Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དང་བལ་ཡུལ་གྱི་འགོ་ཁྲིད་བོད་ཀྱི་རྒྱལ་ས་ལྷ་སར་གྲོས་མོལ་བྱ་རྒྱུ་རེད་འདུག

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཁག་གཅིག་བོད་ཀྱི་རྒྱལ་ས་ལྷ་ས་ནང་ལ་དངོས་སུ་མཉམ་འཛོམས་ཐོག་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་དང་ཆབ་སྲིད་འབྲེལ་ལམ་སོགས་ཀྱི་ཐོག་གྲོས་མོལ་བྱ་རྒྱུ་རེད་འདུག

བལ་ཡུལ་གྱི་ Kathmandupost གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་སང་ཉིན་ཕྱི་ཚེས་ ༢༩ དང་གནངས་ཕྱི་ཚེས་ ༣༠ བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་གཙོ་གཞོན་པ་ Chen Yongqi གཙོས་འབྲེལ་ཡོད་འགོ་ཁྲིད་ཁག་གཅིག་དང་བལ་ཡུལ་གྱི་འཛུགས་སྐྲུན་དང་ཚོང་འབྲེལ་སྡེ་ཚན་གྱི་དྲུང་ཆེ་ Madhu Marasini དང་ཕྱི་འབྲེལ་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བཅས་བོད་ཀྱི་རྒྱ་ས་ལྷ་སར་དངོས་སུ་མཉམ་འཛོམས་ཐོག་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་དང་དཔལ་འབྱོར། ས་མཚམས། ས་མཚམས་ཁུལ་གྱི་འཛུགས་སྐྲུན་ལས་གཞི་དང་མི་མང་འགྲོ་སྐྱོད་ཀྱི་གནས་སྟངས་སོགས་ལ་གྲོ་བསྡུར་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་གྲོས་མོལ་དེ་ནི་སྔ་ལོའི་ཕྱི་ཟླ་བརྒྱད་པའི་ནང་ལ་བལ་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་ Narayan Khadka  རྒྱ་ནག་ཏུ་སྐྱོད་སྐབས་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་ཐག་གཅོད་བྱུང་བའི་གྲོས་མོལ་གྱི་ལས་དོན་ཐོག་མ་དེ་ཡིན་པ་རེད། 

ཐེངས་འདིའི་རྒྱལ་ཁབ་གཉིས་པོའི་གྲོས་མོལ་ལས་རིམ་དང་འབྲེལ་བལ་ཡུལ་གྱི་འཛུགས་སྐྲུན་དང་ཚོང་འབྲེལ་སྡེ་ཚན་གྱི་མགྲིན་ཚབ་པ་ Narayan Prasad Regmi ནས་བརྒྱུད་ལམ་ཁག་གི་བཅར་འདྲི་ཐོག་གྲོས་མོལ་འདི་ནི་གཙོ་བོ་རྒྱ་ནག་དང་བལ་ཡུལ་དབར་ལོ་ཤས་གོང་ནས་འཕྲད་བཞིན་པའི་ཚོང་འབྲེལ་གྱི་དཀའ་ངལ་ཁག་སེལ་ཐབས་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་རིམས་ནད་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་སྐབས་ཚོང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་བཀག་འགོག་བྱས་པ་རྣམས་རྒྱུན་སྐྱོང་དང་། བལ་ཡུལ་གྱི་ཚོང་པར་འགྲོ་སྐྱོད་ལ་དམ་བསྒྲགས་བྱས་པ་རྣམས་སེལ་ཐབས་གཙོས་ཕྱོགས་གཉིས་དབར་འཕྲད་བཞིན་པའི་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་གྲོས་བསྡུར་བྱ་འཆར་ཡོད་ཅེས་བཤད་འདུག

རྒྱ་གར་གྱི་རྗེས་སུ་རྒྱ་ནག་ནི་བལ་ཡུལ་གྱི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་གྱི་བརྒྱུད་ལམ་གཙོ་གྲས་ཁག་ནི་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་ས་ཁུལ་འགྲམ་དང་སྐྱིད་གྲོང་། དེ་བཞིན་ར་སུ་ཝ་སོགས་ཆགས་ཀྱི་ཡོད་པ་རེད། བརྒྱུད་ལམ་དེ་དག་ཐོག་ཏུ་རྒྱ་ནག་གཞུང་གིས་དེ་སྔ་རིམས་ནད་ཀླད་ཀོར་གྱི་སྲིད་བྱུས་ཁྲོད་དམ་བསྒྲགས་སྣ་ཚོགས་ བྱས་རྐྱེན་དུས་ད་ལྟའང་བལ་ཡུལ་ནང་གི་ཚོང་པ་རྣམས་ལ་ཚོང་འབྲེལ་གནང་རྒྱུར་ངལ་བ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།