Tibetan Royal Year of 2151 | Year of the Wood Dragon

འཛམ་གླིང་གཙང་པོའི་ཉིན་མོར་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ནས་བོད་ཀྱི་ཁོར་ཡུག་ཐོག་ཐུགས་བསམ་བཞེས་དགོས་པའི་འབོད་སྐུལ་གནང་སོང་།

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

ལོ་ལྟར་ཕྱི་ཟླ་ ༩ རེས་གཟའ་ཉི་མ་བཞི་པར་འཛམ་གླིང་གཙང་པོའི་ཉིན་མོ་ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༤ ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་རྡ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས་བཞུགས་སྒར་མེག་གྷན་བཞི་མདོར་གཙང་པོའི་ཐོབ་ཐང་ཞེས་པའི་བརྗོད་གཞི་འོག་གཙང་པོའི་གལ་གནད་དང་། ལྷག་པར་དུ་བོད་ཀྱི་གཙང་པོའི་གནད་དོན་གསལ་བཏོན་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་སོང་བ་དང་འབྲེལ། རྒྱལ་སྤྱིའི་དཔོན་རིགས་རྣམས་ནས་བོད་ཀྱི་ཁོར་ཡུག་ཉམས་དམས་སུ་འགྲོ་བཞིན་པར་རྫ་དྲག་གི་གནད་དོན་ཐོག་གྲོས་བསྡུར་དང་དེ་འབྲེལ་ལག་བསྟར་དགོས་པའི་འབོད་སྐུལ་ཞུས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་དོན། དེང་གི་ཆར་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་གཙང་པོ་མང་དག་ཅིག་རྩ་གཏོར་འགྲོ་བའི་ཉེན་ཁའི་འོག་རྒྱལ་ཁབ་མང་པོས་གཙང་པོ་གང་ཐུབ་ཀྱི་བདག་གཙང་ཉར་ཐུབ་པའི་འབད་བརྩོན་གྱི་ལས་འགུལ་སྤེལ་བཞིན་ཡོད་པར་བརྟེན། ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་དང་། མང་ཚོགས་ལ་གཙང་ཆུའི་གལ་གནད་སོགས་ཀྱི་གོ་རྟོགས་སྤེལ་དགོས་གལ་ཡིན་པ་འཁོད་འདུག

ལྷག་པར་དུ་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཡིན་པས་གཏེར་ཆུའི་མཛོད་རྩ་ཆེན་ཞིག་ཆགས་ཀྱི་ཡོད་པར་རྒྱ་གཞུང་གིས་བོད་ནང་ཆུ་མཛོད་རྒྱབ་པ་དང་། ཆུ་ཁ་བསྒྱུར་བ་སོགས་ཁྲིམས་འགལ་གྱི་ལས་དོན་འོག་བོད་ཀྱི་ཁོར་ཡུག་རྩ་གཏོར་གཏོང་བཞིན་ཡོད་པར་བརྟེན། གཞིས་བཞུགས་བོད་མི་ཚོར་རང་དབང་བྲལ་བའི་གནས་སྟངས་འོག་གནས་ཡོད་ན་ཡང་། བོད་ཀྱི་གཙང་པོ་མཚོན་པའི་ཁོར་ཡུག་སྲུང་སྐྱོབ་གནང་གི་ཡོད་པར་འཛམ་གླིང་གཙང་པོའི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་དཔོན་རིགས་རྣམས་ནས་བོད་ཀྱི་ཁོར་ཡུག་རྫ་དྲག་གནད་དོན་ཐོག་དགོངས་བཞེས་ཀྱིས་གྲོས་བསྡུར་དང་དེ་འབྲེལ་ལག་བསྟར་དགོས་པའི་འབོད་སྐུལ་ཞུས་སོང་།

འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་རྒྱ་གཞུང་གི་དམ་བསྒྲགས་འོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་དང་གར་སོང་ཆ་མེད་དུ་གྱུར་བཞིན་ཡོད་པ་དང་། སོ་སོའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པར་རྒྱ་གཞུང་ནས་དེ་འབྲེལ་ཐོབ་ཐང་ནམ་ཡང་བཙན་འཕྲོག་བྱེད་ཐུབ་ཀྱི་མ་རེད་ཅེས་བརྡ་ལན་ནན་པོ་གནང་སོང་།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་པདྨ་ཆོས་སྒྲོན་ལགས་ཀྱིས། བོད་ཀྱི་ཆུ་རྒྱུན་ལ་གནོད་འཚེ་རྐྱེན་པས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་རང་བཞིན་གྱི་གནོད་འཚེ་འབྱུང་གི་ཡོད་པ་དང་། གཞིས་བཞུགས་བོད་མི་ཚོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་དོན་གཉེར་གྱི་ཡོད་སྟབས། ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ནས་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་བཙོན་པ་སོགས་ཀྱི་དངོས་བདེན་ར་སྤྲོད་གནང་དགོས་གལ་ཡིན་པ་གསུངས་སོང་།

མ་ཟད་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་སྐལ་བཟང་སྒྲོལ་མ་ལགས་ཀྱིས། ད་ལྟའི་ཆར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་ཆུ་མཛོད་ ༨༦༠༠༠ ལྷག་རྒྱག་ཡོད་པ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཆུ་མཛོད་དེ་དག་ལས་གློག་ཤུགས་འདོན་རྒྱུ་གཙོས་པའི་ཁོར་ཡུག་ལའང་ཕན་ཐོགས་ཡོད་ལུགས་ཀྱི་འཁྱོག་བརྗོད་འབའ་ཞིག་བྱེད་ཀྱིན་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་བཟོ་རྒྱུར་དམིགས་པ་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་།

གཞི་རྩའི་རྒྱ་ནག་གིས་བོད་མཐོ་སྒང་ནས་མཆེད་པའི་ཡར་ཀླུངས་གཙང་པོ་རྒྱུད་དུ་གསང་སྟབས་ཀྱིས་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་ཤིག་གསར་སྐྲུན་བྱེད་བཞིན་ཡོད་པར་བརྟེན། ཉམས་ཞིབ་པ་མང་པོས་ལས་གཞི་དེས་གཙང་པོའི་སྨད་རྒྱུད་དུ་ཆགས་པའི་རྒྱ་གར་དང་བྷང་ལ་དེ་ཤ་ཡི་ཁོར་ཡུག་ཐོག་གོད་ཆག་ཚབས་ཆེན་ཕོག་རྒྱུའི་ཉེན་ཁ་ཡོད་ཅེས་མངོན་གསལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།