དཀོན་མཆོག་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཞི་བདེ་བསྐྲུན་དགོས་གལ་ཡིན་པ་བཀའ་སྩལ།

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

དེ་རིང་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་རིགས་དང་སོག་རིགས་གཙོས་པའི་དད་ལྡན་ ༣༦༠ ལྷག་ལ་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དཀོན་མཆོག་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་ཞིག་ཡིན་པས་ཆ་ནས། སྙིང་རྗེ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་ལས་འགན་ཡོད་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

པར་དབང་། OHHDL

དེ་ཡང་དེ་རིང་མཇལ་ཁའི་སྐབས་ཕྱི་རྒྱལ་བ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མི་ལས་གཞན་པའི་དཀོན་མཆོག་དང་གདོན་འདྲེས་རིགས་མེད་ཅེས་པ་དེ་བདེན་པ་ཡིན་མིན་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ལྗགས་ལན་དུ། དཀོན་མཆོག་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ། སྙིང་རྗེ་ལྡན་པ་དང་རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་རྒྱུ་མཚན་ལྡན་པར་བྱས་ཏེ། དྲང་པོ་དང་བདེན་པའི་ཐོག་ནས་གཞན་ལ་ཕན་ཐོགས་སྒྲུབ་དགོས་ཤིང་། ལྷག་པར་འཛམ་གླིང་འདི་བཞིན་བདེ་སྐྱིད་དང་ཞི་བདེ་ལྡན་པར་བཟོ་དགོས་རྒྱུ་ལས་འགན་ཡོད་པ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

དེ་བཞིན་དེ་རིང་མཇལ་ཁའི་ཁྲོད་སོག་པོ་ ༡༣༡ ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གིས་མཚན་ཞབས་པ་ཚོགས་ཉིད་དངོས་གྲུབ་ལགས་སོག་པོ་ནས་ཡིན་པ་དང་མཁས་པ་ཆེན་པོ་རེད་ཅེས་བཀའ་སྩལ་འདུག དེ་བཞིན་སོག་པོ་ Ulanbathar ཨུ་ལན་བྷ་ཐར་ནང་དུ་ནཱ་ལེནྜ་གཙུག་སློབ་གྲྭ་ཞིག་བཞེངས་ཀྱི་ཡོད་སྐོར་སྙན་སེང་ཞུས་འདུག་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་ཀྱི་ཆོས་ནི་ཁ་འདོན་དང་སྨོན་ལམ། དེ་བཞིན་དད་པ་གཅིག་པུས་འདང་ངེས་ཞིག་མེད་པར་རྒྱུ་མཚན་ལྡན་པའི་ཐོག་ཕྱོགས་མང་པོ་ནས་གཟིགས་ཏེ་སློབ་གཉེར་མུ་མཐུད་གནང་དགོས་གལ་ཡིན་པ་བཀའ་སྩལ་འདུག ད་དུང་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་རྗེས་འབྲངས་པ་ཚོས་ཀྱང་རྒྱུ་མཚན་ལྡན་པའི་ཐོག་ཕྱོགས་མང་པོ་ནས་བསམ་བློ་གཏོང་གི་ཡོད་སྟབས། སངས་རྒྱས་ཀྱི་ཆོས་ཞེས་པ་དེ་རང་ཉིད་ཀྱི་ཤེས་རབ་གོང་འཕེལ་ཐུབ་པ་ཞིག་དགོས་པ་བཀའ་སྩལ་འདུག

མ་ཟད་བོད་པའི་གཞོན་སྐྱེས་ཞིག་ལ་མ་ཎི་བགྲང་དགོས་གལ་ཡིན་པ་དང་། མ་ཎི་བགྲང་པའི་སྐབས་སུ་མགོའི་སྤྱི་བོ་ལ་འཕགས་པ་སྤྱན་རས་གཟིགས་ཡོད་པའི་ཀུན་སློང་གསལ་བཏབ། དེ་བཞིན་སྤྱན་རས་གཟིགས་ཀྱི་སྐུ་ནས་བདུད་རྩི་རྒྱུན་བྱུང་སྟེ། སོ་སོའི་སྡིག་སྒྲིབ་སྦྱོང་སོང་བསམ་པའི་བསམ་བློ་བཏང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག མ་ཟད་བོད་པའི་གཞོན་སྐྱེས་གཞན་ཞིག་ལ་འཕགས་པ་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཀྱི་ལྗགས་ལུང་བཀའ་དྲིན་ཆེ་བ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།