Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་མཉེན་ཆས་བརྒྱུད་བོད་དང་ཏཱ་ལའི་བླ་མ་དང་འབྲེལ་བའི་གནད་དོན་བཀག་སྡོམ།

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

               

རྒྱ་ནག་གི་Tiktok མཉེན་ཆས་ཚོང་གཉེར་ཁང་གིས་ཉོས་པའི་སྙན་གྲགས་ཆེ་བའི་དབྱིན་ཇིའི་གསར་འགྱུར་མཉེན་ཆས་ News Republic ཞེས་པ་དེའི་ནང་རྒྱ་ནག་དང་ཚོར་རྣོ་བའི་གནད་དོན། དེ་བཞིན་བོད་དང་ཏཱ་ལའི་བླ་མ་དང་འབྲེལ་བའི་གནས་ཚུལ་རྣམས་བཀག་སྡོམ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག 

དེ་ཡང་ The Telegraph གསར་ཁང་གིས་ཁ་སང་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན།  News Republic ཟེར་བ་གསར་འགྱུར་མཉེན་ཆས་དེས་བོད་དང་།  ཏཱ་ལའི་བླ་མ་དེ་བཞིན་གསར་འགོད་རང་དབང་སོགས་རྒྱ་ནག་དང་ཚོར་རྣོ་བའི་གནད་དོན་མང་དག་ཅིག་མིང་གཞུང་ནག་པོའི་ནང་ཐོ་འགོད་ཀྱིས་དེ་དག་བརྒྱུད་སྤེལ་བྱེད་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་གསུངས་འདུག 

སྤྱིར་དེ་སྔ་ཕྱི་ལོ་ ༢༠༡༤ ཁོ་ནར་ཨ་རི་དང་དབྱིན་ཡུལ་ནང་News Republic ཟེར་བ་གསར་འགྱུར་མཉེན་ཆས་དེ་ཕབ་ལེན་གནང་མཁན་མི་གྲངས་ས་ཡ་ལྔ་ཙམ་བྱུང་འདུག  དེ་ཙམ་མ་ཟད།  ཕྱི་ལོ་ ༢༠༡༥ ལོར་མཉེན་ཆས་དེར་མཉེན་ཆས་རྩེ་ཕུད་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་རེད་འདུག  མཉེན་ཆས་དེ་ཐོག་མར་ཧྥ་རན་སིའི་ནང་ཆེད་འཛུགས་བྱས་པ་ཞིག་དང་།  རིམ་བཞིན་ཕྱི་ལོ་ ༢༠༡༧ ལོར་TikTok  མཉེན་ཆས་གཉེར་མཁན་རྒྱ་ནག་གི་ Bytedance ཚོང་ལས་ཁང་གིས་ཉོས་པ་ཞིག་རེད་འདུག

རྩ་བའི་Tiktok ཞེས་པའི་རྒྱ་ནག་གིས་བཟོས་པའི་མཉེན་ཆས་དེའི་ནང་གནམ་བདེ་སྒོ་མོ་ཆེ་དང་།  བོད་རང་བཙན། དེ་བཞིན་ Falun Gong དང་འབྲེལ་བའི་གནད་དོན་རྣམས་བཀག་འགོག་བྱེད་ཀྱི་ཡོད་པ་མངོན་གསལ་བྱུང་བ་མ་ཟད།  རྒྱ་ནག་གི་མཉེན་ཆས་དེ་དང་སྐད་འཕྲིན་བརྒྱུད་མི་སྒེར་གྱི་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་གནད་དོན་ཡང་བྱུང་བ་རེད།  ལྷག་པར་དུ་ཉེ་ལམ་རྒྱ་དཀར་ནག་གི་མཐའ་མཚམས་དམག་མིའི་བར་གདོང་ཐུག་གིས་ཟླ་བ་ ༧ པའི་ནང་རྒྱ་གར་དབུས་གཞུང་གིས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ Tiktok དང་སྐད་འཕྲིན་གྱི་གཙོས་པའི་རྒྱ་ནག་གི་མཉེན་ཆས་ ༥༩ ཙམ་ཞིག་བཀག་སྡོམ་བྱས་ཡོད་པ་རེད།     

མ་ཟད། ཨ་རིའི་སྲིད་འཛིན་ Donald Trump མཆོག་གིས་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་ཏེ་TikTok དང་སྐད་འཕྲིན་མཉེན་ཆས་གང་མགྱོགས་བཀག་སྡོམ་གནང་རྒྱུ་ཡིན་པའི་བཀོད་ཁྱབ་གནང་ཡོད་ཀྱང་།  གྷོ་གྷལ་ཚོང་ལས་ཁང་གིས་ TikTok  མཉེན་ཆས་དེ་ཉོ་རྒྱུ་ཡིན་སྐོར་བརྗོད་པ་ལྟར་སྲིད་འཛིན་མཆོག་གིས་ TikTok  མཉེན་ཆས་གཉེར་མཁན་རྒྱ་ནག་གི་ Bytedance ཚོང་ལས་ཁང་ལ་ཕྱི་ཟླ་ ༩ ཚེས་ ༡༥ ནང་ཚུད་དུ་མཉེན་ཆས་བཙོང་ཟིན་དགོས་པའི་དུས་བཅད་སྤྲད་ཡོད་པ་དང་གལ་ཏེ་དུས་ཡུན་དེའི་རིང་གྷོ་གྷལ་ཚོང་ལས་ཁང་གིས་ཉོས་མ་ཚར་ན་མཉེན་ཆས་དེ་ཡོངས་སུ་བཀག་སྡོམ་གནང་རྒྱུ་ཡིན་པའི་བཀོད་ཁྱབ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།