Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་གྲོས་ཚོགས་ནང་༸པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་བ།

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་སྟེ་༸ཀུན་གཟིགས་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༨ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན་ཁེ་ན་ཌར་གནས་བཞུགས་བོད་མི་རྣམས་ཀྱིས་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། 

ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Alexis Brunelle Duceppe ལགས་ཀྱིས་གྲོས་ཚོགས་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྩ་ཆེན་ཞིག་ཡིན་པ་དང་ལྷག་པར་རྒྱ་གཞུང་གིས་འཛིན་བཟུང་སྐབས་དགུང་ལོ་ ༦ ལས་ཕེབས་མེད་པ་མངོན་གསལ་གྱིས་རིན་པོ་ཆེ་གཙོས་ནང་མི་སྐུ་འཁོར་རྣམས་གློད་བཀྲོལ་དགོས་པའི་རྒྱབ་སྐྱོར་གྱི་གཏམ་བཤད་གནང་འདུག

ཉིན་དེར་ད་དུང་ཁེ་ན་ཌའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཁེ་ན་ཌར་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་རྣམ་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུག

ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ལགས་ཀྱིས་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་མཆོག་ནི་གོ་ལ་འདིའི་ཐོག་ཆབ་སྲིད་བརྩོན་པ་ལོ་ན་ཆུང་ཤོས་ཡིན་པར་འགྲེལ་བརྗོད་དང་འབྲེལ། རྒྱ་དམར་གཞུང་གིས་ཐེངས་གཉིས་ཙམ་ཁེ་ན་ཌའི་འོས་བསྡུར་ཐེ་གཏོགས་བྱས་ཡོད་སྟབས། ད་ལྟའི་ཆར་ཁེ་ན་ཌ་གཞུང་མང་གཉིས་ཀྱིས་བོད་ཀྱི་འཐབ་རྩོད་ལ་ཐུགས་འཚབ་ཆེས་ཆེར་གནང་གི་ཡོད་པ་མངོན་གསལ་གནང་འདུག

དེ་མཚུངས་སུ་ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གིས་གཙོས་པའི་སྐུ་འཁོར་རྣམ་པའི་གནས་སྟངས་མངོན་གསལ་དགོས་པ་དང་། ལྷག་པར་དུ་རིན་པོ་ཆེ་༸གང་ཉིད་མཆོག་རང་དབང་ལྡན་པའི་ཐོག་ནས་བཞུགས་རྒྱུའི་ཐོབ་ཐང་དགོས་པ་སོགས་གསུངས་འདུག

དེ་འབྲེལ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཐོག་༸ཀུན་གཟིགས་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་མཚན་གནས་མཐོ་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང། བོད་མི་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དང་ཁོང་རྣམ་པའི་སློབ་གཉེར་ཐད་ལ་རང་དབང་ཆ་ཚང་ཡོད་པ་དང། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གིས་གཙོས་པའི་སྐུ་འཁོར་རྣམས་ཀྱི་གནས་སྟངས་མངོན་གསལ་བྱེད་དགོས་ཞེས་གཞེན་སྐུལ་གནང་འདུག།

འབྲེལ་ཡོད་གསར་གནས།

གསར་གནས།