Tibetan Royal Year of 2151 | Year of the Wood Dragon

སྙན་ངག་པ་ལྡོང་རང་ལྕགས་ལགས་ཀྱི་ཨ་མ་ལགས་སྐུ་གཟུགས་གནས་སྟངས་ཞན་པོར་གྱུར་བ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་གཞུང་གིས་གྲྭ་གཞོན་སྙན་ངག་པ་བསྟན་འཛིན་མཁྱེན་རབ་བམ་སྨྱུག་མིང་ལ་ལྡོང་རང་ལྕགས་ལགས་འཛིན་བཟུང་བཙན་ཁྲིད་བྱས་ནས་མི་ལོ་གཅིག་ལྷག་ཕྱིན་ཡོད་སྟབས། ཁོང་གི་ཨ་མ་ལགས་སེམས་ཁྲལ་གྱིས་ཁོ་མོའི་གཟུགས་གཞིའི་གནས་སྟངས་ཞན་པོར་གྱུར་འདུག

ཟླ་བ་འདིའི་ཚེས་ ༡༣ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཉག་ཆུ་རྫོང་ཨོ་ཐོག་སྨད་ཐ་སྡེ་བའི་གྲྭ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ཁ་པར་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཡོད་ལུགས་སོགས་བཤད་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་མི་ལོ་གཅིག་ལྷག་ཕྱིན་ཡོད་སྟབས། ཁོང་གི་ཨ་མ་ལགས་ཀྱིས་རྒྱུན་དུ་ཁོང་ལ་སེམས་ཁྲལ་གནང་རྐྱེན་ཁོ་མོའི་གཟུགས་གཞིའི་གནས་སྟངས་ཞན་པོར་གྱུར་ཡོད་པ་བཀོད་འདུག  

འབྲེལ་ཡོད་བོད་མི་ཞིག་གིས་དེ་འབྲེལ་གསར་ཁང་ལ་རྒྱ་གཞུང་གིས་གྲྭ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ཁ་པར་ནང་༸གོང་ས་མཆོག་གི་༸སྐུ་པར་དང་། དེ་བཞིན་འཕྲུལ་དེབ་རིགས་མང་པོ་ཞིག་ཉར་ཚགས་བྱས་ཡོད་ལུགས་བཤད་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། ཁོང་ད་ཆ་འཛིན་བཟུང་བྱས་ནས་མི་ལོ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་། ཁོང་ད་ལྟའི་ཆར་བཙོན་ཁང་གང་དུ་ཡོད་མེད་དང་གཟུགས་གཞི་གནས་སྟངས་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པའི་ཁར་རྒྱ་གཞུང་གིས་ནང་མི་དང་འབྲེལ་ཡོད་སོགས་ལའང་ཁོང་གི་སྐོར་ཅི་ཡང་བཤད་མེད་པར་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་བོད་མི་དེས་ད་དུང་རྒྱ་གཞུང་གིས་གྲྭ་བསྟན་འཛིན་མཁྱེན་རབ་ལགས་འཛིན་བཟུང་བྱས་ནས་ཡུན་རིང་ཕྱིན་ཡོད་པའི་ཁྲོད་ ཁོང་གི་ཨ་མ་སྦོ་རྡེ་ལགས་ཀྱིས་རྒྱུན་དུ་ནས་སེམས་འཚབ་གནང་རྐྱེན་ཁོ་མོའི་གཟུགས་གཞི་གནས་སྟངས་སྐྱོ་བོར་གྱུར་ཡོད་པ་དང་བོད་ནང་དུ་དམ་དྲག་ཆེ་བས་ད་བར་གནས་ཚུལ་ཕྱིར་བསྒྲགས་བྱས་མ་ཐུབ་པར་ལུས་ཡོད་སྐོར་གསུངས་འདུག

ད་ལྟ་རང་ལོ་ ༢༩ ཙམ་ཡིན་པའི་གྲྭ་གཞོན་སྙན་ངག་པ་བསྟན་འཛིན་མཁྱེན་རབ་བམ་ལྡོང་རང་ལྕགས་ལགས་ནི་བོད་ཉག་ཆུ་རྫོང་ཨོ་ཐོག་སྨད་ཐ་སྡེ་བ་ནས་ཡིན་ཞིང་། ཨོ་ཐོག་དགོན་དང་ལི་ཐང་དགོན་ཆེན།  རྫ་ཆུ་ཁ་སོགས་ནས་སློབ་གཉེར་གནང་སྟེ། བོད་རྒྱ་གཉིས་ཀྱི་ཤེས་ཚད་ཡག་པོ་ཡོད་པ་མ་ཟད། རྒྱུན་དུ་རྩོམ་ཡིག་བྲི་རྒྱུར་གོམས་གཤིས་ཡོད་མཁན་ཞིག་ཡིན་འདུག་ལ། ཁོང་གི་ཁྱིམ་དུ་དགུང་ལོ་ ༥༣ ཙམ་ཡིན་པའི་ཨ་མ་སྦོ་རྡེ་ལགས་ལས་མེད་པ་རེད་འདུག

པར་དབང་བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།