རྒྱ་དཀར་ནག་གཉིས་བར་འཕགས་བོད་ས་མཚམས་ཀྱི་གནད་དོན་ཐོག་གྲོས་མོལ་ཚོགས་འདུ་ཞིག་འཚོགས་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

རྒྱ་དཀར་ནག་གཉིས་བར་ཉེ་བའི་ཆར་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་ཁྲོད།  ཁ་སང་ཕྱི་ཚེས་ ༦ ཉིན་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་སླར་ཡང་ས་མཚམས་གནད་དོན་དང་འབྲེལ་ནས་གྲོས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་།  སྐབས་དེར་རྒྱ་གར་གྱིས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་རྒྱ་ནག་གིས་རྒྱག་བཞིན་པའི་ཆུ་མཛོད་ཆེན་མོའི་ཞིབ་ཕྲའི་གནས་ཚུལ་གསལ་བཟོ་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད་འདུག

India, China Hold 36th Border Talks in New Delhi, Review LAC Situation

དེ་ཡང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གསར་འགོད་གསལ་བསྒྲགས་དང་དེ་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལ་གཞིགས་ན།  ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ 36th meeting of the Working Mechanism for Consultation & Coordination on India‑China Border Affairs (WMCC) ཞེས་འཕགས་བོད་ས་མཚམས་ཀྱི་གནད་དོན་སྐོར་གྱི་གྲོས་བསྡུར་དང་མཐུན་སྦྱོར་ལས་དོན་གྱི་གྲོས་མོལ་ཚོགས་འདུ་ཐེངས་ ༣༦ པ་དེ་འཚོགས་ཡོད་པ་དང་།  ཚོགས་འདུའི་ཐོག་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡའི་ཟུང་དྲུང་སྐུ་ཞབས་ Sujit Ghosh ལགས་ཀྱིས་སྣེ་ཁྲིད་པའི་རྒྱ་གར་སྐུ་ཚབ་ཚོ་ཁག་དང་།  རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ས་མཚམས་དང་རྒྱ་མཚོའི་ལས་དོན་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ Hou Yanqi ཡི་སྣེ་འོག་རྒྱ་ནག་སྐུ་ཚབ་ཚོ་ཁག་བཅས་ནས་མཉམ་ཞུགས་བྱས་འདུག

གྲོས་མོལ་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་འཕགས་བོད་ས་མཚམས་ས་ཐིག་ Line of Actual Control (LAC) བརྒྱུད་ཀྱི་གནས་སྟངས་སྐོར་གྲོས་བསྡུར་བསྐྱར་ཞིབ་ཀྱིས་ས་མཚམས་དབྱེ་འབྱེད་དང་།  བཀོད་བྱུས་སྟངས་འཛིན།  སྒྲིག་འཛུགས་ལམ་སྲོལ་དང་།  ས་མཚམས་བརྒལ་བའི་མཉམ་ལས་བཅས་ཀྱི་སྐོར་གླེང་སློང་བྱས་ཡོད་པ་མ་ཟད།  ཕན་ཚུན་འབྲེལ་ལམ་གོང་འཕེལ་ཡང་རྒྱུར་ས་མཚམས་ས་ཁུལ་དུ་ཞི་བདེ་བརྟན་ལྷིང་རྒྱུན་སྐྱོང་དགོས་གལ་ཡིན་པ་བརྗོད་འདུག

ལྷག་པར་དུ་རྒྱ་གར་གྱིས་ལོ་ཤས་ནས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་གསར་རྒྱག་བྱེད་བཞིན་པའི་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་དེའི་ཞིབ་ཕྲའི་གནས་ཚུལ་གསལ་བཟོ་དགོས་པའི་གནོན་ཤུགས་སྤྲད་འདུག་ལ།  རྒྱ་ནག་ངོས་ནས་ལས་གཞི་དེས་གཤམ་འོག་གི་རྒྱལ་ཁབ་ཁག་ལ་གནོད་སྐྱོན་ཤུགས་ཆེ་ཡོང་གི་མེད་སྐོར་བཤད་འདུག

གཞན་ཡང་ཐེངས་འདིའི་གྲོས་མོལ་ཁྲོད་ཕྱོགས་གཉིས་ཀའི་ངོས་ནས་ཕྱི་འབྲེལ་དང་དམག་དོན་འབྲེལ་ལམ་བེད་སྤྱོད་ཀྱིས་ ་WMCC ལྟ་བུའི་ཚོགས་འདུ་དང་ས་གནས་དམག་དཔོན་གྱི་ཚོགས་འདུ་སོགས་མུ་མཐུད་འཚོག་སྟེ་འཕགས་བོད་ས་མཚམས་ས་ཁུལ་གྱི་རྩོད་རྙོག་དང་ཕན་ཚུན་གོ་ནོར་ཐེབས་པ་དག་སེལ་རྒྱུར་མོས་མཐུན་བྱུང་འདུག་ལ།  རྒྱ་གར་གཞུང་གིས་ས་མཚམས་བརྒལ་བའི་ཆུ་རྒྱུན་ཐོག་དང་འབྲེལ་བའི་མཁས་པའི་གནས་རིམ་གྱི་ལམ་སྲོལ་ཚོགས་འདུ་མགྱོགས་མྱུར་གོ་སྒྲིག་བྱེད་དགོས་པ་མ་ཟད།  ཆུ་རྒྱུན་དེ་དག་ཐོག་གསར་རྒྱག་བྱེད་བཞིན་པའི་ལས་གཞིའི་ཞིབ་ཕྲའི་གནས་ཚུལ་བརྗེ་ལེན་དགོས་གལ་ཡིན་སྐོར་ནན་བརྗོད་བྱས་འདུག

རྩ་བའི་རྒྱ་ནག་གི་ཡར་ཀླུང་གཙང་པོའི་སྟེང་་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་གསར་རྒྱག་བྱེད་བཞིན་པ་གནད་དོན་དང་འབྲེལ།  རྒྱལ་སྤྱིའི་སྤྱོགས་ཁྲོད་ཀྱི་ཆེད་ལས་མཁས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་ཚོས་སྙན་ཐོ་རིམ་པ་འདོན་སྤེལ་གྱིས་སེམས་འཚབ་གསལ་སྟོན་གནང་ཡོད་པ་མ་ཟད།  ཉེ་ལམ་རྒྱ་ནག་གི་ས་ཁམས་ཉམས་ཞིབ་པ་ཚོས་ཀྱང་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་རྒྱག་བཞིན་པའི་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་དེ་ས་འགུལ་འབྱུང་སླ་བའི་ས་ཆའི་སྟེང་དུ་འཁེལ་ཡོད་པ་མངོན་གསལ་ཡོད་པ་དང་། དེ་ལ་བརྟེན་ནས་འབྱུང་འགྱུར་མི་བཟོས་གོད་ཆགས་ཆེན་པོ་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།