སྤྱི་འཐུས་ཚོགས་གཙོས་སྣེ་ཁྲིད་པའི་རྒྱུན་ལས་ཚོགས་ཆུང་གིས་རྒྱལ་ས་ལྡི་ལིའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་གྱི་སྔོན་རྩིས་གྲོས་ཚོགས་ཚོགས་བཞིན་པའི་གོ་སྐབས་དང་བསྟུན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད།  ཚོགས་གཙོ་མཆོག་གི་སྣེ་ཁྲིད་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོགས་ཆུང་གཉིས་སུ་ཆ་བགོས་ཀྱིས་ཁ་སང་ནས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དེ་དངོས་སུ་དབུ་འཛུགས་གནང་ཡོད་པ་མ་ཟད།  ཁ་སང་ཉིནགཅིག་གི་རིང་ཚོགས་ཆུང་གཉིས་ཀྱི་ངོས་ནས་རྒྱ་གར་གྱི་མངའ་སྡེ་དང་ས་གནས་བཅས་ཀྱི་གྲོས་ཚོགས་ཚོགས་མི་དང་གནད་ཡོད་མི་སྣ་བཅས་པ་མི་གྲངས་བཅུ་ཙམ་ཞིག་མཇལ་འཕྲད་གནང་ཐུབ་པ་བྱུང་འདུག

TPiE Advocacy
Photo: Tibet.Net

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འགྲེལ་བརྗོད་གནང་དོན་བྱས་ན།  ད་རེས་ཀྱི་ལས་འགུལ་དེ་ནི་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་ཆབ་སྲིད་ལས་རིམ་གྱི་ཆ་ཤས་ཤིག་ཡིན་པ་དང་། ལས་རིམ་དེའི་ཐོག་ནས་རྒྱ་གར་གྲོས་ཚོགས་ཚོགས་མི་གསར་རྙིང་དང་།  གནད་ཡོད་མི་སྣ་བཅས་པ་དངོས་སུ་མཇལ་འཕྲད་ཞུས་པའི་བརྒྱུད།   བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་།   བོད་མིའི་ཆོས་དང་རིག་གཞུང་།   བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ངོ་སྤྲོད་བཅས་ཁྱོན་དོན་ཚན་ ༡༢ ཙམ་གྱི་ཞུ་སྐུལ་གནང་གི་ཡོད་པ་མ་ཟད།   ལྷག་པར་དུ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུ་ཚོགས་མི་གསར་པ་གང་མང་བཞུགས་ཐུབ་པའི་ཞུ་སྐུལ་གནང་རྒྱུ་དེ་རེད་ཅེས་གསུངས་ཀྱི་འདུག

TPiE Advocacy
Photo: Tibet.Net

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་དུང་།   རྩ་བའི་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་བོད་དོན་ཐོག་རྒྱབ་སྐྱོར་གང་ཙམ་ཐོབ་ཡོད་ཀྱང་།   ལོ་ངོ་ ༦༥ ལྷག་ཕ་ཡུལ་གཉིས་པ་ལྟ་བུར་རྒྱ་གར་གཞུང་མང་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་པར་བོད་མིའི་ཆོས་དང་རིག་གཞུང་མི་རིགས་ཀྱི་ངོ་བོ་བཅས་མི་ཉམས་རྒྱུན་འཛིན་ཐོག་མཐུན་འགྱུར་གང་འོས་གནང་ཡོད་པ་དེ་བཀྲིན་ཤིན་ཏུ་ཆེན་པོ་ཡིན་པའི་འགྲེལ་བརྗོད་གནང་གི་འདུག

TPiE Advocacy
Photo: Tibet.Net

གཞི་རྩའི་ད་རེས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བོད་དོན་ཞུ་སྐུལ་གྱི་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་དེའི་ནང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་།  སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས།    རྩ་ནེ་ཚང་དོན་གྲུབ་བཀྲིས་ལགས།  དགེ་བཤེས་རྔ་བ་གངས་རི་ལགས།   དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་།   སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་ཁྱོན་མི་གྲངས་བདུན་ཆེད་ཕེབས་གནང་ཡོད་པ་དང་།   ཚོགས་ཆུང་དེའི་ངོས་ནས་ཁ་སང་ཕྱི་ཚེས་ ༥ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༩ བར་ཉིན་གྲངས་ ༥ རིང་མུ་མཐུད་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་མ་ཟད།  སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྩ་བའི་སྤྱི་འཐུས་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་བཅས་ཀྱི་ངོས་ནས་གོ་སྐབས་ནམ་བྱུང་ལ་རྒྱ་གར་གཞུང་མང་ལ་བོད་དོན་ཞུ་སྐུལ་གནང་མུས་ཡིན་ཡང་།   མ་འོངས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བོད་མི་སྒེར་སོ་སོའི་ངོས་ནས་ཀྱང་བོད་དོན་ཞུ་སྐུལ་གནང་རྒྱུ་དེ་གལ་ཆེན་ཡིན་པའི་དྲན་སྐུལ་གནང་འདུག

TPiE Advocacy
Photo: Tibet.Net

འབྲེལ་ཡོད་གསར་གནས།

གསར་གནས།