Prague ནང་དུ་༸གོང་ས་མཆོག་དང་༸སྐུའི་མཛའ་གྲོགས་སྲིད་འཛིན་དམ་པ་ Vaclav Havel མཆོག་ལ་རྗེས་དྲན་གྱི་ལས་རིམ་ཞིག་འཚོགས་པ།

Tibetan News Headlines

  • Sikyong Penpa Tsering Expresses Disappointment Over Trump’s Silence on Human Rights in Dealings with China
  • China’s Overseas Surveillance Network Targets Tibetan Activists and Exile Administration, Rights Group Reports
  • Tibetan Advocates from 20 Countries Gather in Barcelona to Strengthen Global Campaign for Tibet
  • 7th Prof. Dawa Norbu Memorial Symposium Held in New Delhi
  • Xi Jinping Describes Taiwan’s Reunification as an ‘Unwavering Historical Mission’ of the Chinese Communist Party
  • Education Kalon Urges Tibetan Children in Exile to Preserve Their Identity and Uphold Tibetan Values in Children’s Day Speech
  • Health and Wellness: World Diabetes Day- Prevention and Treatment of Diabetes

ཪེས་གཟའ་པ་སངས། ༢༠༢༦།༡༡།༡༣

  • ཨ་རྒྱ་གཉིས་ཀྱི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མེད་པའི་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • སྙན་ཐོ་གསར་པ་ཞིག་གི་ནང་རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་ལྟ་སྲུང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསལ་སྟོན།
  • རྒྱལ་ཁབ་ ༢༠ ནས་བོད་དོན་ལས་འགུལ་བ་ལྷན་འཛོམས་ཐོག་བོད་དོན་འཐབ་རྩོད་ཀྱི་འཐབ་ཇུས་གསར་པའི་སྐོར་གྲོས་བསྡུར།
  • རྒྱལ་ས་ལྡི་ལིར་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་ ༧ པ་འཚོགས་པ།
  • ཞི་ཅིན་ཕིང་གིས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏང་རྒྱུ་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པའི་ཕུགས་དམིགས་ཤིག་ཡིན་པར་ལྡོག་ཐབས་མེད་པ་ནན་བརྗོད།
  • བཙན་བྱོལ་བོད་ཕྲུག་རྣམས་ནས་རང་ཉིད་ཀྱི་སྤྱོད་པ་དང་ཤེས་ཡོན་གཉིས་ཀའི་ཐད་ནས་མི་རིགས་དང་སྤྱི་ཚོགས་ལ་ཕན་འདོགས་ཐུབ་མཁན་ཞིག་བྱེད་དགོས་པ་གསུངས་འདུག
  • གཅིན་སྙི་ནད་གཞི་ཉིན་མོ། གཅིན་སྙི་ནད་གཞིའི་སྔོན་འགོག་དང་བཅོས་ཐབས།

ཁ་སང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ བདག་གིར་བཞེས་པའི་༸སྐུའི་གོ་སྟོན་སྲུང་བརྩི་དང་། དེ་བཞིན་༸རྒྱལ་བའི་མཛའ་གྲོགས་ཡུལ་དེའི་སྲིད་འཛིན་དམ་པ་ Vaclav Havel མཆོག་ད་ལྟུ་སྐུ་ཚོ་བཞུགས་ཡོད་ཚེ་དགུང་གྲངས་ ༨༩ ལ་ཕེབས་ཀྱི་ཡོད་པའི་དུས་ཚིགས་དང་བསྟུན། དབུ་ཁྲིད་རྣམ་གཉིས་ཀྱི་མཛད་རྗེས་ལ་ཆེ་བསྟོད་དང་ཁོང་རྣམ་གཉིས་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་བར་རྗེས་དྲན་ཞུས་པའི་ལས་རིམ་ཞིག་འཚོགས་འདུག

 “Dalai Lama 90 & Havel 89- Tribute to His Holiness the Dalai Lama” gala evening

ལས་རིམ་འདི་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ Petr Pavel མཆོག་གི་རྒྱབ་སྐྱོར་ཐོག ཅེཀ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྲིད་འཛིན་དམ་པ་ Vaclav Havel མཆོག་གི་དཔེ་མཛོད་ཁང་། དེ་བཞིན་ United Islands ཞེས་པའི་མཉམ་འབྲེལ་གླིང་ཕྲན་ཞེས་པའི་ཚོགས་པ་གསུམ་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་བོད་པའི་གནད་ཡོད་མི་སྣ་ཁག་གཅིག་ནས་མཉམ་ཞུགས་གནང་འདུག དེའི་སྐོར་ Prague ནང་དུ་ཆེད་དུ་གཉེར་བའི་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་ཡོད།

“Dalai Lama 90 & Havel 89- Tribute to His Holiness the Dalai Lama” gala evening
པར་དབང་། Sikyong Penpa Tsering (FB Page)

རྩ་བའི་ཁ་སང་གི་ལས་རིམ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཏམ་བཤད་ཁྲོད། ང་ཚོའི་ངོས་ནས་༸གོང་ས་མཆོག་དང་སྲིད་འཛིན་དམ་པ་ Vaclav Havel མཆོག་རྣམ་གཉིས་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་བ་དྲན་གསོ་གནང་བའི་སྐབས་སུ། སྲིད་འཛིན་ Havel དམ་པ་ཁོང་གི་མཛད་རྗེས་དང་ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཀུན་ལ་སྩལ་བའི་བྱམས་བརྩེ་དང་ཞི་བདེའི་བརྡ་ལན་དག་དྲན་གསོ་གནང་དགོས་གལ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ།  དབུ་ཁྲིད་རྣམ་པ་གཉིས་ཀ་དམར་པོའི་གཞུང་གི་དཀའ་སྡུག་འོག་རང་ཉིད་ཀྱི་མི་མང་ཚོའི་རང་དབང་ཆེད་འཐབ་རྩོད་གནང་མྱོང་ཡོད་ཀྱང་། ད་ཆ་ཅེཀ་མི་མང་རྣམས་ལ་རང་དབང་ཐོབ་ཟིན་ཡང་། བོད་མི་རྣམས་དུས་ད་ལྟའང་འཐབ་རྩོད་བྱེད་མུས་ཡིན་པ་དྲན་གསོ་གནང་འདུག

“Dalai Lama 90 & Havel 89- Tribute to His Holiness the Dalai Lama” gala evening
པར་དབང་། Sikyong Penpa Tsering (FB Page)

དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ SEE Learning ཞེས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ་ཐོག་མཛད་ཁུར་རླབས་ཆེན་བཞེས་བཞིན་པའི་སྐོར་དང་། ལྷག་པར་དུ་༸གང་ཉིད་མཆོག་གིས་བོད་དོན་བདེན་མཐའ་གསལ་ཐབས་ཐོག་ལ་ཐུགས་འགན་གཙོ་བཞེས་མཛད་བཞིན་ཡོད་པ་ལྟར། དེ་རིང་འདིར་ཕེབས་པ་ཚང་མས་བོད་དོན་སྐོར་ལ་མཁྱེན་རྒྱ་ཡོད་མཁན་ཤ་སྟག་ཡིན་པ་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ལྟ་བུར་ཆ་མཚོན་ན་ད་ལྟ་བོད་མིའི་འཐབ་རྩོད་དེ་དངོས་སུ་མྱངས་མྱོང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བཞིན་པར་ཅེིཀ་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

“Dalai Lama 90 & Havel 89- Tribute to His Holiness the Dalai Lama” gala evening
པར་དབང་། Sikyong Penpa Tsering (FB Page)

གཞི་རྩའི་རྩོམ་པ་པོ་དང་སྙན་ངག་པ་འཐབ་རྩོད་པ་སྐུ་ཞབས་ Vaclav Havel དམ་པ་དེ་ཉིད་ནི་ CzechoSlovakia ཁ་འཐོར་མ་བྱུང་གོང་སྟེ་ཕྱི་ལོ་ ༡༩༨༩ ནས་ ༡༩༩༢ བར་ཡུལ་དེའི་སྲིད་འཛིན་མཐའ་མ་དང་། དེ་བཞིན་ ༡༩༩༣ ནས་ ༢༠༠༣ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་དེ་ཆགས་ཡོད་ཅིང་། ཁོང་གིས་ ༡༩༩༠ ལོའི་ཕྱི་ཟླ་ ༡ པོའི་ནང་སྲིད་འཛིན་གྱི་མཛད་འགན་བཞེས་པའི་སྐབས་མང་ཚོགས་ལ་གསུང་བཤད་ནང་། དམར་ཤོག་སྲིད་གཞུང་གི་འོག་ཏུ་བཀག་སྡོམ་བྱས་པའི་ཡེ་ཤུའི་བླ་ཆེན་ Pope John Paul གཉིས་པ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་རྣམ་པ་གཉིས་ཀ་གདན་འདྲེན་ཞུ་རྒྱུའི་དགོངས་པ་ཡོད་པ་གསལ་བསྒྲགས་གནང་བ་ལྟར། ལོ་དེའི་ཕྱི་ཟླ་ ༢ པའི་ནང་༸གོང་ས་མཆོག་ཡུལ་དེའི་ཐེངས་དང་པོ་གདན་ཞུ་དང་འབྲེལ། དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་ཐོག་མ་དེ་བྱུང་ཡོད་པ་རེད།

“Dalai Lama 90 & Havel 89- Tribute to His Holiness the Dalai Lama” gala evening
པར་དབང་། Sikyong Penpa Tsering (FB Page)

གཤམ་ལ་ཁ་སང་གི་ལས་རིམ་དེའི་ཐོག་དངོས་སུ་བཅར་བའི་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས།  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཅེཀ་སྲིད་འཛིན་ཟུར་པ་སྐུ་ཞབས་ Vaclav Havel དམ་པ་དེ་ཉིད་གཉིས་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་སྐོར་འགྲེལ་བརྗོད་གནང་བ་ཞིག་གསན་གནང་ཡོང་བ་ཞུ།

འབྲེལ་ཡོད་གསར་གནས།

གསར་གནས།