Tibetan Royal Year of 2151 | Year of the Wood Dragon

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ དབུ་འཛུགས།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ དེ་རིང་ནས་དབུ་འཛུགས་ཀྱིས་ཀོ་ལོ་ར་དྲོ་མངའ་ཁུལ་གྱི་ Boulder ས་གནས་སུ་ཚོགས་གནང་གི་ཡོད་པ་རེད།

ཚོགས་ཆེན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་ཨ་རིའི་བོད་ཀྱི་བོད་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས། བྱང་ཨ་རིའི་སྤྱི་འཐུས་རྣམ་པ།  དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཁག་ཅིག  བྱང་ཨ་རིའི་ཁུལ་གྱི་བོད་རིcoloགས་སྤྱི་མཐུན་ཚོགས་པ་ ༢༡ གི་སྐུ་ཚབ་རྣམ་པ་བཅས་ལྷན་ཞུགས་གནང་གི་འདུག
དེ་རིང་ཟླ་ ༡༡ ཚེས་ ༡༡ ནས་དབུ་འཛུགས་ཀྱིས་ཚེས་ ༡༣ བར་ཉིན་གསུམ་རིང་འཚོགས་གཏན་འཁེལ་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་གཙོ་བོ་དེའི་སྔའི་ཚོགས་ཆེན་སྐབས་ ༡༤ ཐོག་གཏན་འབེབས་གནང་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང། བོད་མི་རིགས་ཀྱི་ཆོས་རིག་སྲུང་སྐྱོབ་གནང་ཕྱོགས་དང། ཁུལ་དེའི་ནང་གཟའ་འཇུག་སློབ་གྲྭའི་ལས་དོན་སྐོར། ཆབ་སྲིད་ཀྱི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ། དེ་བཞིན་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླང་དཔྱ་དངུལ་བསྡུ་ཕྱོགས།  ཁུལ་དེའི་ནང་གི་བོད་མིའི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་དང་འབྲེལ་བའི་གནད་དོན་ཐོག་མང་ཚོགས་སྒེར་སོ་སོ་ནས་ཟླ་རེར་སྒོར་ལྔ་རེ་ཕུལ་ཕྱོགས་སོགས་ཀྱི་བརྗོ་གཞི་འདྲ་མིན་ཁག་ལ་གྲོས་བསྡུར་གནང་རྒྱུ་རེད་འདུག
རྩ་བའི་བྱ་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གཙོ་འགན་བཞེས་ཐོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་དེ་ལོ་ལྟར་བྱང་ཨ་རིའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ས་གནས་ཁག་ཏུ་ཚོགས་ཀྱི་ཡོད་པ་དང། སྔ་ལོའི་ཚོགས་ཆེན་ཐེངས་ ༡༤ དེ་བྱང་ཨ་རིའི་མངའ་སྡེ་ཨོརནགྷཎ་གྱི་ས་གནས་པོརཊ་ལེཎྜ་དུ་བསྐོང་ཚོགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།