་ཤིག་ཡིན་པར་བཀའ་སྩལ་མཛད་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་དགོས་པ་དང་། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡིན་དགོས་ཀྱང་། ཐེངས་འདིའི་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོ་ཐོག་བོད་མིའི་སྐུ་ཚབ་མཚོན་པའི་མི་སྣ་གཅིག་རྐྱང་མེད་པའི་གནས་སྟངས་ཤིག་གྱུར་ཡོད་པ་འགྲེལ་བརྗོད་གནང་འདུགཚོགས་པའི་སྤྱི་ཁྱབ་འགན་འཛིན་ Sam Walton ལགས་ཀྱིས་དབྱིན་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་བྱ་སྤྱོད་དེ་ནི་རྒྱལ་པོའི་ཕོ་བྲང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབར་དུས་ཡུན་རིང་པོ་ནས་འབྲེལ་ལམ་བཟང་པོ་ཡོད་པ་དེ་ཟུར་བཞག་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནད་དོན་རྣམས་ཟུར་བཞག་བྱས་ཏེ་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་ཆེད་དམིགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་དགའི་སྤྲེལ་ལད་བྱས་པ་ཞིག་ཡིན་སྟབས་ཕྱི་སྲིད་ལས་ཁུངས་ནས་སླར་འགལ་འཛོལ་བྱུང་བར་བཅོས་རྒྱུའི་དུས་ཚོད་ཡོད་སྐོར་གསུངས་ཡོད།

བོད་རང་དབང་ཚོགས་པས་ད་དུང་ལོ་སྔོན་མའི་ནང་དབྱིན་ཡུལགྱི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ནི་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལ་ངོས་འཛིན་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནས་ཀྱང་སྲིད་བྱུས་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྩ་ཁྲིམས་ཀྱི་འབྲུ་དོན་དང་ཡོངས་འགལ་ཞིག་ཡིན་པར་ངོས་འཛིན་གནང་ཡོད་པ་ལུང་འདྲེན་དང་སྦྲགས། དབྱིན་ཡུལ་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གཞུང་ལ་ཕུལ་བའི་ཐེངས་འདིའི་མགྲོན་བརྡ་དང་འབྲེལ་ནས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྒན་གྲས་ཁག་གཅིག་གིས་མགྲོན་བརྡ་ཕྱིར་འཐེན་གནང་དགོས་སྐོར་གསུངས་ཡོད་པ་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།