Tibetan Royal Year of 2151 | Year of the Wood Dragon

སྤྱི་འཐུས་ཚོགས་གཙོ་མཆོག་གིས་མེ་སྐྱོན་ཕོག་པའི་བོད་མིའི་སུད་ཚོང་བ་རྣམས་དང་མཇལ་འཕྲད།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

དེའང་ཁ་སང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ1་བློན་ཆོས་སྐྱོང་དབང་ཕྱུག་མཆོག དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཁག་ཅིག་བཅས་ནས་ཉེ་སྔོན་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁང་རྙིང་པ་ལཱལ་ཀི་ལཱ་ Lal Qila མདུན་གྱི་བོད་མིའི་སུད་ཚོང་བའི་ཁྲོམ་ར་ ༡༣༨ ཙམ་མེའི་འཇིག་པའི་འོག་ཤུལ་མེད་དུ་གྱུར་བའི་སུད་ཚོང་བ་རྣམས་དང་མཇལ་འཕྲད་གནང་འདུག

སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སུད་ཚོང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། ངལ་སེལ་ཐེབས་རྩ་ནས་ཧིན་སྒོར་བདུན་ཁྲི་ཐམ་པ་གསོལ་རས་གནང་ཡོད་པ་དང་། ལྷག་དོན་ས་གནས་དངོས་ཀྱི་གནད་དོན་ལ་ཐུགས་ཞིབ་དང་གསན་འཇོག་གནང་པའི་བརྒྱུད་བོད་མི་ཡོད་དོ་ཅོག་གི2ས་གོད་ཆག་ཕོག་པའི་བོད་མི་སུད་ཚོང་བ་དེ་དག་ལ་རང་རང་བློས་གཅད་ཀྱིས་རྒྱ་མཚོ་ཆུ་ཐིགས་ལྟ་བུའི་ཞལ་འདེབས་རྒྱ་མི་ཆུང་བ་གནང་དགོས་པར་འབོད་སྐུལ་གནང་སོང་།  བོད་མི་སུད་ཚོང་བ་རྣམས་ཀྱིས་མ་འོངས་པར་དཀའ་ངལ་དེའི་རིགས་ལ་གདོང་ལེན་གནང་ཕྱིར་དངུལ་ཁང་དུ་ཉེན་སྲུང་མ་དངུལ་འཇོག་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད་པ་རེད།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བྱུང་ཟིན་པའི་གོད་ཆག་གི་གནས་ཚུལ་ལ་ཕྱིར་བལྟ་བྱེད་ནས་སེམས་སྡུག་མི་གནང་བར། འགྱེལ་བ་ལས་ཡར་ལངས་ཏེ་ཁྲོམ་ས་སླར་གསོ་གནང་ཐབས་འབད་དགོས་པའི་ལམ་སྟོན་ཡང་གནང་ཡོད།

ཁ་སང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཁག་ཅིག་ཆེད་ཕེབས་གནང་པ་དང་བསྟུན། ལཱལ་ཀི་ལཱ་བོད་མིའི་སུ3ད་ཚོང་བའི་འཐུས་མི་ཚེ་དབང་ལགས་ནས་ཚོས་ཤུགས་ཆེན་པོས་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་རིགས་ཡོངས་ལ་འདི་ནས་ཞལ་འདེབས་ཞུས་དོན་ལྟར་ཞལ་འདེབས་གང་མང་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་པ་དང་སྦྲགས། ཚོགས་སྐྱིད་ཁག་གིས་ཕྱི་རྒྱལ་ཡུལ་གྲུབ་གང་སར་ཞལ་འདེབས་འདུ་གོད་གནང་བཞིན་འདུག་པར་བཀྲིན་ཆེ་རྒྱུ་མ་ཟད། དེ་ནི་ཁྲོམ་ས་སླར་གསོ་གནང་པ་ལས་ལྷག་པའི་ཕན་ཐོགས་ཤིག་ཡོང་རྒྱུ་ཡིན་སྐོར་གསུངས་འདུག

རྩ་བའི་ཉེ་སྔོན་རྒྱ་གར་རྒྱལ་ས་ལྡི་ལིར་ལཱལ་ཀི་ལཱ་ Lal Qila ཞེས་པའི་མདུན་དུ་བོད་མི་སུད་ཚོང་བའི་ཁྲོམ་ར་ ༡༣༨ མེ་སྐྱོན་ཚབས་ཆེན་བྱུང་ནས་ཚོང་ཁང་དང་དེའི་ནང་ཡོད་པའི་ཚོང་ཟོག་ཡོངས་རྫོགས་ཤུལ་མེད་ཐལ་བར་གྱུར་ཡོད་པ་མ་ཟད། ད་རེས་ཀྱི་མེ་སྐྱོན་ཁྲོད་བོད་མིའི་སུད་ཚོང་བ་རྣམས་ལ་མ་དངུལ་ས་ཡ་ ༡༢༠ ཙམ་གྱི་གྱོང་གུད་ཕོག་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་ཛ་དྲག་ངལ་སེལ་ཆེད་རོགས་དངུལ་གསོལ་རས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།