Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་གཞི་རྒྱ་ཆེ་བའི་གསང་བའི་གྲངས་ཐོ་ཕྱིར་གྱར་བྱུང་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་དྲ་རྒྱའི་གསང་བ་རྐུ་འཁྱེར་གྱི་ཚོང་ལས་ཁང་ཞིག་གིས་རྒྱལ་ནང་དང་ཕྱི་རྒྱལ་ཁབ་ ༢༠ ཙམ་གྱི་སྲིད་གཞུང་གཙོས་པའི་ཚོགས་སྡེ་དང་མི་སྒེར་སོགས་ཀྱི་གནས་ཚུལ་གསང་བ་རྐུ་འཁྱེར་བྱས་པའི་གཞི་རྒྱ་ཆེ་བའི་གྲངས་ཐོ་ཕྱིར་གྱུར་བྱུང་འདུག

དེ་ཡང་ Washington Post ཝ་ཤིང་ཊོན་གསར་ཁང་གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། བདུན་ཕྲག་སྔོན་མའི་ནང་ཨ་རིར་རྟེན་གཞི་བྱས་པའི་ GitHub མཉེན་ཆས་བཟོ་བསྐྲུན་བྱ་སའི་དྲ་ཚིགས་ཐོག་རྒྱ་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་ I-Soon འམ་རྒྱ་སྐད་དུ་ Auzun ཚོང་ལས་ཁང་གིས་རྐུ་འཁྱེར་བྱས་པའི་གསང་བའི་གྲངས་ཐོ་ཕྱིར་གྱར་བྱུང་ཡོད་པ་དང་འབྲེལ། དེའི་ནང་གློག་འཕྲིན་དང་བརྙན་པར། བཀའ་མོལ། ཡིག་ཆ་བཅས་ཡོད་པ་ཐེར་འདོན་གནང་སྟེ། ཚོང་ལས་ཁང་དེས་ལོ་ངོ་བརྒྱད་ཀྱི་རིང་ཕྱི་རྒྱལ་གྱི་གྲངས་ཐོ་འདོན་རྒྱུའི་གན་རྒྱ་རྒྱས་པར་བཞག་པ་ཡོད་པ་མ་ཟད། རྒྱ་གར་དང་། ཧོང་ཀོང་། ཐེ་ལནྜ། ལྷོ་ཀོ་རི་ཡ། དབྱིན་ཇི། ཐེ་ཝན། མ་ལེ་ཤི་ཡ་སོགས་ཕྱི་རྒྱལ་གྱི་སྲིད་གཞུང་དང་ས་ཁུལ་ཉི་ཤུའི་ཙམ་ལ་དམིགས་འབེན་བྱས་ཡོད་པ་མངོན་གསལ་གནང་འདུག

ལྷག་པར་ཐོ་གཞུང་ཞིག་གི་ནང་དུ་རྒྱ་ནག་ཕྱིའི་ཚོགས་སྡེ་སོགས་ཁྱོན་ ༨༠ ཙམ་གསང་བའི་གནས་ཚུལ་རྐུ་འཁྱེར་ལམ་ལྷོང་བྱུང་ཡོད་ཅིང་། དེའི་ཁྲོད་རྒྱ་གར་གྱི་འགྲོ་འོང་གནས་སྤོའི་གནས་ཚུལ་དང་། ལྷོ་ཀོ་རི་ཡའི་ནང་སྐད་ཆ་ཤོད་རེས་ཀྱི་གནས་ཚུལ། དེ་བཞིན་ཐེ་ཝན་གྱི་གཞུང་ལམ་ལས་འཆར་སོགས་ཀྱི་གསང་བའི་གནས་ཚུལ་ཕོན་ཆེན་ཞིག་རྐུ་འཁྱེར་བྱས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ནང་གི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་གྲངས་ཉུང་མི་རིགས་སོགས་ཀྱི་གནས་ཚུལ་ཡང་ཡོད་པ་རེད་འདུག

མ་ཟད་ཚོང་ལས་དེས་ཨོསྟྲེ་ལི་ཡའི་མི་ ༣༥༠༠༠ དང་ཨ་རིའི་མི་ ༥༠༠༠༠ བཅས་ཀྱི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱས་ཡོད་པ་མངོན་གསལ་དང་འབྲེལ། ཐེའི་ལེནྷ་སོགས་རྒྱལ་ཁབ་ཁག་གཅིག་གི་ཕྱི་སྲིད་ལས་ཁུངས་བཅས་ཀྱི་གསང་བའི་ཡིག་ཆའང་རྐུ་འཁྱེར་བྱས་ཤིང་། རྒྱ་གར་ལ་མཚོན་ན་གསང་བའི་གནས་ཚུལ་རྐུ་འཁྱེར་གྱི་གནད་དོན་ཙམ་མ་ཟད། སྲིད་འཛིན་ཟུར་པ་ Ram Nath Kovind མཆོག་དང་སྲིད་བློན་མོ་དྷི་མཆོག རྒྱ་གར་ཀོང་རེ་སི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ Sonia Gandhi གཙོས་པའི་ཁོང་གི་ནང་མི། དེ་བཞིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གཙོས་པའི་བློན་ཆེན་ཁག་ཅིག་དང་རྒྱ་གར་གྱི་ཆུ་དམག་དང་མཁའ་དམག་སོགས་དམག་དོན་བཅས་ལ་དམིགས་འབེན་བྱས་ཡོད་པ་རེད་འདུག

ཕྱོགས་མཚུངས་ North Atlantic Treaty Organization (NATO) བྱང་ཨཐ་ལིན་ཊིག་གི་མནའ་འབྲེལ་སྒྲག་འཛུགས་དང་། རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་པཱ་ཀིས་ཐན་སོགས་ལའང་དམིགས་འབེན་བྱས་ཡོད་འདུག

རྩ་བའི་རྒྱ་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་གསང་བ་རྐུ་འཁྱེར་གྱི་ཁེ་ལས་ཚོགས་སྡེ་དེ་ཙམ་མིན་པར་ད་དུང་ཁེ་ལས་གཞན་མང་པོ་ཡོད་པ་མ་ཟད། ཐེངས་འདིའི་གནས་ཚུལ་དང་འབྲེལ་ནས་དམིགས་འབེན་བྱ་ཡུལ་ནང་གཙོ་བོ་དེ་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་ཡོད་པ་མངོན་གསལ་གནང་འདུག་ཅིང་། རྒྱ་ནག་གི་དེ་ལྟར་བྱས་པ་གནད་དོན་གསར་པ་ཞིག་མིན་པར་དེ་སྔོན་ཡང་རྒྱ་གར་སོགས་ལ་དེ་ལྟར་གསང་བ་རྐུ་འཁྱེར་གྱི་གནད་དོན་བྱུང་ཡོད།

གནད་དོན་དེ་དང་འབྲེལ་ནས་ Google དགོས་རྒུའི་དྲ་རྒྱའི་བདེ་འཇགས་ཞིབ་དཔྱོད་གནང་མཁན་གཙོ་འཛིན་ John Hultquist ལགས་ཀྱིས་གསང་བའི་གནས་ཚུལ་མཁོ་སྤྲོད་གནང་མཁན་དེ་རྒྱལ་ཁབ་སོ་སོའི་ནང་གི་གསང་བའི་ལས་ཁུངས་ལ་ཁ་གཏད་བྱེད་མཁན་དང་། འདོད་བློ་མ་ཁེངས་པའི་རྒྱལ་ནང་མི་ཞིག ཐ་ན་ཁ་གཏད་ལ་རོགས་འདེགས་བྱེད་མཁན་གྱི་གནས་ཚུལ་མཁོ་སྒྲུབ་པ་སོགས་གང་ཡིན་ཡང་ཆོག་པ་རེད་ཅེས་གསུངས་འདུག

I-Soon ཁེ་ལས་ཚོགས་སྡེ་དེ་ནི་ཕྱི་ལོ་ ༢༠༡༠ ལོར་ཐོག་མ་གསར་འཛུགས་བྱས་པ་ཞིག་ཡིན་འདུག་པ་དང་། དེའི་ལས་ཁུངས་དབུས་དེ་རྒྱ་ནག་ Shanghai ཧྲང་ཧའེ་གྲོང་ཁྱེར་ནང་ཡོད་ཅིང་། དེའི་ལས་ཡན་ལག་ནི་པེ་ཅིང་དང་། ཟི་ཁྲོན། Jiangsu Zhejiang བཅས་ཀྱི་ནང་ཡོད་པ་མ་ཟད། ལས་དོན་ཁྱབ་ཚད་ནི་ཞིང་ཆེན་དང་། གྲོང་སྡེ། རང་སྐྱོང་ས་ཁུལ་བཅས་ཁྱོན་བསྡོམས་ ༣༢ ཆགས་ཀྱི་ཡོད་པ་རེད་འདུག

གཞི་རྩའི་བརྒྱུད་ལམ་ཁག་ཅིག་ཏུ་ཚོང་ལས་ཁང་དེའི་ལས་བྱེད་གཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་ཁ་སང་ཕྱི་ཚེས་ ༢༡ ཉིན་ཁེ་ལས་ཁང་དེ་དང་རྒྱ་ནག་ཉེན་རྟོག་བར་དེ་འབྲེལ་གསང་བ་ཕྱིར་གྱར་བྱུང་བའི་ཐོག་ཚོགས་འདུ་ཚོགས་སྐབས། ཚོང་ལས་ལ་ཤུགས་རྐྱེན་ཆེན་པོ་མི་ཐེབས་པར་མུ་མཐུད་རྒྱུན་ལྡན་གྱི་ལས་ཀ་བྱེད་དགོས་ཞེས་པའི་ནང་དོན་འགྲེལ་བརྗོད་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།