Tibetan Royal Year of 2151 | Year of the Wood Dragon

སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ མཇུག་སྒྲིལ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པའི་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱྰ་གཙོས་པའི་གྲོས་གཞི་དོན་ཚན་བདུན་གཏན་འབེབས་ཀྱིས་དེ་རིང་ཚོགས་ཆེན་མཇུག་སྒྲིལ་ཟིན་པ་དང་སྦྲགས་ཏེ་ཚེ་རིང་སྒྲོལ་མ་ལགས་སྐབས་ ༡༤ པའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན་བྱུང་སོང་།

དེ་ཡང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་ཟླ་བ་འདིའི་ཚེས་ ༡༩ ནས་ ༢༤ བཅས་ཉིན་གྲངས་དྲུག་རིང་ཚོགས་པའི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཕྱི་དྲོར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་འོས་འདེམས་ཀྱི་ལས་རིམ་ཐོག་ས་གནས་རྣམས་ནས་སྔོན་འགྲོའི་ས་བོན་གྱི་འོས་མི་ཁག་གཅིག་མཚན་འདོན་གནང་བ་དང་སྦྲགས། འོས་བསྡུ་གནང་བའི་བརྒྱུད་ཚོགས་བཅར་བ་རྣམས་ནས་སྔོན་འགྲོའི་འོས་མི་ ༢༢  འོས་འདེམས་གནང་ཡོད་པ་དང་། དེ་རྗེས་དངོས་གཞིའི་འོས་འདེམས་ཁྲོད་བོད་ཀྱི་དབུས་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་མི་གྲངས་ ༡༡ འདེམས་སྒྲུག་གིས་ཚེ་རིང་སྒྲོལ་མ་ལགས་སུ་འོས་གྲངས་ ༡༢༢ ཐོབ་སྟེ་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐབས་ ༡༤ པའི་ཚོགས་གཙོར་བདམས་ཐོན་བྱུང་སོང་བ་དང་།  སྐལ་བཟང་སྒྲོལམ་ལགས་སུ་འོས་གྲངས་ ༧༧ ཐོབ་སྟེ་ཚོགས་གཞོན་དུ་བདམས་ཐོན། དེ་བཞིན་བསྟན་འཛིན་ཉི་མ་ལགས་སུ་འོས་གྲངས་ ༩༥ ཐོབ་སྟེ་དྲུང་ཆེར་བདམས་ཐོན་བྱུང་སོང་།

twa-meeting

གོ་སྐབས་འདི་དང་བསྟུན་འདི་ག་རླུང་འཕྲིན་ཁང་གིས་བདམས་ཐོན་བྱུང་བའི་ཚོགས་གཙོ་གསར་པ་ཚེ་རིང་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་འདས་པའི་དུས་ཡུན་རིང་པོར་བེུད་ལྷན་ཚོགས་ནང་ཞུགས་མྱོང་ཡོད་པ་མ་ཚད་དབུས་སྤྱི་ཁྱབ་ཚོགས་གཞོན་གྱི་འགན་ཁུར་ཐེངས་གཉིས་བཞེས་ཡོད་སྟབས་ཚོར་སྣང་དམིགས་བསལ་མེད་ཀྱང་མུ་མཐུད་འགན་ཁུར་ཆེ་བཞེས་གནང་རྒྱུ་ཡིན་པ་གསུངས་སོང་།

གཞི་རྩའི་འདས་པའི་ཉིན་གྲངས་དྲུག་རིང་འཚོགས་པའི་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱཱའི་སྲུང་སྐྱོབ་གཙོས་༸པཎ་ཆེན་རིན་པོ་ཆེ་དང་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་གྲོས་གཞི་དོན་ཚན་བདུན་ཐོག་གོ་བསྡུར་གྱིས་གཏན་འབེབས་གནང་ཡོད་པ་མ་ཟད། དེ་རིང་ཚོགས་དུས་ཉིན་མཐའ་མའི་ཉིན་རྒྱབ་ཕྱག་ཚོད་ ༣ ཐོག་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བེུད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ ༣༧ ཀྱི་ཚོགས་མི་ ༡༨༠ ལྷན་ཞུགས་སར་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གི་དྲུང་ནས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་འཁུར་དམ་འབུལ་ཞུས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།