རྒྱ་གར་མངའ་སྡེ་དྲུག་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གྲུབ་ནས་དེ་རིང་ཝཱ་རཱ་ཎ་སིར་འབྱོར་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

བོད་མི་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་མོན་རྟ་དབང་ནས་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ནས་འདས་པའི་ཉིན་གྲངས་བཞི་བཅུ་ཞེ་ལྔའི་རིང་ལ་ཁོང་གིས་རྒྱ་གར་མངའ་སྡེ་ཁག་དྲུག་ནང་སྐོར་སྐྱོད་ཀྱིས། ཁ་སང་གནས་མཆོག་རྡོ་རྗེ་གདན་དུ་ལས་འགུལ་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་འདུག

Jamyang Tenzin Cycle Rally འཇམ་དབྱངས་བསྟན་འཛིན། རྐང་འཁོར་སྐོར་སྐྱོད།
གནས་མཆོག་རྡོ་རྗེ་གདན་དུ་གསར་འགོད་ལྷན་ཚཽགས་གྲུབ་མཚམས་སུ།

དེ་ཡང་ཕྱི་ཟླ་ ༩ ཚེས་ ༢༧ ཏེ། དེ་སྔ་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ནས་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་ཉིན་མོ་དང་བསྟུན། དྷེ་ར་དྷུན་ཁུལ་དུ་གནས་སྡོད་བོད་མི་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་མོན་རྟ་དབང་༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་ནས་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་དོན་ལྟར། འདས་པའི་ཉིན་གྲངས་བཞི་བཅུ་ཞེ་ལྔའི་རིང་ལ་ཁོང་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་དང་ཨ་སཱམ། འབྲས་ལྗོངས། ནུབ་བྷང་གྷལ། བི་ཧར། ཇྷར་ཁནྜ་བཅས་མངའ་སྡེ་ཁག་དྲུག་གི་ནང་ལས་འགུལ་སྤེལ་ཟིན་པ་ཞིག་དང་། ལས་འགུལ་བ་འཇམ་དབྱངས་ལགས་དེ་རིང་ཝཱ་རཱ་ཎ་སིར་འབྱོར་གྱི་ཡོད་པ་རེད་འདུག

Jamyang Tenzin Cycle Rally འཇམ་དབྱངས་བསྟན་འཛིན། རྐང་འཁོར་སྐོར་སྐྱོད།
གནས་མཆོག་རྡོ་རྗེ་གདན་དུ།

འཇམ་དབྱངས་བསྟན་འཛིན་ལགས་དེ་རིང་གནས་མཆོག་རྡོ་རྗེ་གདན་ནས་ཕེབས་འཐོན་མ་གནང་གོང་སྟེ་ཁ་སང་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་གསར་ཁང་ཁག་གདན་ཞུས་ཐོག་ཁོང་གི་ལས་འགུལ་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་དང་། སྐབས་དེར་ཁོང་གི་ལས་འགུལ་ངོ་སྤྲོད་དང་སྦྲགས་ནས་ས་གནས་གང་དག་ལ་ལས་འགུལ་སྤེལ་བ་ཞིབ་ཕྲ་ངོ་སྤྲོད་གནང་བ་ཙམ་མ་ཟད། གསར་འགོད་པ་དང་ལྷག་པར་ཕྱི་རྒྱལ་མི་སྣ་མང་དག་ཅིག་ལ་དགོས་འདུན་དོན་ཚན་གསུམ་འཁོད་པའི་ཁོང་གི་ལས་འགུལ་དང་འབྲེལ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ཤོག་བྱང་འགྲེམས་སྤེལ་གནང་འདུག་པས། སྐབས་དེར་ཕྱི་རྒྱལ་བ་ཚོས་ཁོང་ལ་དགའ་མོས་ཆེན་པོ་དང་སྦྲགས་ནས་ཁོང་ནི་སེམས་འགུལ་སྤེལ་མཁན་ཞིག་ཡིན་པ་འགྲེལ་བརྗོད་གནང་བ་དང་ཁོང་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་ཞུ་སྐུལ་གནང་འདུག

Jamyang Tenzin Cycle Rally འཇམ་དབྱངས་བསྟན་འཛིན། རྐང་འཁོར་སྐོར་སྐྱོད།
Ranchi སུད་ཚོང་ཁྲོམ་རར་ས་གནས་རྒྱ་གར་གནད་ཡོད་མི་སྣ་དང་ལྷན།

འདི་ག་རླུང་འཕྲིན་ཁང་ནས་བོད་མི་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་སུ་ཐེངས་འདིའི་ཧི་མཱ་ལ་ཡའི་ས་ཁུལ་ཁག་ཏུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དང་འབྲེལ་ནས་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས། ཐེངས་འདིའི་ལས་འགུལ་བརྒྱུད་མི་རེ་ངོ་རེར་བོད་དོན་ངོ་སྤྲོད་དང་ཤོག་ཡིག་འགྲེམས་སྤེལ་བརྒྱུད་བོད་དོན་དྲིལ་བསྒྲགས། དེ་བཞིན་རང་ཉིད་ཀྱི་ལས་འགུལ་དང་འབྲེལ་ནས་ཉིན་ལྟར་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་གནས་ཚུལ་སྤེལ་རྒྱུ་སོགས་ལས་འགུལ་ཧ་ཅང་ཚགས་ཚུད་ངང་འགྲོ་བཞིན་ཡོད་པ་ངོ་སྤྲོད་དང་སྦྲགས། སླེབས་ལ་ཉེ་བའི་ཟླ་བ་ ༡༢ པའི་ཟླ་མཇུག་དང་ཟླ་བ་ ༡ པོའི་ཟླ་འགོར་ལྡི་ལིར་འབྱོར་རྒྱུའི་ཚོད་དཔག་གནང་བཞིན་ཡོད་པ་དང་། ཐེངས་འདིའི་ལས་འགུལ་དེ་བཞིན་རེ་ཞིག་མཇུག་བསྒྲིལ་བའི་རྗེས་སུ་སླར་ཡང་བྱེས་ཀྱི་གདན་ས་སེར་འབྲས་ནས་བྱེད་དེ་རྒྱ་གར་ karnataka དང་ Gujarat དེ་བཞིན་ Rajasthan བཅས་ཀྱི་བརྒྱུད་དེ་བཞུགས་སྒར་གྱི་བར་དུ་རྐང་འཁོར་སྐོར་སྐྱོད་གནང་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་གནང་སོང་།

Jamyang Tenzin Cycle Rally འཇམ་དབྱངས་བསྟན་འཛིན། རྐང་འཁོར་སྐོར་སྐྱོད།
Ranchi སུད་ཚོང་བ་རྣམས་དང་ལྷན།

གཞི་རྩའི་འཇམ་དབྱངས་བསྟན་འཛིན་ལགས་ནས་ད་རེས་ཙམ་མ་ཟད། སྔ་ལོ་ ༢༠༢༣ ཟླ་ ༡༠ པའི་ནང་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་བདེ་སྐྱིད་གླིང་བར་རྐང་འཁོར་སྐོར་སྐྱོད་གནང་ཡོད་པ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ པའི་ནང་བདེ་སྐྱིད་གླིང་བོད་མི་གཞིས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་གི་རྐང་འཁོར་སྐོར་སྐྱོད་གནང་བ་མ་ཟད། ཕྱི་ཟླ ༥ པའི་ཚེས་ ༢༣ ནས་ཕྱི་ཟླ་ ༦ ཚེས་ ༡༧ བར་རྒྱ་གར་བྱང་ཕྱོགས་ལ་དྭགས་མཁར་གདོང་ལ་རྩེ་ནས་རྒྱལ་ས་གླེ་གཙོས་ཧི་མ་ཅལ་གྱི་ཁུ་ནུ་དང་། མ་ན་ལིའི་ཉེ་འཁོར་གྱི་ཧི་མ་ལ་ཡའི་རི་རྒྱུད་ནང་རྐང་འཁོར་སྐོར་སྐྱོད་བརྒྱུད་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

Jamyang Tenzin Cycle Rally འཇམ་དབྱངས་བསྟན་འཛིན། རྐང་འཁོར་སྐོར་སྐྱོད།
ཝ་ར་ན་སིའི་བགྲོད་ལམ་དུ།

འབྲེལ་ཡོད་གསར་གནས།

གསར་གནས།