Tibetan Royal Year of 2151 | Year of the Wood Dragon

ཇི་ནི་ཝའི་ལྷན་ཚོགས་ཐོག་བོད་ནང་རྒྱ་གཞུང་གིས་གཉེར་བཞིན་པའི་གཏན་འཇགས་སློབ་གྲྭའི་ཉེན་ཚབས་སྐོར་གཏམ་བཤད།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ལོ་ལྟར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་རྟེན་གཞི་བྱས་ཡུལ་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་ཡུན་སྔ་རྗེས་དང་བསྟུན་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ཉེར་ལྔ་ཟུང་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་གླེང་བརྗོད་ཐོག་ཇི་ནི་ཝའི་ལྷན་ཚོགས་ཚོགས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཇི་ནི་ཝར་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༡༥ དེ་བསྐོང་ཚོགས་གནང་ཡོད་པ་རེད།

ལྷན་ཚོགས་ཐོག་བོད་ནས་བཙན་བྱོལ་དུ་ཕེབས་པའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་བོད་མིའི་ངོ་བོ་མཚོན་པའི་ཐོག་ནས་རྒྱ་ནག་གཞུང་གི་མངའ་ཁུལ་ཁག་ཏུ་དྲག་གནོན་དང་སྡུག་རྩུབ། དེ་བཞིན་དབང་ཆ་གཅིག་བསྡུས་རིང་ལུགས་ཞེས་པའི་གླེང་བརྗོད་ཐོག་ལྷན་ཞུགས་གནང་སྟེ། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུར་དམིགས་ནས་བོད་ཀྱི་ས་ཁུལ་ཁག་ཏུ་གཉེར་བཞིན་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་སྐོར་གཏམ་བཤད་གནང་ཡོད།

ཁོང་གིས་ད་ལྟའི་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་ལག་བསྟར་བྱེད་བཞིན་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་སྐད་གཙོ་བོར་འཛིན་པའི་ཤེས་ཡོན་སློབ་གསོ་དང་གཏན་འཇགས་སློབ་གྲྭའི་སྲིད་བྱུས་གཉིས་པོ་བོད་ནང་འཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་ཚོར་ལག་བསྟར་བྱེད་ཀྱི་ཡོད་པ་དང་། སྲིད་བྱུས་དེའི་ཐོག་ནས་མ་འོངས་པར་བོད་ཕྲུག་ཚོའི་རྒྱུད་ལ་བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག དེ་བཞིན་རིག་གཞུང་བཅས་པ་རྩ་མེད་བཟོས་ཏེ་རྒྱ་རིགས་སུ་བསྒྱུར་རྒྱུའི་འཆར་ལྡན་གྱི་སྲིད་བྱུས་ཞིག་རེད་ཅེས་ཁོང་བོད་ནང་དུ་བཞུགས་སྐབས་དངོས་ཀྱི་མྱོང་ཚོར་རྣམས་ལྷན་ཚོགས་ཐོག་ངོ་སྤྲོད་གནང་བར་མ་ཟད། གལ་ཏེ་རྒྱ་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་དེ་མུ་མཐུད་ནས་རྒྱུན་སྐྱོང་ལག་བསྟར་བྱས་ཚེ་ལོ་ངོ་སྟོང་ཕྲག་ལྷག་གི་དཔལ་ཡོན་དང་རིག་གནས་ལྡན་པའི་བོད་མི་རིགས་དེ་རྩ་མེད་དུ་འགྲོ་ཉེན་ཡོད་པར་གསུངས་སོང་།

སྤྱིར་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་ UN watch ཞེས་རྒྱལ་ཚོགས་ལ་ལྟ་སྲུང་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པས་དབུ་ཁྲིད་གནང་སྟེ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༠ ལྷག་མཉམ་རུབ་ཀྱིས་བཙུགས་པའི་ལྷན་ཚོགས་ཤིག་ཡིན་ཅིང་། ལྷན་ཚོགས་ཐོག་འཛམ་གླིང་ནང་གི་དབང་ཆ་སྒེར་གཅོད་གཞུང་གི་འོག་དཀའ་སྡུག་མྱངས་པའི་ཆབ་སྲིད་བཙོན་ཟུར་དང་གསར་འགོད་པ་། འགྲོ་བ་མིའི་ཐོབ་ཐང་རྩེད་ལེན་པ་སོགས་མགྲོན་འབོད་ཀྱིས་རྒྱལ་ཁབ་སོ་སོ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གླེང་སློང་གནང་ས་ཞིག་ཡིན་པ་རེད།

ཕྱི་ལོ་ ༢༠༡༠ ལོ་ནས་སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་སྟེ་ཐོག་མར་རྒྱ་ནག་གཞུང་གི་བཙོན་ཁང་ནང་བཙུན་འཇུག་གི་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན་བེུད་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་བོད་མིའི་སྐུ་ཚབ་ཐོག་གདན་ཞུ་གནང་སྟེ་བོད་དོན་ཉན་ཞིབ་ཐོག་མ་གནང་ཐུབ་པ་བྱུང་འདུག འདས་པའི་ལོ་ངོ་བཅུ་ལྷག་གི་ནང་སུད་སི་བོད་ཀྱི་བེུད་ལྷན་ཚོགས་བརྒྱུད་ནས་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན། དེ་བཞིན་བོད་དོན་འཐབ་རྩོད་པ་སོགས་འབྲེལ་ཡོད་མི་སྣ་ཁག་གདན་ཞུ་གནང་ནས་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་དང་ཉན་ཞིབ་སོགས་གནང་ཐུབ་པ་བྱུང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།