Tibetan Royal Year of 2151 | Year of the Wood Dragon

མགོན་པོ་སྐྱིད་ལགས་ཀྱིས་སླར་ངོ་རྒོལ་སྤེལ་བར་ཉེན་རྟོག་པས་བཙན་ཁྲིད།

Tibetan News Headlines

  • Dalai Lama meets participants of conference on the impact of contemplative practices
  • PM Modi says he talks frequently with Dalai Lama, Exile Tibetans calls on next leadership to meet him
  • UN slammed as it asks Taiwanese journalists to show Chinese passports to attend WHO assembly
  • 14 trading points along Nepal-China border reopen
  • DYSA Mundgod and Dhasa United enter 29th GCM Gold Cup final

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༧

  • ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཞིབ་འཇུག་ཚོགས་འདུའི་ཟབ་སྦྱོང་བ་རྣམས་ལ་བཀའ་སློབ་སྩལ་བ།
  • རྒྱ་གར་གྱི་གཞུང་འཛིན་གསར་པ་སུ་ཕེབས་ནའང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པ་གསུངས་སོང་།
  • རྒྱལ་ཚོགས་ཀྱིས་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གྱིས་ཐེ་ཝན་གྱི་གསར་འགོད་པ་གཉིས་བཀག་སྡོམ་བྱས་འདུག
  • བལ་བོད་དབར་གྱི་ཚོང་འབྲེལ་ས་མཚམས་ཁག་ ༡༤ ལོ་བཞི་རྗེས་སུ་བསྐྱར་དུ་རིམ་པས་སྒོ་ཕྱེ་བཞིན་པ།
  • དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་༸རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་མཐའ་མའི་འགྲན་བསྡུར་ནང་ཚུད་སོང་།

རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་ཀྱིས་ཁ་སང་ཕྱི་ཚེས་ ༡༦ ཉིན་སླར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་དང་། ཁོང་གིས་དེ་འབྲེལ་ཞུ་གཏུག་རིམ་པ་གནང་ཡང་དེ་དག་ལ་ངོས་ལེན་བྱེད་ཀྱི་མེད་པར་ངོ་རྒོལ་གནང་རྐྱེན་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག

ཁ་སང་ས་གནས་ནས་ཕྱིར་འགྱུར་བྱུང་བའི་བརྙན་ཐུང་ལ་གཞིགས་ན། མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་དུ་བོད་ཀྱི་སྲོལ་རྒྱུན་བཞིན་སྐུ་ཕྱག་ཕུལ་ཏེ་བོད་རང་སྐྱོང་ལྗོངས་ཀྱི་རྒྱའི་དཔོན་རིགས་རྣམས་ལ་ངོ་རྒོལ་ལས་འགུལ་སྤེལ་སྤེལ་བ་དང་། བརྙན་ཐུང་ནང་ཉེན་རྟོག་པས་ཁོང་བཙན་ཁྲིད་ཀྱིས་རླངས་འཁོར་ནང་བཙན་ཁྲིད་བྱས་པ་གསལ་པོ་མངོན་རྒྱུ་འདུག་ལ། ཉེན་རྟོག་པ་དེ་དག་མང་ཆེ་བ་བོད་རིགས་ཆགས་ཀྱི་འདུག

རྩ་བའི་རྡོ་རྗེ་བཀྲིས་ལགས་ནི་གཞན་ཕན་ལ་འབད་མཁན་གྱི་བོད་མི་ཚོང་པ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པར་ཉེས་མིང་བཏགས་ནས་འཛིན་བྱུང་ཡོད་པ་དེ་ལྟར་ཡང་། ད་བར་ནག་ཉེས་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་ར་ཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད།

རྡོ་རྗེ་བཀྲི་ཤིས་ལགས་ཀྱི་མིང་སྲིང་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་ཉེ་བའི་དུས་ཡུན་ནང་རྒྱ་ནག་གིས་རྡོ་རྗེ་བཀྲིས་ལགས་ལ་མ་ཉེས་ཁ་ཡོག་བྱས་པ་དང་། ཁོང་ལ་དྲང་བདེན་གྱི་ཁྲིམས་གཅོད་ཀྱི་མེད་པར་འགྲེལ་བརྗོད་དང་བཅས་ཁོང་འཕྲལ་མར་གློད་བཀྲོལ་ཡོང་སླད་ལྷ་སའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཞུ་གཏུག་དང་དྲ་ཐོག་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་བར་མ་ཟད། ལས་འགུལ་ཁྲོད་ལྷ་སའི་བཅིངས་བཀྲོལ་ས་ཁུལ་གྱི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་མཚན་གཅིག་ཙམ་བཀག་བསྐྱིལ་འོག་རྡུང་རྡེག་དྲག་པོ་བཏང་བའི་གནས་ཚུལ་བྱུང་ཡོད་པ་དེ་ལྟར་ཡང་། ཁོང་གིས་རྡོ་རྗེ་བཀྲ་ཤིས་ལགས་ལ་ཁྲིམས་འགལ་ཐོག་ནས་བཙོན་འཇུག་བྱས་པའི་གྱོད་དོན་ལ་བསྐྱར་ཞིབ་དགོས་པ་དང་ནང་མི་ཚོ་དང་ཐུག་འཕྲད་དགོས་པའི་དགོས་འདུན་ཆེད་བཏོན་གྱིས་ཞི་རྒོལ་བསྟུད་མར་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 27/05/2024