སྤང་གོང་མཚོ་རུ་རྒྱ་ནག་གི་དམག་དོན་ཐང་ག་རི་སྐྱེལ་འདྲེན་བྱེད་ཐུབ་མཁན་གྱི་མཚོ་ཟམ་འཛུགས་སྐྲུན་ཟིན་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

ཉེ་ཆར་གྱི་ཟུང་སྐར་པར་རིས་བརྒྱུད་ར་སྤྲོད་བྱུང་བ་ལྟར་ན། རྒྱ་ནག་གིས་ཟླ་བ་འདིའི་ནང་ཡུལ་དེའི་ཁྱབ་ཁོངས་སུ་གཏོགས་པའི་སྤང་གོང་མཚོའི་ཐོག་ཟམ་པ་འཛུགས་བསྐྲུན་གྱི་ལས་གཞི་ཡོངས་སུ་མཇུག་བསྒྲིལ་ཡོད་པ་དང་།  ཟམ་པ་དེས་སྤྱི་ཡོངས་ཀྱི་རྒྱ་ནག་དམག་དཔུང་གི་འགུལ་སྐྱོད་བདེ་རུ་གཏང་རྒྱུ་ཡིན་པ་བཀོད་འདུག

China Pangong Lake bridge

དེ་ཡང་ The Print གསར་འགྱུར་བརྒྱུད་ལམ་གྱིས་ཕྱི་ལོ ༢༠༢༢ ལོའི་ཟླ་བ་དང་པོའི་ནང་རྒྱ་ནག་མི་མང་བཅིངས་འགྲོལ་དམག་གིས་འཕགས་བོད་ས་མཚམས་སུ་ཆགས་པའི་སྤང་གོང་མཚོའི་ཁུལ་དོག་ཤོས་ Khurnak ཁུར་ནག་ཁུལ་དུ་ཟམ་པ་ཞིག་འཛུགས་སྐྲུན་བྱེད་བཞིན་པའི་གནས་ཚུལ་ཐོག་མར་སྤེལ་ཡོད་པ་དང་། ཕྱིས་སུ་ཤེས་རྟོགས་བྱུང་བ་ལྟར་ན། ལས་གཞི་དེ་ནི་ཟམ་ཆེན་གཙོ་བོ་གཞན་ཞིག་འཛུགས་བསྐྲུན་གྱི་ཞབས་ཞུའི་སླད་བེད་སྤྱོད་གཏོང་བཞིན་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག

ཉེ་ཆར་ཟུང་སྐར་པར་རིས་སྐོར་གྱི་ཆེད་ལས་པ་ Damien Symon ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་ལམ་ཐོག་ཟུང་སྐར་བརྒྱུད་ལེན་པའི་པར་རིས་ཁག་གཅིག་འདོན་སྤེལ་དང་འབྲེལ། སྤང་གོང་མཚོ་ཁའི་ལྷོ་བྱང་གཉིས་མཐུད་པའི་ཟམ་པ་དེ་འཛུགས་བསྐྲུན་ཟིན་པ་དང་། མི་རིང་བར་བེད་སྤྱོད་གཏང་ཆོག་ཆོག་གི་རྟགས་མཚན་མང་པོ་ཐོན་གྱི་ཡོད་པ་གསལ་འདོན་གནང་འདུག

China Pangong Lake bridge

The Print གསར་ཤོག་གིས་ཟམ་པ་དེས་རྒྱ་དམག་གི་འགུལ་སྐྱོད་བདེ་རུ་བཏང་བ་མ་ཟད། དེ་མ་ཐག་ཏུ་དམག་དོན་ལས་འགུལ་སྤེལ་རྒྱུའི་དུས་ཚོད་ཀྱང་ཉུང་དུ་གཏོང་གི་ཡོད་པ་དང་། ཟམ་པ་དེས་རྒྱ་དམག་དང་ཁོ་ཚོའི་Tank ཐང་ག་རི་རྣམས་ Rezang Pass རེ་ཟུང་ལ་སོགས་ལྷོ་ཕྱོགས་ཀྱི་ཆུ་ཁའི་ས་ཁུལ་དུ་སླེབས་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་ཞིང། ས་ཁུལ་དེ་ནི་དེ་སྔ་ཕྱི་ལོ ༢༠༢༠ ལོར་རྒྱ་གར་གྱིས་རྒྱ་ནག་ཁ་གཏད་གཅོག་མྱོང་སའི་ས་ཁུལ་ཞིག་ཡིན་པ་བརྗོད་འདུག

མ་ཟད་དེ་སྔ་ཁུར་ནག་ནས་བོད་ཀྱི་རུ་ཐོག་རྫོང་བརྒྱུད་དེ་མཚོ་དེའི་ལྷོ་ཕྱོགས་སུ་སྤྱི་ལེ་ ༡༨༠ རིང་གི་སྐོར་ལམ་བཅད་དགོས་ཀྱི་ཡོད་ཀྱང་། ད་ཆ་ཟམ་པ་དེས་ལྷོ་བྱང་གཉིས་མཐུད་དེ་སྤང་གོང་མཚོའི་བྱང་ཕྱོགས་ཀྱི་གནད་འགག་ས་ཁུལ་དུ་རྒྱ་ནག་དམག་འཁྲུག་གི་ཡོ་ཆས་ལྕི་མོ་རྣམས་དབོར་འདྲེན་བྱེད་པའི་ནུས་པ་ཡང་སྤྲོད་ཀྱི་ཡོད་པ་བརྗོད་འདུག

China Pangong Lake bridge

འབྲེལ་ཡོད་གསར་གནས།

གསར་གནས།