༸གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་པ།

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་དེ་རིང་ཕྱི་ཟླ་ ༡ ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་རྡོར་གདན་ནས་ཆིབས་ཐོན་གྱིས་གྷ་ཡ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་སྐུ་ཞབས་བློ་བཟང་ཤཱསྟྲཱི་ལགས་ཀྱིས་དབུས་པའི་འབྲེལ་ཡོད་ལས་བྱེད་ཚོས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་གནས་མཆོག་རྡོར་གདན་ནས་ཆིབས་ཐོན་མཛད་སྐབས་ཁུལ་དེར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་ཚོས་དད་གུས་ཆེན་པོའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་སྐྱེལ་ཞུས་ཡོད།   མཛད་འཆར་ལ་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ཁུལ་དུ་ཉིན་གྲངས་གསུམ་རིང་བཞུགས་ཞག་མཛད་ཀྱི་ཡོད་པ་དང་། སང་ཚེས་ ༢༡ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ Indian Institute of Public Administration རྒྱ་གར་སྤྱི་དམངས་འཛིན་སྐྱོང་ལྟེ་གནས་སུ་བཀའ་སློབ་ལམ་སྟོན་སྩལ་རྒྱུ་དང་། ཉམས་ཞིབ་ལྟེ་གནས་ཁང་གི་མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གི་གནད་ཡོད་དཔོན་རིགས་ཁག་གཅིག་ཆེད་ཕེབས་གནང་གི་འདུག གནངས་ཚེས་ ༢༢ ཉིན་མགོན་པོ་༸གང་ཉིད་མཆོག་ནས་ལྡི་ལི་ཁུལ་དུ་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱི་མཛད་འཕྲིན་བསྐྱངས་གྲུབ་རྗེས་ཕྱི་ཚེས་ ༢༣ ཉིན་ཧི་མཱ་ཅལ་མངའ་སྡེའི་དྷརྨ་སཱ་ལཱའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་པ་རེད།

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་གཅིག་ཙམ་གྱི་བཞུགས་ཞག་མཛད་རིང་ལ་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་མི་གྲངས་ཁྲི་བདུན་ལྷག་ལ་བཀའ་ཆོས་བཀྲིན་སྩལ་ཡོད་པར་མ་ཟད། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་པ་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དབུ་འབྱེད་མཛད་པ་དང་། དེ་བཞིན་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་སྐྲུན་གྱི་རྩིག་རྨང་འཇོག་གནང་མཛད་པ་དང་འབྲེལ་ཏེ་ལམ་སྟོན་བཀའ་སློབ་སྩལ་ཡོད།གནས་མཆོག་རྡོ་རྗེ་གདན་གྱི་བཀའ་ཆོས་ཀྱི་མཛད་འཆར་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་དང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།