Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་མང་གཉིས་ཀྱིས་སྟོན་པའི་རྗེས་དྲན་གྱི་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་པ།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ཁ་སང་ནི་འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ སྟེ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་ཁེལ་གྱི་ཡོད་པ་ལྟར།  འདི་ག་རྒྱ་གར་གྱི་རྒྱས་ས་ལྡི་ལིར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དང་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་དུས་ཆེན་དེ་སྲུང་བརྩི་ཞུས་ཡོད་པ་རེད།  ཁ་སང་ལྡི་ལི་གསར་པའི་ནེཧ་རུ་རྩེད་ཐང་ནང་རྒྱ་གར་དབུས་གཞུང་གི་ཁྲིམས་ལུགས་བློན་ཆེན་སྐུ་ཞབས་ Kiran Rijiju མཆོག རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ G Kishan Reddy མཆོག དེ་བཞིན་ཕྱི་འབྲེལ་བློན་ཆེན་གཞོན་པ་ལྕམ་སྐུ་ Meenakshi Lekhi མཆོག་དང་རིག་གཞུང་བློན་ཆེན་གཞོན་པ་མཆོག་བཅས་དབུ་བཞུགས་ཐོག་ས་ག་ཟླ་བའི་དུས་དྲན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Kiran Rijiju མཆོག་གིས་སྐབས་དེར་རྒྱ་གར་གཞུང་གི་ངོས་ནས་ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་ས་ག་ཟླ་བའི་དུས་ཆེན་དེ་རིག་གཞུང་བློན་ཆེན་ལས་ཁུངས་ཀྱི་ངོས་ནས་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་རྒྱུར་ཐག་གཅོད་གནང་བ་ཞིག་དང་། རྒྱ་གར་གཞུང་གིས་འཛམ་གླིང་དང་རྒྱ་གར་གཞུང་དབར་གྱི་འབྲེལ་བའི་འབྱུང་ཁུངས་ཀྱི་གཞི་རྩ་གཙོ་བོ་ནི་ནང་པའི་ཆོས་དང་སྟོན་པ་ཐུགས་རྗེ་ཆེན་པོའི་བཀྲིན་ལ་བརྟེན་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་སྦྲགས། དུས་ཀྱི་འགྱུར་འགྲོས་ལ་ལྟོས་མེད་ལོ་ངོ་ ༢༥༠༠ ལྷག་གི་སྔོན་ནས་ལམ་སྟོན་མཛད་པའི་བདག་ཅག་གི་སྟོན་པའི་བཀའ་དགོངས་ཁག་ད་ལྟའི་དུས་སྐབས་སུའང་འོས་ཤིང་འཚམས་པ་ཞིག་ཆགས་ཡོད་སྟབས། འགྲོ་བ་ཀུན་གྱི་བདེ་ཐབས་དང་འབྲེལ་བའི་ལམ་སྟོན་དེ་དག་འཛམ་གླིང་ཀུན་ལ་ཁྱབ་སྤེལ་ཡོང་ཐབས་གནང་རྒྱུ་དེ་རྒྱ་གར་གཞུང་མང་གི་འོས་འགན་ཞིག་ཡིན་པ་སོགས་གསུངས་སོང་།  མཛད་སྒོའི་དམིགས་བསལ་སྐུ་མགྲོན་ཕྱི་འབྲེལ་བློན་ཆེན་གཞོན་པ་དང་རིག་གཞུང་བློན་ཆེན་གཞོན་པ་གཉིས་ཀྱིས་མང་ཚོགས་སྟོང་ཕྲག་ལྷག་འདུ་འཛོམས་བྱུང་བ་དེ་དག་ལ་དུས་དྲན་དང་འབྲེལ་བའི་འཚམས་འདྲི་གནང་བ་མ་ཟད། རྒྱ་གར་དབུས་གཞུང་གི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ G Kishan Reddy མཆོག་ནས་རྒྱ་གར་གཞུང་གི་ངོས་ནས་མ་འོངས་པར་སྟོན་པའི་རྗེས་དྲན་གྱི་ནང་པའི་གནས་ཆེན་ཁག་དང་ས་གནས་དེ་དག་གི་ཁོར་ཡུག་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་ཙམ་མ་ཚད་པར་སྟོན་པའི་རྗེས་དྲན་དང་འབྲེལ་བའི་ལས་རིམ་གང་ཡོད་ཐམས་ཅད་ལ་མཐུན་འགྱུར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད།སྐུ་མགྲོན་དུ་ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་གི་སྐུ་ཚབ་དང་བོད་བརྒྱུད་ནང་བསྟན་ཕྱོགས་ནས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕེབས་འདུག་པ་དང་དེ་བཞིན་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ཆོས་རིག་དྲུང་ཆེ་བཅས་ཕེབས་འདུག་པ་མ་ཟད། ལྡི་ཁུལ་དུ་ཡོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་དགེ་འདུན་པ་དང་ལྡི་ལི་ས་གནས་འགོ་འཛིན། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཀྱང་ལྷན་ཞུགས་གནང་ཡོད་པ་དང་། ལྷག་དོན་མཛད་སྒོ་ཐོག་བོད་གཞུང་ཟློས་གར་ཚོགས་པའི་ངོས་ནས་སྟོན་པའི་མཛད་རྣམ་སྙིང་བསྡུས་ཤིག་གཟིགས་འབུལ་ཞུས་ཡོད་པ་རེད།  འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་སྟོན་པ་སྐུ་བལྟམས་པའི་གནས་ལུམ་བི་ནི་ཁུལ་དུ་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གིས་ཁུལ་དེར་རྒྱ་གར་དང་རྒྱལ་སྤྱིའི་རིག་གཞུང་ལྟེ་གནས་ཁང་ཞིག་གི་རྩིག་རྨང་གསར་འཛུགས་གནང་བ་མ་ཟད་རྒྱ་གར་གཞུང་གི་ངོས་ནས་ལས་གཞི་དེ་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་དང་བལ་ཡུལ་གཞུང་གཉིས་ཐུན་མོང་ཐོག་ནས་འཇུག་སྐྱོང་གནང་བ་དང་འབྲེལ། ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་བཅས་ཀྱི་འབྲེལ་བ་ཡོད་པའི་རྒྱལ་ཁབ་གཉིས་གཞུང་འབྲེལ་ཐོག་ནས་འཛམ་གླིང་ཀུན་གྱི་འགྲོ་བར་ད་ལྟའི་གནས་སྐབས་འདིར་ཤིན་ཏུ་ནས་ཉེ་བར་མཁོ་བའི་བདག་ཅག་གི་སྟོན་པའི་ལམ་སྟོན་ཁག་གོང་འཕེལ་ཡོང་ཐབས་གནང་དགོས་སྐོར་སོགས་ཀྱང་གསུངས་ཡོད།   གཞི་རྩའི་རྒྱ་གར་རིག་གཞུང་བློན་ཆེན་ལས་ཁུངས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༥ ལོ་ནས་ཟུང་ས་ག་ཟླ་བའི་སྟོན་པའི་རྗེས་དྲན་གྱི་དུས་ཆེན་དེ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དང་ཟུང་འབྲེལ་ཐོག་ནས་གཞུང་འབྲེལ་གྱི་ངོ་བོར་རྣམ་པ་འདྲ་མིན་བརྒྱུད་སྲུང་བརྩི་ཞུ་རྒྱུར་ཐག་གཅོད་གནང་ཡོད་པ་རེད།ཁ་སང་རྒྱལ་ས་ལྡི་ལིར་ཚོགས་པའི་མཛད་སྒོའི་ཐོག་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་ལ་བཅའ་འདྲི་ཞུས་པར་རྒྱ་གར་གཞུང་གི་ངོས་ནས་ས་ག་ཟླ་བ་ལ་སོགས་པའི་དུས་ཆེན་སྲུང་བརྩི་དང་ནང་པའི་གནས་ཆེན་ཁག་ལ་དམིགས་བསལ་དོ་སྣང་གནང་དོན་ནི་ཕྱོགས་གཅིག་ནས་སྲིད་བློན་མོ་དཱི་ཁོང་ནང་ཆོས་ལ་དད་གུས་ཡོད་པ་དང་ཕྱོགས་གཞན་ཞིག་ལ་རྒྱ་གར་གྱི་ཆོས་དང་རིག་གཞུང་གི་ཐོན་སྐྱེད་སྤྱོད་པའི་ཐོག་ནས་རྒྱལ་ཁབ་གཞན་དང་ཕྱི་སྲིད་ཀྱི་འབྲེལ་ལམ་སྲ་བརྟན་ཡོང་ཐབས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།