Tibetan Royal Year of 2151 | Year of the Wood Dragon

སྒོ་ཤེས་རབ་རྒྱ་མཚོ་དང་གྲྭ་འཕྲིན་ལས་རྣམ་གཉིས་ལ་ལོ་བཅུ་དང་ལྔའི་བཙོན་འཇུག་ཁྲིམས་ཐག་བཅས་པ། 

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ལོ་ངོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུགབོད་མདོ་སྨད་རྔ་པ་ནས་ཡིན་པ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གྲོགས་པོ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་འཛིན་བཟུང་བྱས་རྗེས་ལོ་གཅིག་དང་ཟླ་བ་གཅིག་ཙམ་གི་རིང་བཀག་ཉར་བྱས་མཐར་ཉེ་ཆར་ཕྱི་ཟླ་ ༡༡ ནང་དུ་ལྷ་ས་ཁྲིམས་ཁང་ཞིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་མི་མང་ལ་ངན་སྐུལ་གནང་བའི་ཉེས་འཛུགས་ཀྱིས་མི་ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་ངོ་སྤྲོད་གནང་སོང་།

ཁོང་གིས་ད་དུང་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ཁྲིམས་ཐག་བཅད་རྗེས་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་ཐུག་འཕྲད་གནང་རྒྱུའི་གོ་སྐབས་ཕྲན་བུ་བྱུང་བ་མ་གཏོགས་དེ་སྔ་བཀག་ཉར་འོག་ལོ་གཅིག་དང་ཟླ་བ་གཅིག་ཙམ་ལུས་པའི་སྐབས་སུ་ཁོང་ལ་རྩམ་པ་རྒྱ་མ་ལྔ་མ་གཏོགས་སྐྱེལ་ཐུབ་མེད་སྟབས། ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་ཀྱང་། ཁོང་དུས་ཡུན་ལོ་གཅིག་ལྷག་བཀག་ཉར་འོག་འདྲི་རྩད་དང་མནར་གཅོད་ཚད་མེད་མྱངས་ཡོད་པར་བརྟེན་གཟུགས་གཞིའི་གནས་སྟངས་ཐོག་སེམས་ཁྲལ་ཡོད་པ་གསུངས་ཡོད།

སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། བོད་ཨ་མདོ་རྔ་པར་འཁྲུངས་ཤིང་། རྔ་པ་ཀིརྟི་དགོན་ཆེན་ནས་ནང་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གནང། དེ་རྗེས་རྒྱ་གར་དང་བལ་ཡུལ། རྒྱ་ནག་སོགས་ཀྱིས་མཚོན་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་འགྲུལ་བཞུད་གནང་ནས་ཉམས་ཞིབ་གནང་། ཕྱི་ལོ་ ༡༩༩༨ ལོར་རྔ་པ་ཀིརྟི་དགོན་ཆེན་གྱི་གཙོས་རྔ་པ་ཁུལ་གྱི་དགོན་ཁག་བཞི་བཅུ་ལྷག་ལ་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་གཏིང་ནག་གི་སྲིད་བྱུས་སྤེལ་སྐབས་ཞི་རྒོལ་དང་སྦྱར་ཡིག་སྣ་ཚོགས་འགྲེམས་སྤེལ་གནང་བའི་རྐྱེན་གྱིས་ལོ་ངོ་བཞི་ལྷག་ལ་རྒྱ་ནག་གིས་བཙོན་འཇུག་བྱས། དེ་རྗེས་སླར་ཡང་ ༢༠༠༨ ལོར་བོད་ཁམས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ལྷ་ས་ནས་ཨ་མདོ་རྔ་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་དེ་ཞི་རྒོལ་གནང་སྟབས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་ངོ་གཅིག་གི་རིང་ལ་བཙོན་འཇུག་འོག་ཏུ་བཞུགས་དགོས་བྱུང་འདུག   ༢༠༠༩ ལོར་ཁོང་གིས་བརྩམས་པའི་ཕྱག་དེབ་ང་ཚོ་སད་རན་ཞེས་པ་ལ་བོད་ཁམས་ཡོངས་ནས་མཚན་སྙན་ཆེན་པོ་ཐོབ་ཡོད་པ་མ་ཟད་ཁོང་གི་བརྩམས་ཆོས་རྒྱུན་ཤེས་དང་ལམ། དཔྱད་འཚོལ་དང་ལྟ་ཚུལ། རང་ལམ་རང་འཚོལ། བླང་དོར་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་དེབ་གྲངས་བརྒྱད་ལྷག་པར་སྐྲུན་གནང་བ་དང་། ཁོང་གིས་དཔེ་ཁྲིད་གནང་བའི་དབུ་མ་འཇུག་པ་དང་གཏམ་རྒྱུད་གསེར་ཐང་། ས་སྐྱ་ལེགས་བཤད་སོགས་ལ་ཡང་ཉན་མཁན་ཁྲི་སྟོང་མང་པོ་བྱུང་ཡོད།དེ་དང་ཕྱོགས་མཚུངས་བོད་མདོ་སྨད་རྔ་པ་རྨེའུ་རུ་མ་ནས་ཡིན་པའི་དགེ་འདུན་པ་འཕྲིན་ལས་ལགས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ཐོག་ནས་འཛིན་བཟུང་བྱས་རྗེས་ཟླ་བ་གཉིས་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ནས་ཤེས་རྟོགས་མེད་པར་ལུས་ཡོད་པ་དང་། དེ་རྗེས་ཟླ་བ་གཉིས་ཙམ་གྱི་རྗེས་སུ་ཁོང་ཉིད་ཁྲེན་ཏུ་གྲོང་ཁྱེར་ཉེ་འགྲམ་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་པར་ཤེས་རྟོགས་བྱུང་བ་མ་ཟད་ཁོང་ལ་ལོ་ལྔའི་རིང་ཁྲིམས་ཐག་བཅད་འདུག རྒྱ་གཞུང་གིས་ད་བར་གྲྭ་འཕྲིན་ལས་ལགས་ལ་སྔ་རྗེས་སུ་ཐེངས་ཁ་ཤས་རིང་འཛིན་བཟུང་བྱས་མྱོང་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་གྲྭ་འཕྲིན་ལས་ལགས་འཛིན་བཟུང་གིས་ལོ་ལྔའི་རིང་ཁྲིམས་ཐག་དེ་ལྟར་བཅད་དོན་ནི་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་གསུང་རྩོམ་ཕྱག་དེབ་སོགས་འགྲེམས་སྤེལ་གནང་བར་ཉེས་འཛུགས་ཀྱིས་བཙོན་འཇུག་བྱས་པ་ཞིག་ཆགས་ཀྱི་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།