Tibetan Royal Year of 2151 | Year of the Wood Dragon

འཛིན་རིམ་ལྔ་པའི་སྤྱི་རྒྱུགས་ཆེན་མོ་གོ་སྒྲིག་གནང་འཆར།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འདི་ལོའི་ཕྱི་ཟླ་༡༠པའི་བདུན་དང་པོའི་ནང། རྒྱ་གར་ནང་གི་གཏན་ཉིན་སློབ་གྲྭ་ཁག་གི་བོད་པའི་གཞི་རིམ་འོག་མའི་ཤེས་ཚད་རྒྱུས་ལོན་དང་ཤེས་ཡོན་གནས་ཚད་གོང་མཐོར་སྤེལ་ཆེད་འདི་ལོ་ནས་འཛིན་ལྔ་པའི་སློབ་མར་སྤྱི་རྒྱུགས་ཆེན་མོ་ཞིག་གཏང་རྒྱུ་རེད་པ་དེ་ཡང། གཙོ་བོ་བོད་ཡིག་དང་དབྱིན་ཡིག དེ་བཞིན་ཨང་རྩིས་བཅས་སློབ་ཚན་གསུམ་འདུགCTA_1
འདི་ལོའི་སྤྱི་རྒྱུག་ཆེན་མོ་འདིའི་ཆེད་དུ། དེ་རིང་(༢༠༡༦།༠༦།༢༧) ཉིན་བཞུགས་སྒར་དུ་ཤེས་རིག་ལས་ཁུངས་ཀྱི་དེང་རབས་དང་སྲོལ་རྒྱུན་ཤེས་ཡོན་ཚན་པའི་གོ་སྒྲིག་འོག མ་སུ་རི་བོད་ཁྱིམ། རྡ་སྟེང་བོད་ཁྱིམ། དེ་བཞིན་བསམ་བྷོ་ཊ་བཅས་ཀྱི་གཞི་རིམ་འོག་མའི་དགེ་རྒན་སྐུ་ཚབ་ཁག་ཅིག་ཆེད་བསྐོང་གིས་ཡིག་རྒྱུགས་ཀྱི་དྲི་ཤོག་སྒྲོམ་གཞི་དང་ཞིབ་འཇུག་གནང་ཕྱོགས། དེ་བཞིན་བརྒྱ་ཆ་ཆ་བགོས་སོགས་ཀྱི་ཐད་ལ་གྲོས་བསྡུར་གནང་གི་འདུག
འཛིན་རིམ་ལྔ་པའི་སྤྱི་རྒྱུགས་ཆེན་མོ་འདི་ནི་ལོ་འདི་ཁོ་ན་མ་ཡིན་པར་མ་འོངས་ལོ་གསུམ་རེའི་མཚམས་སུ་སྤྱི་རྒྱུགས་ཆེན་མོ་འདི་ལྟར་ཐེངས་རེ་གོ་སྒྲིག་གནང་འཆར་འདུག

CTA_2

འབྲེལ་ཡོད་གསར་གནས།

གསར་གནས།