Tibetan Royal Year of 2151 | Year of the Wood Dragon

ཤིན་ཅང་ནང་བསྐྱོད་མཁན་གྱི་ཕྱིའི་གསར་འགོད་པར་དམ་བསྒྲགས།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

རྒྱ་ནག་ཤང་ཧའི་ཞིང་ཆེན་གྱི་ཉེན་རྟོག་པས་དོགས་སྲུང་བྱ་ར་བྱེད་པའི་འཕྲུལ་ཆས་ཤིག་གསར་བཟོ་བྱེད་བཞིན་ཡོད་པ་དང་། འཕྲུལ་ཆས་དེའི་བརྒྱུད་ནས་ཕྱི་ཕྱོགས་ཀྱི་གསར་འགོད་པ་དང་ཡུ་གུར་མི་རིགས་རྣམས་ལ་དོགས་སྲུང་བྱ་ར་བྱེད་ཀྱི་ཡོད་པ་རེད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་ IPVM ཞེས་ཨ་རིའི་ནང་རྟེན་གཞི་བྱས་པའི་འཕྲུལ་ལས་དང་འབྲེལ་བའི་གསང་བའི་ལྟ་སྲུང་ལས་རིགས་ཁག་ལ་ཞིབ་འཇུག་གནང་མཁན་གྱི་ཚོགས་པས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་ཤང་ཧའི་ཞིང་ཆེན་ནང་གི་ Songjiang རྫོང་གི་ཉེན་རྟོག་པས་ 26 module ཞེས་དོགས་སྲུང་བྱ་ར་འཕྲུལ་ཆས་ཤིག་གསར་བཟོ་བྱེད་བཞིན་ཡོད་པ་དང་། དེའི་ནང་ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་གནམ་གྲུ་དང་མེ་འཁོར་བརྒྱུད་ཤིན་ཅང་ནང་དུ་འགྲུལ་བཞུད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་ཆབས་ཅིག ཡུ་གུར་མི་རིགས་རྣམས་ཤང་ཧའི་ཞིང་ཆེན་ནང་བསླེབས་སྐབས་གདོང་རིས་བཤེར་ཏེ་དོགས་སྲུང་བྱ་ར་སོགས་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག

དོགས་སྲུང་བྱ་ར་འཕྲུལ་ཆས་དེའང་རྒྱ་ནག་གི་འཕྲུལ་ལས་ཀྱི་བཟོ་ཁང་ཆེ་གྲས། Alibaba ཨ་ལི་བྷ་བྷའི་གནས་ཚུལ་གསོག་འཇོག་བྱ་ཡུལ་དྲ་ཐོག་སྤྲིན་མཛོད་ Alibaba Cloud དང་ཐད་ཀར་འབྲེལ་ལམ་བརྒྱུད་ལས་དོན་བྱེད་ཀྱི་ཡོད་སྐོར་ཐེར་འདོན་དང་འབྲེལ། IPVM ངོས་ནས་ Alibaba བར་གནད་དོན་དེའི་ཐོག་འགྲེལ་བརྗོད་ཡོང་བའི་ཐབས་ཤེས་ལན་མང་གནང་ཡང་ད་བར་ལན་འདེབས་གང་ཡང་འབྱོར་མེད་པ་རེད་འདུག

འཕྲུལ་ཆས་དེ་ད་ལྟའི་ཆར་ཤང་ཧའི་ཞིང་ཆེན་ནང་གི་ Songjiang རྫོང་ནང་ཚོད་ལྟའི་ཚུལ་དུ་བེད་སྤྱོད་བྱེད་བཞིན་ཡོད་པར་ནམ་ཞིག་ལམ་ལྷོང་དང་དོན་འཁྱོལ་བྱུང་ཚེ་ཤང་ཧའེ་གྲོང་ཁྲེར་ཡོད་དོ་ཅོག་ནང་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་དང་ཆབས་ཅིག Alibaba Cloud གིས་དེ་སྔོན་རྒྱ་ནག་གི་ཞིང་ཆེན་གཞན་འགའི་ཉེན་རྟོག་ལས་ཁང་དང་མཉམ་ལས་ཀྱིས་དེ་མཚུངས་དོགས་སྲུང་བྱ་རའི་འཕྲུལ་ཆས་ཀྱི་དྲ་ཐོག་སྤྲིན་མཛོད་བཟོ་བསྐྲུན་བྱས་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ Alibaba ཨ་ལི་བྷ་བྷས་རྒྱ་ནག་གི་ཉེན་རྟོག་ལས་ཁང་གི་དོགས་སྲུང་བྱ་རའམ་གསང་ཞིབ་མྱུལ་ལྟའི་ལས་གཞི་ལ་རྒྱབ་སྐྱོར་བྱ་རྒྱུ་མེད་ཅིང་། དེ་དག་དང་མཉམ་ལས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ། དེ་བཞིན་ཚོང་ལས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ལས་གཞིར་བཞུགས་རྒྱུ་མེད་པ་མ་ཟད། དེ་འབྲེལ་འགན་ལེན་ཡོད་པ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

རྩ་བའི་རྒྱ་ནག་གི་འཕྲུལ་ལས་བཟོ་ཁང་ཆེ་གྲས། Alibaba ལས་གཞན་པའི་ Hikvision དང་ Huawei སོགས་ཀྱིས་རྒྱ་གཞུང་དང་མཉམ་ལས་ཐོག་དེ་སྔོན་ཡུ་གུར་མི་རིགས་ཀྱི་གདོང་རིས་བཤེར་ཏེ་ངོ་ཐག་ཆོད་པའི་འཕྲུལ་རིག་མང་དག་བཟོས་ཡོད་པ་རེད།

རྒྱ་གཞུང་གིས་ཕྱི་ཕྱོགས་ཀྱི་གསར་འགོད་པར་དམ་བསྒྲགས་དང་འབྲེལ། ཉེ་ལམ་ Foreign Correspondent Club of China ཞེས་རྒྱ་ནག་ནང་གནས་སྡོད་གནང་བཞིན་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱིས་འདས་ལོ་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་བརྒྱུད། སྔ་ལོ་ ༢༠༢༢ ནི་རྒྱ་ནག་ནང་ཕྱག་ལས་གནང་བཞིན་པའི་ཕྱིའི་གསར་འགོད་པ་རྣམས་ལ་གནས་ཚུལ་བཀོད་རྒྱུ་ཐད་དཀའ་ངལ་ཅན་གྱི་ལོ་ཞིག་ཆགས་ཡོད་པ་དང་། ལྷག་པར་གསར་འགོད་པར་བོད་ནང་བསྐྱོད་རྒྱུར་མུ་མཐུད་དམ་བསྒྲགས་བཀག་སྡོམ་བྱས་ཡོད་པ་མངོན་གསལ་གནང་ཡོད། དེ་བཞིན་གསར་འགོད་མཐུན་ཚོགས་དེ་ཉིད་ཀྱི་ཕྱི་ལོ་ ༢༠༢༡ ལོའི་ལོ་འཁོར་སྙན་ཐོའི་ནང་ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་ཤིན་ཅང་ནང་དུ་བསྐྱོད་དེ་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དམིགས་བསལ་གྱི་དཀའ་ཁག་ཆགས་ཡོད་པ་ཐེར་འདོན་གནང་ཡོད།

གཞི་རྩའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སྐྱོན་བརྗོད་ཤུགས་ཆེ་བྱེད་ཡོད་ཀྱང་རྒྱ་གཞུང་གིས་གནད་དོན་དེར་ཁས་ལེན་མེད་པར་དེ་ལས་ལྡོག་ཏེ་ནུབ་ཕྱོགས་པས་བོད་དང་ཤིན་ཅང་གི་གནད་དོན་རྣམས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་བེད་སྤྱོད་བྱེད་ཀྱི་ཡོད་པ་འགྲེལ་ལོག་བྱེད་ཀྱི་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།