Tibetan Royal Year of 2151 | Year of the Wood Dragon

NDTV དང་བརྙན་འཕྲིན་གྱི་འཁྲབ་སྟོན་པ་རྣམས་ལ་དྭགས་སུ་ལས་དོན་གཉེར་བར་བཀག་སྡོམ་གནང་རྒྱུའི་གྲོས་ཆོད།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཁ་སང་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ལ་དྭགས་ཀྱི་རྒྱལ་ས་གླེའི་ནང་ཉིན་གྲངས་གཉིས་རིང་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲིས་རྒྱལ་མཚན་ལགས་དབུས་བཞུགས་ཐོག་ཕྱི་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་གནང་སྐབས་ལ་དྭགས་ཀྱི་ཁུལ་དུ་ NDTV གསར་འགྱུར་ལས་ཁང་གཙོས་ Times of India རྒྱ་གར་གཏམ་བརྗོད་སྒྱུ་རྩལ་བ་རྣམས་ལ་དྭགས་སུ་ལས་དོན་གཉེར་བར་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག

ཁ་ཉིན་ཕྱི་ཚེས་ ༡༧ ཉིན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཁུལ་དེར་གནས་སྡོད་ནང་པ་དང་ཁ་ཆེ། ཡེ་ཤུ ཧིཾ་དུ་སོགས་ཀྱི་ཆོས་བརྒྱུད་འཛིན་པ་མི་མང་ཁྲི་གསུམ་ལྷག་གིས་ངོ་རྒོལ་སྐད་འབོད་གནང་སྐབས་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲིས་རྒྱལལ་མཚན་ལགས་ཀྱིས་ལ་དྭགས་གླེའི་ཁུལ་དུ་འཚོགས་ལ་ཉེ་བའི་ G20 ལྷན་ཚོགས་ཐོག་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་བཀག་སྡོམ་དང་རྒྱ་གར་གྱི་སྒྱུ་རྩལ་བ་ཁག་གཅིག་ལ་དྭགས་སུ་འགྲོ་བར་བཀག་སྡོམ་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་ལྟར། ཁ་སང་ལ་དྭགས་གླེའི་ཁུལ་དུ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་སྐབས་སྡེ་དཔོན་བཀྲིས་རྒྱལ་མཚན་ལགས་ཀྱིས་ཉེ་དུས་༸གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་གྱི་ NDTV བརྒྱུད་ལམ་ནས་༸གང་ཉིད་མཆོག་ལ་ངེས་པར་དུ་དགོངས་སེལ་མ་ཞུས་ཚེ་ G20 ལྷན་ཚོགས་དང་ལ་དྭགས་སུ་ལས་རིམ་གང་འདྲ་ཞིག་གཉེར་ཡང་མཁོ་སྒྲུབ་མི་ཆོག་པ་དང་། སྐུར་འདེབས་ཞུ་མཁན་གྱི་རྒྱ་གར་བརྙན་འཕྲིན་ནང་གི་གཏམ་བརྗོད་འཁྲབ་སྟོན་པ་རྣམས་ལ་དྭགས་སུ་ལས་དོན་གཉེར་བར་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་གྲོས་འཆར་བསྣམས་པར་གྲོས་ཚོགས་འཐུས་མི་ཡོངས་ནས་དགའ་བསུ་ཞུས་འདུག་ལ།  གྲོས་ཆོད་དེ་ལ་དྭགས་ས་གནས་འཛིན་སྐྱོང་དང་རྒྱ་གར་དབུས་གཞུང་བཅས་ལ་འབུལ་ལམ་ཞུས་ཡིན་ཞེས་གསུངས་སོང་།

གྲོས་ཚོགས་འཐུས་མི་ཞིག་གིས་སྐབས་དེར་རྒྱ་གར་ NDTV བརྒྱུད་ལམ་ཙམ་མིན་པར་ Times of India ཡང་འཁོད་དགོས་ཀྱི་འདུག་ཅེས་གསུངས་པ་དང་འབྲེལ། ལ་དྭགས་རི་ལྗོངས་ཡར་རྒྱལ་ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་གི་ Information and Broadcasting བློན་ཆེན་གྱི་མཚན་ཐོག་ཏུའང་ཞུ་སྙན་ཕུལ་དགོས་པར་གསུངས་ཡོད།

དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་རྒྱ་གར་ Hindustan Times གསར་ཁང་གི་མིང་ཐོག་ཏུ་ཁྲིམས་དོན་བཀོད་ཁྱབ་བཏང་བའི་ནང་གསར་ཁང་དེས་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གནས་ཚུལ་གཅོད་འབྲེག་བྱས་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནས་ཚུལ་ལོག་འགྲེལ་བྱས་ཡོད་པར་ Digital Newspaper Publishers Association ཁྲིམས་ཡིག་གསུམ་པ་དང་ལྔ་པ། བདུན་པ། དེབ་བཞིན་བཅུ་པ་བཅས་དང་ཡོངས་སུ་འགལ་བར་མ་ཟད། གསར་འགོད་པའི་ལས་རིགས་ལམ་སྟོན་གྱི་ཁོངས་ནས་གནས་ཚུལ་བརྒྱུད་སྤེལ་མ་གནང་གོང་དུ་རྟོག་ཞིབ་དགོས་པའི་ཁྲིམས་ཡིག་ལྔ་པའི་བཞི་པ་དང་ལྔ་པའི་ལྔ་པ་དང་འགལ་ཡོད་སྟབས། ཉིན་གྲངས་གསུམ་གྱི་ནང་ཚུད་ཁྱབ་སྤེལ་བྱས་པའི་གནས་ཚུལ་ཕྱིར་འཐེན་བྱེད་དགོས་པ་དང་མང་ཚོགས་ལ་དགོངས་སེལ་ཞུ་དགོས་ཞེས་དང་། ཅི་སྟེ་དེ་ལྟར་མ་གནང་ཚེ་རྒྱ་གར་གཞུང་གི་ Press Council ལས་ཁུངས་སུ་ཞུ་གཏུག་གནང་རྒྱུ་གཙོས་བརྒྱུད་ལམ་ཁག་གི་ཁྲིམས་སྒྲིག་ལྟར་དགོས་ངེས་ཅན་གྱི་ཁྲིམས་སྒྲིག་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།