Tibetan Royal Year of 2151 | Year of the Wood Dragon

བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་སོང་།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ལགས་ཀྱི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་ཆེད་བརྩམས་ཆོས་དབུ་འབྱེད་དང་འབྲེལ། བོད་རིགས་གཞོན་སྐྱེས་རྣམས་ནས་གཟིགས་ཐུབ་ན་སེམས་ཤུགས་དང་སྤྲོ་བ་འཕེལ་རྒྱུར་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་།
དེ་རིང་ཟླ་ ༦ ཚེས་ ༦ ཉིན་གྱི་སྔ་དྲོ་ཚོུད་ ༡༡ སྟེང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མ1ང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ལགས་ཀྱིས་བརྩམས་པའི་རྩམ་ཟན་རུས་པའི་ཞེན་ཁོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།
སྐབས་དེར་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་པ་དང་འབྲེལ། བཙོན་ཟུར་ཁོང་ནས་དེ་སྔ་སྤྱི་ལོ་༡༩༦༧ དང་༡༩༧༤ བཅས་སུ་བོད་ནང་གུང་རྒོལ་ཚོགས་པ་དང་རྒྱལ་གཅེས་ཚོགས་པ་བཙུགས་པ་མ་ཟད། ལྷག་དོན་རྒྱ་གཞུང་གིས་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་བྱུས་ལ་ངོ་རྒོལ་གནང་པ་སོགས་མི་ཚེའི་ལོ་རྒྱུས་ངོ་སྤྲོད་གནང་པ་དང་ཆབས་ཅིག དེབ་འདི་གནད་འགག་གཙོ་བོ་ནི་འཕྲིན་ལས་13340178_10154160348066678_8513908007784599542_oཕུན་ཚོགས་ལགས་ནས་སྤྱི་ལོ་༡༩༥༩ གོང་གི་བོད་དང་དེའི་རྗེས་སུ་རྒྱ་གཞུང་གིས་དབང་བསྒྱུར་བྱས་པའི་བོད་ནང་གི་གནས་སྟངས། དེ་བཞིན་ཕྱིས་སུ་བཙན་བྱོལ་དུ་ཕེབས་ཏེ། བཙན་བྱོལ་སྒྲིག་འཛུགས་ནང་ལ་ཞབས་འདེགས་ཞུས་པའི་མྱོང་ཚོར་དང་འབྲེལ་བའི་གནས་ཚུལ་མང་དག་ཞིག་འཁོད་ཡོད་སྟབས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་སྤྱི་དང་། ལྷག་དོན་བོད་རིགས་གཞོན་སྐྱེས་རྣམས་ནས་གཟིགས་ཐུབ་ན་སེམས་ཤུགས་དང་སྤྲོ་བ་འཕེལ་རྒྱུར་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་།
ད་དུང་བཀའ་ཟུར་མཆོག་ནས་བོད་ཀྱི་མི་རབས་རྒན་གཞོན་འགྱུར་བ་འགྲོ་བཞིན་པའི་སྐབས་དེར་བོད་མིའི་ཆབ་སྲིད་བཙོན་པ་དང་མི་རབས་རྒན་པ་རྣམ་པའི་མཛད་རྗེས་ཁག་དེབ་ཐེར་ནང་བཀོད་ཐུབ་ན། མ་འོངས་པར་བོད་ཀྱི་གནས་ཚུལ་དང་རྒྱལ་རབས་ལ་ཞིབ་འཇུག་གནང་མཁན་རྣམས་ལ་དགེ་མཚན་ཆེན་པོ་ཡོད་སྐོར་གསུངས་ཡོད།
གཞན་ཡང་སྐབས་དེར་དཔེ་དེབ་པར་བསྐྲུན་གནང་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཀྱང་བཙོན་ཟུར་འཕྲི2ན་ལས་ཕུན་ཚོགས་ལགས་ཀྱིས་མི་ཚེ་ཧྲིལ་པོ་རིང་བོད་ཀྱི་རྩ་དོན་ཆེད་བློས་བཏང་གནང་པར་ཆེ་བསྟོད་དང་སྦྲགས། ཆབ་སྲིད་བཙོན་པའི་མི་ཚེ་ལོ་རྒྱུས་དངོས་སུ་པར་བསྐྲུན་ཞུས་པ་དེས་རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་གང་ཞིག་འགྲོ་མིན་ཤེས་རྟོགས་ཐུབ་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་ནང་དོངས་སུ་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་ཀྱི་དཔང་རྟགས་ཡང་མཚོན་གྱི་ཡོད་པ་གསུངས་སོང་།

གཞི་རྩའི་འཕྲིན་ལས་ཕུན་ཚོགས་ལགས་ནི་སྤྱི་ལོ་༡༩༣༤ ལོར་ལྷ་ལྡན་ཞིང་མཆོག་ཏུ་སྐྱེས་ཤིང་། བོད་ནང་ཡོད་སྐབས་བོད་སྤྱི་པའི་ལས་དོན་ཐོག་ལ་ཕྱག་ལས་ཤུགས་ཆེ་གནང་རྐྱེན་སྔ་རྗེས་སུ་བཙོན་ཁང་ནང་ཚུད་མྱོང་ཡོད་པ་དང་། སྤྱི་ལོ་༡༩༨༤ ལོར་བོད་ནས་བལ་ཡུལ་རྒྱུད་བཞུགས་སྒར་དུ་སྐྱབས་བཅོལ་དུ་སྦྱོར། སྤྱི་ལོ་༡༩༨༥ ལོར་སྲིད་ཞུའི་ཁོངས་སུ་བཞུགས་ཏེ་གཞོན་དྲུང་ནས་དྲུང་ལས་བར་རང་གཞུང་ལ་སྲི་ཞུ་ལེགས་གྲུབ་ཞུས་ཡོད་པ་རེད། དེ་རྗེས་རྒས་ཡོལ་དུ་ཕེབས་ནས་ནང་མི་ཟླ་སྒྲིལ་ཐོག་ཨ་རི་ནང་རང་ཉིད་ཀྱི་སྐུ་ཟླ་སྨིན་དྲུག་ཤར་ཚེ་རིང་སྒྲོལ་དཀར་ལགས་དང་ལྷན་བཞུགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།