མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2153 | Year of the Fire Horse
中文
Facebook
RSS
Soundcloud
X
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
10th Session of 17th TPiE
དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག
10th Session of 17th TPiE
Voice of Tibet
-
18/09/2025
དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་མཇུག་སྒྲིལ།
10th Session of 17th TPiE
Voice of Tibet
-
18/09/2025
དེ་རིང་ཕྱི་ཟླ་ ༩ ཚེས ༡༨ ཉིན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་སྔ་དྲོ་ཕྱི་དྲིལ་ལས་ཁུངས་དང་ཉིན་རྒྱབ་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་ཁོར་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པའི་བགྲོ་གླེང་དང་དོགས་འདྲི་ཕེབས་ཁག་ལ་ལན་འདེབས་གནང་རྗེས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་སྒྲིལ་གནང་སོང་། དེ་ཡང་དེ་རིང་ཉིན་རྒྱབ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་དེ་རྗེས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་འོས་འདེམས། དེ་བཞིན་ཁྲིམས་བཟོའི་ལས་དོན་ཁག་ཅིག་བཅས་ཀྱི་ལས་རིམ་ཡོངས་སུ་གྲུབ་མཚམས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བཅུ་པའི་མཇུག་བསྡོམས་གསུང་བཤད་གནང་སོང་། སྐབས་དེར་ཚོགས་གཙོ་མཆོག་གིས། ད་རེས་ལས་བསྡོམས་གྲོས་ཚོགས་དང་འབྲེལ་ནས། བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་དོན་ཚན་ ༥ དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༧ དེ་བཞིན་བཀའ་ཟུར་གཉིས་དང་སྤྱི་ཟུར་གཅིག་བཅས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ ༣ བཅའ་ཁྲིམས་གཙོས་པའི་ཁྲིམས་བཟོའི་ལས་དོན་ཁག་ ༦ གཏན་འབེབས་སོགས་ལས་རིམ་གལ་ཆེ་བ་ཁག་ཕེབས་ཐུབ་པ་བྱུང་ཡོད་ཅིང་། འཛིན་སྐྱོང་དང་ལས་བྱེད་ངོས་ནས་ཕྱག་ལས་ཡག་པོ་གནང་ཡོད་པའི་ཚོར་སྣང་བྱུང་སོང་བ་མ་ཟད། བགྲོ་གླེང་ཁྲོད་མ་འོངས་ལས་དོན་དེ་དག་ཚགས་ཚུད་ཡོང་རྒྱུར་ཐུགས་ཕན་གསོས་པའི་ཚོར་སྣང་བྱུང་ཞེས་གསུངས་སོང་། དེ་བཞིན་གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འགན་དབང་སྐུར་བ་གཞིར་བཟུང་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་བདེ་དོན་ཐོག་ཕྱག་ལས་གནང་རྒྱུ་དེ་ཡིན་ཞིང་། ལྷག་པར་གཞིས་ལུས་བོད་མི་རྣམས་དཀའ་ངལ་ལས་སྐྱོབ་ཆེད་དུས་རྒྱུན་ནས་དགོངས་པ་བཞེས་དགོས་གལ་ཡིན་པར་དེ་ནི་རྒྱལ་སྤྱིའི་ཆབ་སྲིད་དང་བོད་ཀྱི་གནས་སྟངས་ལའང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། གནད་དོན་དེ་དག་ལ་ཐུགས་ཞིབ་གནང་བའི་ཐོག་ནས་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་ཀྱི་གོ་སྐབས་བཟུང་རྒྱུ་དང་། གོ་སྐབས་བསྐྲུན་རྒྱུར་འབད་བརྩོན་གྱིས་བོད་དོན་བདེན་མཐའ་གསལ་ཐབས་ལ་གོམ་པ་མདུན་སྤོ་བྱ་རྒྱུར་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་སོང་། ལྷག་པར་ད་ལོ་༸སྐུའི་གོ་སྟོན་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་གོ་སྒྲིག་ཞུ་བཞིན་ཡོད་པར། གོ་སྐབས་དེའི་བརྒྱུད་བོད་ཀྱི་རིག་གཞུང་དང་སྐད་ཡིན་སོགས་མི་ཉམས་རྒྱུན་འཛིན་དང་བྱམས་བརྩེ་གོང་སྤེལ་ཐོག་ནས་སྤྱི་ཚོགས་གཞན་ལ་ཕན་ཐོགས་ཇི་ལྟར་གྲུབ་དགོས་གལ་ཐད་དགོངས་བཞེས་གནང་དགོས་པ་མ་ཟད། ༸རྒྱལ་བའི་དགོངས་གཞི་དྲིལ་བསྒྲགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམིགས་བསལ་གྱི་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་གི་ཡོད་པ་དེ་མ་བརླག་བའི་དོན་དུ་ང་ཚོ་མི་རབས་འདིས་ཚད་དང་ལྡན་པའི་འགན་འཁུར་ཞུས་ཏེ། མི་རབས་རྗེས་མར་རྩིས་སྤྲོད་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་། མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་༸རྒྱལ་བའི་གོ་སྟོན་དང་འབྲེལ། འབྱུང་འགྱུར་དུས་སྐབས་སུ་རྒྱལ་ས་ལྡི་ལིར་ཆོས་ལུགས་ཁག་འདུ་འཛོམས་ཀྱིས་འཚེ་མེད་ཞི་བདེའི་མཆོད་འབུལ་སྨོན་ལམ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་དུ་རྒྱ་གར་གྱི་གནད་ཡོད་མི་སྣ་གདན་འདྲེན་ཞུས་ཏེ། ༸རྒྱལ་བའི་དགོངས་གཞི་ཐོག་ཚོགས་འདུ་གོ་སྒྲིག་བཅས་ཀྱི་ལས་འཆར་ཡོད་པ་སོགས་གསུངས་སོང་། གཞི་རྩའི་ཟླ་བ་འདིའི་ཚེས་ ༡༠ ནས་འགོ་འཛུགས་ཀྱིས་དེ་རིང་ཚེས་ ༡༨ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ ཚོགས་ཡོད་པ་དང་། ཡོངས་གྲགས་སུ་ལོ་འཁོར་ལས་བསྡོམས་ཀྱི་གྲོས་ཚོགས་ཞེས་འབོད་ཀྱི་ཡོད་པ་རེད།
བདེ་སྲུང་ལས་ཁུངས་ནས་བོད་མིའི་སྐྱབས་བཅོལ་དང་ཕྱི་སྐྱོད་ལག་དེབ་ཀྱི་དཀའ་ངལ་སེལ་ཐབས་སུ་དགོངས་པ་བཞེས་དགོས།
10th Session of 17th TPiE
Voice of Tibet
-
17/09/2025
བདེ་སྲུང་ལས་ཁུངས་ནས་བོད་མིའི་སྐྱབས་བཅོལ་དང་ཕྱི་སྐྱོད་ལག་དེབ་ཀྱི་དཀའ་ངལ་སེལ་ཐབས་སུ་དགོངས་པ་བཞེས་དགོས།
དེ་རིང་གྲོས་ཚོགས་སུ་འཕྲལ་སེལ་སྔོན་རྩིས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ལ་ངོ་ཡོད་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པའི་ཐོག་ནས་ཟགས་སོང་།
10th Session of 17th TPiE
Voice of Tibet
-
16/09/2025
དེ་རིང་གྲོས་ཚོགས་སུ་འཕྲལ་སེལ་སྔོན་རྩིས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ལ་ངོ་ཡོད་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པའི་ཐོག་ནས་ཟགས་སོང་།
ཆོད་གན་གྱི་དགེ་རྒན་གཏན་འཇགས་བཟོ་རྒྱུ་ཐོག་དགོངས་བཞེས་གནང་དགོས་པའི་གླེང་སློང་ཤུགས་ཆེ་གནང་བ།
10th Session of 17th TPiE
Voice of Tibet
-
15/09/2025
ཆོད་གན་གྱི་དགེ་རྒན་གཏན་འཇགས་བཟོ་རྒྱུ་ཐོག་དགོངས་བཞེས་གནང་དགོས་པའི་གླེང་སློང་ཤུགས་ཆེ་གནང་བ།
གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་སྐྱོང་ལ་རྒྱ་ནག་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་སྐོར་གྱི་གནད་དོན་ཐད་འདྲི་རྩད་གནང་སོང་།
10th Session of 17th TPiE
Voice of Tibet
-
15/09/2025
གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་སྐྱོང་ལ་རྒྱ་ནག་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་སྐོར་གྱི་གནད་དོན་ཐད་འདྲི་རྩད་གནང་སོང་།
བཀའ་ཤག་གིས་སྐར་རྟགས་ཅན་གྱི་དྲི་བར་བཀའ་ལན་དང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས།
10th Session of 17th TPiE
Voice of Tibet
-
13/09/2025
བཀའ་ཤག་གིས་སྐར་རྟགས་ཅན་གྱི་དྲི་བར་བཀའ་ལན་དང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས།
དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཁྲོད་བུད་མེད་ནུས་སྟོབས་དང་དྭང་བླངས་དཔྱ་དངུལ་འབུལ་བབ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་སོང་།
10th Session of 17th TPiE
Voice of Tibet
-
13/09/2025
དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཁྲོད་བུད་མེད་ནུས་སྟོབས་དང་དྭང་བླངས་དཔྱ་དངུལ་འབུལ་བབ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་སོང་།
ཉམ་ཐག་དང་ས་ཁང་སྒྲིག་གཞི་ཐད་ནང་སྲིད་བཀའ་བློན་མཆོག་ལ་འདྲི་རྩད་ནན་པོ་གནང་སོང་།
10th Session of 17th TPiE
Voice of Tibet
-
12/09/2025
ཉམ་ཐག་དང་ས་ཁང་སྒྲིག་གཞི་ཐད་ནང་སྲིད་བཀའ་བློན་མཆོག་ལ་འདྲི་རྩད་ནན་པོ་གནང་སོང་།
1
2
Page 1 of 2
Latest news
སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།
06/11/2026
འབྲོག་པའི་རྩྭ་སའི་སྟེང་དུ་ཉི་གློག་གི་འཛུགས་སྐྲུན་བྱས་རྐྱེན་སྲོལ་རྒྱུན་འབྲོག་པའི་རྩྭ་ས་དང་འཚོ་གནས་ལ་ཉེན་ཁ་བཟོ་གི་ཡོད་པའི་ཉེན་བརྡ།
06/11/2026
དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་འདུག
06/11/2026
ས་ཆའི་རྩོད་གཞི་དང་གླ་ཆ་མ་སྤྲད་པའི་རྐྱེན་གྱིས་རྒྱ་ནག་ནང་འདས་པའི་ཟླ་་བ་གསུམ་རིང་ངོ་རྒོལ་ ༩༤༨ ཙམ་བྱུང་ཡོད་པ་མངོན་གསལ།
06/11/2026
ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
06/11/2026