མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2153 | Year of the Fire Horse
中文
Facebook
RSS
Soundcloud
X
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
སྲིད་སྐྱོང་།
དེབ་སྐྱེལ་ཡོད་པའི་སྒྲིག་འཛུགས་དང་ས་ཆ་བདག་འཛིན་ཡག་པོ་བྱས་ཐུབ་ཚེ་མ་འོངས་བོད་པའི་འཐབ་རྩོད་རྒྱུན་གནས་ལ་ཕན་ཐོགས་ཡོད་པ་དྲན་སྐུལ།
གསར་འགྱུར།
Voice of Tibet
-
27/08/2025
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྡ་ས་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པའི་ཁྲོད། དེ་རིང་སྨན་རྩིས་ཁང་དུ་ཕྱོགས་བསྐྱོད་གྲུབ་མཚམས་འབྲེལ་ཡོད་རྣམས་ལ་གསུང་བཤད་གནང་བའི་ནང་། སྨན་རྩིས་ཁང་འདི་བཞིན་ཡར་རྒྱས་ཡག་པོ་ཕྱིན་ཡོད་པ་མ་ཟད། ད་དུང་ལས་དོན་ཁག་གཅིག་གྲུབ་རྒྱུ་ཡིན་ཞིང་། རྒྱ་གར་ནང་དུ་དེབ་སྐྱེལ་ཡོད་པའི་བཙན་བྱོལ་བོད་མི་ཚོགས་པ་སྒྲིག་འཛུགས་ཁག་དང་ས་ཆ་བདག་འཛིན་ཡག་པོ་བྱས་ཐུབ་ཚེ་མ་འོངས་བོད་པའི་འཐབ་རྩོད་རྒྱུན་གནས་ལ་ཕན་ཐོགས་ཡོད་པ་དྲན་སྐུལ་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་ཁ་སང་ཚེས་ ༢༦ ཉིན་བཞུགས་སྒར་རྡ་ས་ཁྱབ་ཁོངས་སུ་འཚམས་གཟིགས་ཐེངས་གཉིས་པ་འགོ་འཛུགས་གནང་ཡོད་པ་དང་། དེ་རིང་ཚེས་ ༢༧ ཉིན་གྱི་སྔ་དྲོ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་འཚམས་གཟིགས་དང་འབྲེལ། ནད་བཅོས་ཉམས་ཞིབ་སྡེ་ཚན་ཡིག་ཚང་དང་། སྨན་སྦྱོར་སྡེ་ཚན་གྱི་གཙང་བཟོ་ཁང་སོགས་དབུ་འབྱེད་གནང་ཡོད་པ་མ་ཟད། དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་ཚོགས་པ་སྒྲིག་འཛུགས་ཇི་འདྲ་ཞིག་ཡིན་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་མཐུན་པ་བྱ་དགོས་གལ་ཡིན་པ་དང་། ལྷག་པར་འཛིན་སྐྱོང་དང་འབྲེལ་བའི་སྒྲིག་གཞི་བརྒྱ་ཆ་ ༩༩ ཙམ་བསྐྱར་ཞིབ་གྲུབ་ཡོད་པ་ད་དུང་འཕྲུལ་རིག་དང་འབྲེལ་བའི་སྒྲིག་གཞི་གསར་པ་བཟོ་དགོས་ཡོད་སྐོར་གསུངས་སོང་། འགྲོ་ཕན་སྨན་རྩིས་ཁང་གི་གནད་དོན་དང་འབྲེལ་ནས། འགན་འཛིན་དང་འཛིན་སྐྱོང་ལྷན་ཚོགས་སོགས་འབྲེལ་ཡོད་ཡོངས་དང་གོ་བསྡུར་གྱི་འགན་འཛིན་ལྷན་ཚོགས་ནས་ཐག་གཅོད་གཞིར་བཟུང་། ཚོགས་ཆུང་ཟུར་འཛུགས་ཀྱིས་རྩ་འཛིན་དང་བླང་དོར་སྒྲིག་གཞི། བཀོད་སྒྲིག སྔོན་རྩིས་སྟངས་འཛིན་བཅས་ཀྱི་ཁྲིམས་སྒྲིག་གཏན་འབེབས་གནང་ཡོད་པ་དང་། དེར་དཔེ་བླངས་ཏེ་བོད་ཀྱི་ཟློས་གར་ཚོགས་པ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ཀྱི་ནང་ཁྲིམས་སྒྲིག་གཏན་འབེབས་གནང་རྒྱུ་ཡིན་པ་སོགས་གསུངས་སོང་། ལྷག་པར་དེབ་སྐྱེལ་བྱས་པའི་ཚོགས་པ་སྒྲིག་འཛུགས་ཁག་སྲུང་སྐྱོབ་བྱ་རྒྱུའི་ཐད་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནང་། རྒྱ་གར་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་གི་འགྲོ་ལུགས་མཐུན་མིན་དང་། སྐབས་བསྟུན་ལམ་སྟོན་བྱ་ཆེད་སྡེ་ཚན་བཙུགས་ཡོད་ཅིང་། ད་ལྟའི་ཆར་དེབ་སྐྱེལ་ཡོད་པའི་བཙན་བྱོལ་བོད་མིའི་ཚོགས་པ་སྒྲིག་འཛུགས་ ༡༧༠ ཡས་མས་དང་ Foreign Contribution (Regulation) Act (FCRA) ཕྱི་རྒྱལ་རོགས་དངུལ་ལེན་ཆོག་པའི་དེབ་སྐྱེལ་སྒྲིག་འཛུགས་ ༨༡ ཙམ་ཡོད་པ་དང་། གང་མྱུར་སྒྲིག་འཛུགས་དེ་དག་ཚང་མ་བསྐོང་ཚོགས་ཀྱིས། རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་དང་ FCRA ཚན་པའི་འབྲེལ་ཡོད་མི་སྣ་གདན་འདྲེན་ཞུས་ཏེ། རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པའི་ལས་དོན་གནང་ཕྱོགས་ཐད་ཟབ་སྦྱོང་གནང་འཆར་ཡོད་སྟབས། དེབ་སྐྱེལ་ཡོད་པའི་སྒྲིག་འཛུགས་དང་ས་ཆ་བདག་འཛིན་ཡག་པོ་བྱས་ཐུབ་ཚེ་མ་འོངས་བོད་པའི་འཐབ་རྩོད་རྒྱུན་གནས་ལ་ཕན་ཐོགས་ཡོད་པ་དྲན་སྐུལ་གནང་སོང་། མ་ཟད་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས། དབུ་མ་དང་རང་བཙན་གཉིས་ཀས་ཁ་ཕྱིར་ལྟ་བྱ་ཡུལ་ནི་རྒྱ་ནག་གཞུང་ཡིན་པ་དང་། དབུ་མའི་ལམ་གྱི་ཐོག་ནས་མཐའ་གཉིས་ལས་གཅིག་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་སྒྲུབ་རྒྱུ་དེས་སྒོ་མང་པོ་ཕྱེ་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ། མི་རབས་གཞོན་པ་ཚོས་འདས་པའི་ལོ་རྒྱུས་མ་ཤེས་ན་བོད་ཀྱི་མ་འོངས་འཐབ་རྩོད་ཇི་ལྟར་རྩོད་རྒྱུ་ཡིན་པ་ནན་བརྗོད་གནང་སོང་། ད་དུང་བོད་ནང་རྒྱ་གཞུང་གི་སྲིད་བྱུས་ལག་བསྟར་འོག་མི་རབས་གཞོན་པ་མང་པོས་བོད་སྐད་ལས་རྒྱ་སྐད་མང་བ་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་སེམས་འཚབ་ཀྱི་བརྡ་ལན་འབྱོར་གྱི་ཡོད་སྟབས། བཙན་བྱོལ་ནང་དུ་ཡོད་པའི་མི་རབས་གཞོན་པ་ཚོས་ངེས་པར་དུ་འགན་འཁུར་བླངས་དགོས་གལ་ཡིན་པ་མ་ཟད། རྒྱ་ནག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་འབྲེལ་ལམ་མུ་མཐུད་ཡོད་པ་བསྐྱར་ནན་གནང་སོང་། གཞི་རྩའི་ཟླ་བ་འདིའི་ཚེས་ ༢༠ ནས་བཟུང་འདི་ཚེས་ ༢༩ བར་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཁྱབ་ཁོངས་ས་གནས་བཀྲ་ཤིས་ལྗོངས་དང་། སྦིར་ཅོན་ཏ་ར། སྡེ་དགེ བོད་ཚོགས། ལི་ལི་གྲོང་སྡེ། མཚོ་པདྨ། མན་ཌི། སྤོན་ཊོ། ཀུལླུ་མ་ནཱ་ལཱི། དྷརྨ་སཱ་ལཱ་བཅས་སུ་ཕྱོགས་བསྐྱོད་ལས་རིམ་ཁྲོད། ཁ་སང་དྷ་སྟེང་བོད་ཁྱིམ་དང་བོད་ཀྱི་ཟློས་གར་ཚོགས་པར་འཚམས་གཟིགས་གནང་ཡོད་ཅིང་། དེ་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་། སཾ་བྷོ་ཊ་ཡིག་ཚང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཤེས་རབ་དགའ་ཚལ་སློབ་གླིང་བཅས་སུ་འཚམས་གཟིགས་གནང་ཡོད་པ་རེད། སང་ཉིན་ཚེས་ ༢༨ ཉིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། གྷོ་པལ་པུར་བོད་ཁྱིམ། ཅ་མུན་ཌ། རྒྱུ་སྟོད་སོགས་དང་། ཚེས་ ༢༩ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་དྷ་ས་ས་གནས་རང་བདེ་ཚོགས་ཆུང་། དྷ་ས་ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་འཚམས་གཟིགས་རྗེས། དྷ་ས་མི་མང་རྣམས་ལ་ས་གནས་འགོ་འཛིན་ལས་ཁུངས་སུ་གསུང་བཤད་ཀྱི་ལས་རིམ་ཡོད་པ་རེད་འདུག
སྲིད་སྐྱོང་མཆོག་གིས་བཀྲ་ཤིས་ལྗོངས་ནས་དབུ་འཛུགས་ཀྱིས་ཧི་མ་ཅལ་ཁུལ་གྱི་བོད་མིའི་གཞིས་ཆགས་ནང་འཚམས་གཟིགས་གནང་བཞིན་པ།
གསར་འགྱུར།
Voice of Tibet
-
21/08/2025
སྲིད་སྐྱོང་མཆོག་གིས་བཀྲ་ཤིས་ལྗོངས་ནས་དབུ་འཛུགས་ཀྱིས་ཧི་མ་ཅལ་ཁུལ་གྱི་བོད་མིའི་གཞིས་ཆགས་ནང་འཚམས་གཟིགས་གནང་བཞིན་པ།
སྲིད་སྐྱོང་མཆོག་གིས་ལྡི་ལི་བོད་སྒར་མི་མང་ཚོས་ཡུལ་ཁྲིམས་ལ་བརྩི་སྲུང་གནང་དགོས་པའི་འབོད་སྐུལ།
གསར་འགྱུར།
Voice of Tibet
-
13/08/2025
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དེ་སྔོན་བོད་མི་གནས་སྡོད་ས་གནས་ཁག་ཏུ་ཐེངས་གཉིས་རེ་སྐོར་སྐྱོད་ཐུབ་པའི་ཐོག་མའི་ཁས་ལེན་ལྟར། ཁ་སང་འདི་ག་ལྡི་ལི་ཁུལ་དུ་གནས་སྡོད་ལ་དྭགས་བྷུ་དྷ་བྷི་ཧར་དང་། བོད་སྒར་བསམ་ཡས་གླིང་བཅས་སུ་མཚམས་གཟིགས་གནང་སྟེ། ས་གནས་བོད་མིའི་བདེ་སྡུག་གི་གནས་སྟངས་རྒྱུས་ལོན་གནང་ཡོད་པ་མ་ཟད། ཁོང་གི་ལས་རྒྱུན་རིང་བོད་མིའི་རང་དབང་འཐབ་རྩོད་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་དང་། སྤྱི་ཚོགས་བདེ་དོན། ལྷག་པར་དུ་འཛིན་སྐྱོང་བཅས་ཀྱིས་ལས་དོན་མི་མང་ལ་སྙན་སེང་ཞུས་སོང་། དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཐོག་མར་ལ་དྭགས་བྷུ་དྷ་བྷི་ཧར་དང་། བོད་སྒར་བསམ་ཡས་གླིང་བཅས་གཟིགས་སྐོར་གནང་པ་དང་སྦྲགས། ས་གནས་ཀྱི་འབྲེལ་ཡོད་ཁག་དང་ཟུར་དུ་མཇལ་འཕྲད་གནང་བའི་བརྒྱུད། བོད་སྒར་གྱི་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་མི་མང་འདུ་འཛོམས་སར། རང་ཉིད་དེ་སྔོན་ ༢༠༠༦ ལོར་སྤྱི་འཐུས་ཤིག་དང་། ལྡི་ལིར་ཕྱག་ལས་གནང་བཞིན་པའི་ཁྲོད། བོད་སྒར་དེ་བཞིན་གནས་མིན་གྱི་ཁྲིམས་ཐོག་དཀའ་ངལ་ལ་གདོང་ལེན་བྱས་པའི་ཉམས་མྱོང་དང་འབྲེལ་ཏེ། བསམ་ཡས་གླིང་གི་མི་མང་ཚོས་ངེས་པར་དུ་ཡུལ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པའི་ལམ་སྟོན་གནང་སོང་། སྲིད་སྐྱོང་མཆོག་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་གཙོས་པའི་མི་མང་ཚོས་ངོས་ནས་ལྡི་ལི་དེ་བཞིན་རྒྱལ་ས་ཡིན་པའི་ས་ཆའི་གནས་བབ་དང་འབྲེལ། རྒྱུན་དུ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་དོན་ཁག་ལ་ཐུགས་འགན་ཆེ་བཞེས་གནང་བཞིན་པར་བསྔགས་བརྗོད་དང་སྦྲགས། ད་ལྟའི་སྐབས་ ༡༦ པའི་ཁོང་གི་བཀའ་ཤག་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་འོག་འཐབ་བྱུས་དང་ལྡན་པའི་ཐོག་ནས་བོད་དོན་འཐབ་རྩོད་རྒྱུན་སྐྱོང་གནང་བཞིན་པའི་སྐོར་ཡང་གསལ་བཤད་གནང་སོང་། སྲིད་སྐྱོང་མཆོག་གིས་ད་དུང་། ༸སྐུའི་གོ་སྟོན་དང་འབྲེལ་བཀའ་ཤག་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་བོད་མིའི་ལངས་ཕྱོགས་རྒྱལ་སྤྱི་སྟེང་གསལ་སྟོན་གནང་ཟིན་པ་མ་ཟད། ཨ་མི་རི་ཀ་གཙོས་རྒྱལ་ཁབ་ཁག་བདུན་ལྷག་ནས་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལས་གཞན་རྒྱལ་ཁབ་སུ་ཞིག་གི་ཀྱང་ཐེ་བྱུས་ཆོག་གི་མེད་པའི་བསྒྲགས་གཏམ་སྤེལ་ཡོད་པའི་སྐོར་ཡང་གསལ་བཤད་གནང་སོང་། སྲིད་སྐྱོང་མཆོག་གིས་གཞན་ཡང་སྐབས་ ༡༦ པའི་ད་ལྟའི་བཀའ་ཤག་གི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་ཁག་གི་ཁྲིམས་སྒྲིག་བསྐྱར་བཅོས་སོགས་ཀྱི་ལས་དོན་གསལ་བཤད་དང་འབྲེལ། རྗེས་འབྱོར་བོད་མིའི་གཙོས་རང་ཁྱིམ་མེད་པའི་པའི་བོད་མི་ཚོར་སྡོད་ཁང་མཐུན་རྐྱེན་མཁོ་སྤྲོད་ཀྱིས་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ལས་གཞི་ཁག་ངོ་སྤྲོད་དང་སྦྲགས། བོད་མི་ནང་ཁུལ་ཆོལ་ཁ་ཆོས་ལུགས་དང་། དབུ་མ་རང་བཙན་སོགས་ཁ་ལ་འཁྱེར་ནས་སྤྱི་ཚོགས་ནང་ཁུལ་དོན་མེད་རྩོད་རྙོག་མ་བཟོས་པར། ཚང་མས་ནུས་པ་མཉམ་སྤུངས་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
སྲིད་སྐྱོང་མཆོག་ནེ་ནི་ཏཱལ་བོད་མིའི་གཞིས་ཆགས་སུ་ཐེངས་དང་པོ་གཞུང་འབྲེལ་འཚམས་གཟིགས།
གསར་འགྱུར།
Voice of Tibet
-
12/08/2025
སྲིད་སྐྱོང་མཆོག་ནེ་ནི་ཏཱལ་བོད་མིའི་གཞིས་ཆགས་སུ་ཐེངས་དང་པོ་གཞུང་འབྲེལ་འཚམས་གཟིགས་གནང་འདུག
སྲིད་སྐྱོང་མཆོག་མན་སྤར་ཕན་བདེ་གླིང་གི་གཞིས་གྲོང་དང་གཞིས་སྤོས་ལས་གཞི་ས་འགོད་ཁག་ཏུ་འཚམས་གཟིགས་གནང་བཞིན་པ།
གསར་འགྱུར།
Voice of Tibet
-
05/08/2025
སྲིད་སྐྱོང་མཆོག་མན་སྤར་ཕན་བདེ་གླིང་གི་གཞིས་གྲོང་དང་གཞིས་སྤོས་ལས་གཞི་ས་འགོད་ཁག་ཏུ་འཚམས་གཟིགས་གནང་བཞིན་པ།
སྲིད་སྐྱོང་གིས་༸གོང་ས་མཆོག་རྒྱ་དམར་གཞུང་ལས་ཡུན་རིང་བ་སྐུ་བཞུགས་མཛད་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས་འདུག
༸སྐུའི་ཡང་སྲིད།
Voice of Tibet
-
01/08/2025
སྲིད་སྐྱོང་གིས་༸གོང་ས་མཆོག་རྒྱ་དམར་གཞུང་ལས་ཡུན་རིང་བ་སྐུ་བཞུགས་མཛད་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས་འདུག
སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས།
གསར་འགྱུར།
Voice of Tibet
-
31/07/2025
སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས།
ཨོ་གླིང་གི་སྲིད་བློན་མཆོག་རྒྱ་ནག་ནང་གི་ཕྱོགས་བསྐྱོད་ཁྲོད་བོད་དུ་ངེས་ཕེབས་དགོས་པའི་འབོད་སྐུལ།
གསར་འགྱུར།
Voice of Tibet
-
11/07/2025
ཨོ་གླིང་གི་སྲིད་བློན་མཆོག་རྒྱ་ནག་ནང་གི་ཕྱོགས་བསྐྱོད་ཁྲོད་བོད་དུ་ངེས་ཕེབས་དགོས་པའི་འབོད་སྐུལ།
འཇར་མན་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་མི་ཆོག་པའི་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་དགོས་པའི་འབོད་སྐུལ།
༸སྐུའི་ཡང་སྲིད།
Voice of Tibet
-
27/06/2025
འཇར་མན་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་མི་ཆོག་པའི་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་དགོས་པའི་འབོད་སྐུལ།
1
...
5
6
7
...
16
Page 6 of 16
Latest news
ཨ་རྒྱ་གཉིས་ཀྱི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་གལ་ཡིན་པ་གསུངས་འདུག
13/11/2026
སྙན་ཐོ་གསར་པ་ཞིག་ནང་རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་ལྟ་སྲུང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསལ་སྟོན་བྱས་འདུག
13/11/2026
རྒྱལ་ཁབ་ ༢༠ ནས་བོད་དོན་ལས་འགུལ་བ་ལྷན་འཛོམས་ཐོག་བོད་དོན་འཐབ་རྩོད་ཀྱི་འཐབ་ཇུས་གསར་པའི་སྐོར་གྲོས་བསྡུར་གནང་འདུག
13/11/2026
མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་བདུན་པ་འཚོགས་འདུག
13/11/2026
སྲིད་སྐྱོང་མཆོག་ནས་དཔལ་འབྱོར་བཀའ་བློན་དང་ལྷན་དུ་ཨ་རི་ནང་གི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་གནང་འདུག
12/11/2026