Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་ཀྱི་གློག་བརྙན་དུས་སྟོན་སྐབས་བག་ལེབ་ཕྱེད་ཀ་ཞེས་པའི་གློག་བརྙན་ལ་ཨང་དང་པོའི་བྱ་དགའ་ཐོབ་པ།

བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་བཅུ་གཉིས་པ།

འདི་ལོའི་སུད་སི་ཛུ་རིག་གྲོང་ཁྱེར་ནང་ཚོགས་པའི་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༢ པ་དེ་ཟླ་ ༩ ཚེས་ ༩ ནས་ ༡༢ བར་ཉིན་གྲངས་བཞིའི་ཚོགས་འདུག་ཅིང། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་བོད་ཕྱི་ནང་གཉིས་ཀྱི་སྒྱུ་རྩལ་བ་ཚོས་བཟོ་སྐྲུན་གནང་བའི་གློག་བརྙན་ལྷ་མོ་དང་སྐལ་བྷེ། ཨ་མ་མཁའ་འགྲོ མེ་ཏོག་དཀར་པོ་སོགས་གློག་བརྙན་རིང་ཐུང་མི་འདྲ་བ་བདུན་གཟིགས་འབུལ་ཞུས་ཡོད་པ་རེད། ད་ལྟའི་ཆར་བོད་ཀྱི་གློག་བརྙན་དུས་འདིར་ས་གནས་མང་ཚོགས་ནས་དོ་སྣང་དང་དགའ་མོས་ཅན་གྱི་གློག་བརྙན་དུས་སྟོན་གྲས་ཤིག་ཏུ་གྱུར་ཡོད་པ་རེད།རྩ་བའི་སུད་སི་ནང་ཚོགས་བཞིན་པའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་ཐོག་མར་ཕྱི་ལོ་ ༢༠༠༨ པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་ལོ་དེར་བོད་ནང་ཆེད་སྐྱོད་ཀྱིས་འཇིགས་བྲལ་གློག་བརྙན་ཞེས་པ་བཟོ་སྐྲུན་གནང་རྗེས་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྟབས། སུད་སི་གནས་སྡོད་ཁོང་གི་སྤུན་ཆེད་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ཀྱི་ཕུགས་བསམ་དང་བོད་ནང་གི་བོད་མིའི་མངོན་འདོད་རྣམས་རྒྱལ་སྤྱིའི་ཐོག་གློག་བརྙན་ལམ་ནས་དྲིལ་བསྒྲགས་ཀྱི་གོ་རྟོགས་སྤེལ་ཆེད་བོད་ཀྱི་གློག་བརྙན་དུས་སྟོན་དེ་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད།ད་ལྟའི་བོད་ཀྱི་གློག་དུས་སྟོན་དེ་ལོ་ལྟར་སུད་སི་གྲོང་ཁྱེར་ཛུ་རིག་དངབཞུགས་སྒར་དྷརྨ་སཱ་ལཱ། ལོན་ཊོན། དེ་བཞིན་འཇར་མི་ནིའི་རྒྱལ་ས་སྦར་ལཎ་བཅས་སོ་སོར་ཚོགས་ཀྱི་ཡོད་པ་རེད།

བོད་ཀྱི་གློག་བརྙན་དུས་སྟོན་ཐོག་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་འཁྲབ་ཁྲིད་པ་བསྟན་འཛིན་ལ་ཐོབ་པ།

དེའང་ཟླ་བ་འདིའི་ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་ཀྱི་རིང་སུད་སི་གྲོང་ཁྱེར་ཛུ་རེག་ནང་རྟེན་གཞི་བྱས་པའི་བོད་དོན་གློག་བརྙན་བཟོ་སྐྲུན་ཁང་གི་གོ་སྒྲིག་འོག སུད་སི་དང་དེ་བཞིན་དྷ་ས་ Blossom Village Resort དུ་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༠ པ་དབུ་འཛུགས་གནང་ཡོད་པ་དང་། འདི་ལོའི་དུས་སྟོན་ཐོག་སྐར་མ་ ༥ ཅན་གྱི་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་བཞུགས་སྒར་གནས་སྡོད་བསྟན་འཛིན་རྣམ་གྲོལ་ལགས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ཞེས་པར་ཨང་དང་པོའི་བྱ་དགའ་ཐོབ་སོང་།     ཐེངས་འདིའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲོད་ནས་བཟོ་སྐྲུན་གནང་བའི་གློག་བརྙན་ ༡༦ གཟིགས་འབུལ་ཞུས་པ་མ་ཟད། རྒྱ་གར་དང་བལ་ཡུལ་གཉིས་ནང་གནས་བཞུགས་བོད་མི་གཞོན་སྐྱེས་ལྔས་བཟོས་པའི་དུས་ཐུང་འགྲན་ཞུགས་གློག་བརྙན་ལྔ་བཅས་གཟིགས་འབུལ་ཞུས་པ་ལྟར་དེའི་ཁོངས་ནས་དུས་ཐུང་གློག་བརྙན་རྩེད་ཕུད་ འདེམས་ཐོན་གནང་ཐོག་ཨང་དང་པོ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་བཟོས་པའི་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ལ་ཨ་སྒོར་ ༡༦༠༠ ཐམ་པ་དང་གཟེངས་རྟགས་བཅས་བྱ་དགའ་གནང་ཡོད་པ་རེད། གཞི་རྩའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་ filming for...

བོད་ཀྱི་གློག་བརྙན་དུས་སྟོན་ཐོག་དོན་གྲུབ་དབང་ཆེན་ལགས་ལྷན་ཞུགས།

འཇིགས་བྲལ་གློག་བརྙན་ཞེས་པ་བཟོ་སྐྲུན་གནང་རྐྱེན་ལོ་དྲུག་རིང་རྒྱ་ནག་གི་བཙོན་ཁང་དུ་བཙོན་འཇུག་གནང་མྱོང་ཡོད་པའི་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དངོས་སུ་ལྷན་ཞུགས་ཐོག་སུད་སི་ནང་བོད་ཀྱི་གློག་བརྙན་དུས་སྟོན་དབུ་བརྙེས་ནས་མི་ལོ་བཅུ་འཁོར་བར་སྲུང་བརྩི་ཞུས་སོང་། རྩ་བའི་བོད་ཀྱི་གློག་བརྙན་དུས་སྟོན་འམ་ Filming For Tibet ཞེས་པའི་དུས་སྟོན་དེ་ནི་ཕྱི་ལོ་ ༢༠༠༨ པེ་ཅིང་ཨོ་ལམ་པིག་རྩེད་འགྲན་ཚོགས་སྐབས་ལོ་དེར་བོད་ནང་ཆེད་བསྐྱོད་ཀྱིས་དངོས་འབྱུང་གློག་བརྙན་འཇིགས་བྲལ་ཞེས་པ་བཟོ་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་རྗེས་སུད་སི་གནས་སྡོད་ཁོང་གི་སྤུན་མཆེད་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ཀྱི་ཕུགས་བསམ་དང་བོད་ནང་གི་བོད་མིའི་མངོན་འདོད་རྣམས་རྒྱལ་སྤྱིའི་ཐོག་གློག་བརྙན་བརྒྱུད་ནས་དྲིལ་བསྒྲགས་གོ་རྟོགས་སྤེལ་ཆེད་དུ་དབུ་འཛུགས་གནང་བའི་གློག་བརྙན་དུས་སྟོན་ཞིག་ཡིན་པ་རེད། སུད་སིར་རྟེན་གཞི་བྱས་པའི་བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་པའི་ངོས་ནས་ལོ་ལྟར་སུད་སི་གྲོང་ཁྱེར་ཛུ་རིག་དང་དེ་བཞིན་བཞུགས་སྒར་དྷ་རྨ་ས་ལ་གཉིས་སུ་གློག་བརྙན་དུས་སྟོན་དེ་ཚོགས་ཀྱི་ཡོད་པ་དང་། ལྷག་པར་དུ་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་ཐོབ་རྗེས་ད་རེས་གློག་བརྙན་དུས་སྟོན་ཐོག་དངོས་སུ་ལྷན་ཞུགས་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་གློག་བརྙན་དུས་སྟོན་དང་བསྟུན་དོན་གྲུབ་དབང་ཆེན་ལགས་སུ་བཅར་འདྲི་ཞུས་པར་ཕྱི་ལོ་ ༢༠༠༨ རྗེས་ནས་བོད་ས་ཡོངས་རྫོགས་ཀྱི་གནས་སྟངས་སྡུག་ཏུ་ཕྱིན་ནས་བོད་དེ་ད་ཆ་འཛམ་གླིང་གི་བཙོན་ཁང་ཆེ་ཤོས་ལྟ་བུར་གྱུར་ཡོད་ཅེས་གསུངས་པ་ཆབས་ཅིག རྒྱ་གཞུང་གིས་ད་བར་བོད་ནང་གི་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོས་འཛིན་གྱིས་བསྒྱུར་བཅོས་གཏོང་དགོས་པ་གསུངས་སོང་། འདི་ལོར་བོད་ཀྱི་གློག་བརྙན་དུས་སྟོན་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་མཛད་སྒོ་དེ་དེ་རིང་ཟླ་ ༩ ཚེས་ ༡༢ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་པ་དང་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་གི་ཡོད་པ་རེད། བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་སྐུ་ཟླ་ལྷ་མོ་མཚོ་ལགས་དང་། བོད་ཀྱི་གློག་བརྙན་དུས་སྟོན་གྱི་ཚོགས་གཙོ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། དེ་བཞིན་བཙན་བྱོལ་ནང་གི་བོད་མི་བོད་གློག་བརྙན་བཟོ་སྐྲུན་པ་ཁག་གཅིག་བཅས་ལྷན་འཛོམས་བྱུང་འདུག དེ་བཞིན་དེ་རིང་ནས་ཕྱི་ཚེས་ ༡༥ བར་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་འཚོགས་བཞིན་པའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་བོད་ནང་ཕྱི་ནང་གཉིས་ཀྱི་བོད་མི་གློག་བརྙན་བཟོ་སྐྲུན་པ་ཁག་གནས་བཟོ་སྐྲུན་ཞུས་པའི་གློག་བརྙན་གཡང་མདའ་དང། འཇིགས་བྲལ། ཐར་ལོ། སྐྱོ་དབྱངས་མངར་མོ།...

བོད་ཀྱི་གློག་བརྙན་དུས་སྟོན་ཐོག་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་ཤ་བོ་རྡོ་རྗེ་ལགས་ལ་ཐོབ་པ།

དེའང་ཟླ་བ་འདིའི་ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་ཉིན་གི་རིང་སུད་སི་གྲོང་ཁྱེར་ཛུ་རེག་ནང་རྟེན་གཞི་བྱས་པའི་བོད་དོན་གློག་བརྙན་བཟོ་སྐྲུན་ཁང་གི་གོ་སྒྲིག་འོག སུད་སི་དང་དེ་བཞིན་རྡ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༨ པ་དབུ་འཛུགས་གནང་ཡོད་པ་དང་། འདི་ལོའི་དུས་སྟོན་ཐོག་སྐར་མ་ ༥ ཅན་གྱི་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་ཤ་བོ་རྡོ་རྗེ་ལགས་ལ་ཐོབ་སོང་། ཐེངས་འདིའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲོད་ནས་བཟོ་སྐྲུན་གནང་པའི་གློག་བརྙན་དྲུག་གཟིགས་འབུལ་ཞུས་པ་མ་ཟད། རྨི་ལམ་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་ཁབ་གསུམ་ནས་ཡོང་བའི་དུས་ཐུང་འགྲན་ཞུགས་པའི་གློག་བརྙན་དགུ་བཅས་གཟིགས་འབུལ་ཞུས་པ་ལྟར་དེའི་ཁོངས་ནས་དུས་ཐུང་གློག་བརྙན་རྩེད་ཕུད་གསུམ་འདེམས་ཐོན་གནང་ཐོག་ཨང་དང་པོ་ཤ་བོ་རྡོ་རྗེ་ལགས་ཀྱིས་བཟོས་པའི་མཐའ་མའི་དྲན་ཐོར་ཨ་སྒོར་ ༥༠༠ དང་། ཨང་གཉིས་པ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་བཟོས་པའི་རྨི་ལམ་ལ་ཨ་སྒོར་ ༣༠༠ དེ་བཞིན་ཨང་གསུམ་པ་གྲྭ་ཀུན་དགའ་རིན་ཆེན་ལགས་ཀྱིས་བཟོས་པའི་མི་ཚེ་ཇ་ཕོར་པ་གང་ལ་ཨ་སྒོར་ ༢༠༠ ཐམ་པ་བཅས་བྱ་དགའ་གནང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་ཀྱི་ལོ་རྒྱུས་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱིས་ཐོག་མར་བོད་ཀྱི་རྒྱལ་ས་ལྷ་སར་བདེ་སྐྱིད་འོད་སྣང་ཞེས་པའི་གློག་བརྙན་ཁང་ཞིག་གསར་འཛུགས་གནང་པའི་སྐོར་དང་ལྷག་པར་བོད་མི་ཚོ་བཙན་བྱོལ་དུ་ཐོག་མ་འབྱོར་སྐབས་རྡོ་རྗེ་གླིང་གི་ Ritz Cinema གློག་བརྙན་ཁང་དུ་དངུལ་བསྡུ་རུབ་ཀྱིས་ལྟད་མོ་ལྟ་བར་འགྲོ་བའི་དུས་ཚོད་དྲན་གསོ་གནང་སོང། གཞི་རྩའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་ filming for...

བོད་ཀྱི་གློག་བརྙན་དུས་སྟོན་སྐབས་བག་ལེབ་ཕྱེད་ཀ་ཞེས་པའི་གློག་བརྙན་ལ་ཨང་དང་པོའི་བྱ་དགའ་ཐོབ་པ།

འདི་ལོ་བོད་ཀྱི་གློག་བརྙན་དུས་ཆེན་ཐེངས་ ༧ གློག་བརྙན་འགྲན་བསྡུར་ནང་རྒྱ་གར་བྱང་ཕྱོགས་རཱཇ་པུར་ནས་ཡིན་པའི་གྲྭ་ཀུན་དགའ་རིན་ཆེན་ལགས་ཀྱིས་བཟོ་སྐྲུན་གནང་པའི་གློག་བརྙན་བག་ལེབ་ཕྱེད་ཀ་ཞེས་པར་ཨང་དང་པོའི་བྱ་དགའ་ཐོབ་སོང་། དེ་ཡང་ལོ་ལྟར་བོད་ཀྱི་རློག་བརྙན་དུས་སྟོན་ཐོག་བོད་ཕྱི་ནང་གཉིས་ནས་བཟོ་སྐྲུན་གནང་པའི་བོད་ཀྱི་གློག་བརྙན་ཁག་ཅིག་གཟིགས་འཕུལ་ཞུས་པ་ཙམ་མ་ཡིན་པར། བོད་རིགས་ན་གཞོན་རྣམས་ལ་གློག་བརྙན་བཟོ་སྐྲུན་དང་འབྲེལ་བའི་དོ་དབྱིངས་འཕར་མ་བསྐྲུན་ཐབས་སུ་བརྗོད་གཞི་འདྲ་མིན་ཐོག་སྐར་མ་ལྔ་ཅན་གྱི་གློག་ཐུང་ངུ་འགྲན་བསྡུར་ཞིག་ཀྱང་གནང་སྲོལ་ཡོད་པ་ལྟར། འདི་ལོ་ ༢༠༡༦ ལོའི་བོད་ཀྱི་གློག་བརྙན་དུས་ཆེན་གྱི་གློག་བརྙན་འགྲན་བསྡུར་དེ་ Food འམ་ཁ་ཟས་ཞེས་པའི་བརྗོད་གཞིའི་ཐོག་གནང་ཡོད་པ་མ་ཟད། འགྲན་བསྡུར་དེའི་ནང་ཁྱོན་བསྡོམས་གློག་བརྙན་འདྲ་མིན་ཁག་བདུན་ནས་མཉམ་ཞུགས་གནང་ཡོད་པ་རེད། འགྲན་བསྡུ་དེའི་ཁྲོད་གྲྭ་ཀུན་དགའ་རིན་ཆེན་ལགས་ཀྱིས་བཟོ་སྐྲུན་གནང་པའི་གློག་བརྙན་བག་ལེབ་ཕྱེད་ཀ་ཞེས་པ་དེར་ཨང་དང་པོའི་བྱ་དགའ་ཐོབ་སྟབས། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཁོང་ལ་གློག་བརྙན་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་བག་ལེབ་ཕྱེད་ཀ་ཞེས་པའི་གློག་བརྙན་དེ་ནི་ཆོས་ཕྱོགས་ནས་གསུང་པའི་སྦྱིན་པ་དང་འབྲེལ་ཏེ་བཟོ་སྐྲུན་གནང་པ་ཞིག་ཡིན་པ་དང་། ལྷག་དོན་ང་ཚོས་རྣམ་ཀུན་ཁ་ཟས་གང་བཟའ་རུང་ཀུན་སློང་བཟང་པོའི་ཐོག་ནས་སྤྱོད་དགོས་གལ་ཡིན་པ་མངོན་གསལ་གནང་འདུག་པ་མ་ཟད། མ་འོངས་པར་ཁོང་གིས་མུ་མཐུད་ཐུན་མོང་མ་ཡིན་པའི་ཆོས་ཀྱི་བསླབ་བྱ་རྣམས་གློག་བརྙན་བརྒྱུད་གཟིགས་འབུལ་ཞུ་རྒྱུ་འཆར་གཞི་ཡོད་སྐོར་ཡང་གསུངས་སོང་། གཞི་རྩའི་ད་རེས་ཀྱི་འགྲན་བསྡུར་དེའི་ཐོག་ཨང་དང་པོ་སོན་མཁན་ལ་ཨ་སྒོར་ $ ༥༠༠ དང་། ཨང་གཉིས་པར་ཨ་སྒོར་ $ ༣༠༠ དེ་བཞིན་ཨང་གསུམ་པ་ལ་ཨ་སྒོར་ $ ༢༠༠  བཅས་ཀྱི་བྱ་དགའ་དང་ལྷན་སུད་སིར་བཅར་བཞུགས་བོད་རིགས་སྒྱུ་རྩལ་བ་ཐུབ་བསྟན་ལགས་ཀྱིས་འབུར་བརྐོས་གནང་པའི་གཡག་གཟུགས་གཅིག་རེ་གནང་འདུག་པ་མ་ཟད། མང་ཚོགས་ནས་དགའ་མོས་ཆེ་ཤོས་གནང་བའི་གློག་བརྙན་མོག་མོག་ཞེས་པར་ཨ་སྒོར་...

Latest news

- Advertisement -spot_img