ཨ་རིའི་གཞུང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་གཞོན་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Sarah Sewall མཆོག་དེ་རིང་ཉིན་རྒྱབ་བཞུགས་སྒར་དུ་ཕེབས་གནང་སོང་བ་དང། འདི་ག་ Kangra གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཀརྨ་པ་དགེ་ལེགས་ལགས་དང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་སོགས་སྣེ་ལེན་དུ་ཕེབས་འདུག
གནམ་ཐང་དུ་ཕྱི་ནང་གི་གསར་འགོད་པས་ལྕམ་ Sarah Sewall མཆོག་ད་རེས་བཞུགས་སྒར་དུ་ཕེབས་དགོས་དོན་སྐོར་ལ་བཅར་འདྲི་ཞུས་སྐབས། ཁོང་ད་རེས་རྡ་རམ་ས་ལར་སླེབས་པ་དགའ་ཚོར་བྱུང་སོང་།
ཁྱེད་རྣམ་པས་ང་འདིར་ཡོང་དགོས་དོན་ཐོག་ཐུགས་སྣང་གནང་པར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་པ་ལས་གཞན་བཀའ་ལན་གང་ཡང་གནང་མ་སོང། རྩ་བའི་ལྕམ་ Sarah Sewall མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྡི་ལིར་མཇལ་འཕྲད་བྱུང་འདུག་པ་དང། ལྷན་རྒྱས་དེ་རིང་རྡ་རམ་ས་ལར་མཉམ་དུ་ཕེབས་གནང་འདུག
གཞན་ཡང་ད་རེས་ལྕམ་ Sewall མཆོག་དང་ལྷན་དུ་ཨ་རིའི་ USAID རོགས་སྐྱོར་ཚོགས་པའི་འགན་འཛིན་ Jonathan Addleton མཆོག་སོགས་གཞུང་གི་སྐུ་ཚབ་དགུ་ཕེབས་འདུག
འདི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྕམ་ Sewall མཆོག་ནས་སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་གནང་འཆར་འདུག་པ་དང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ལྷན་དུ་མཇལ་མོལ་ཡང་གནང་གི་ཡོད་པ་རེད་འདུག སང་ཉིན་སྐུ་ཚབ་རྣམ་པ་ཕར་མ་ཕེབས་གོང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་བཙུན་དགོན་སྒྲོལ་མ་གླིང་སོགས་སུ་གཟིགས་སྐོར་ཡང་ཕེབས་འཆར་ཡོད་པ་རེད་འདུག གཞི་རྩའི་ལྕམ་ Sarah Sewell མཆོག་ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱུང་རྗེས་ལོ་དེའི་ཕྱི་ཟླ་ ༡༡ ནང་བཞུགས་སྒར་དུ་ཐེངས་དང་པོ་ཕེབས་ནས་༸གོང་ས་མཆོག་མཇལ་ཁ་ཞུས་ཡོད་པ་དང། ད་རེས་བཞུགས་སྒར་དུ་ཕེབས་ཐེངས་གཉིས་པ་ཆགས་ཡོད་པ་རེད།།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་དེ་རིང་བཞུགས་སྒར་དུ་ཕེབས་གནང་སོང་།
Tibetan News Headlines
- China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
- Dalai Lama Institute Hosts Third Annual Conference on Tibetan Studies
- Tibet House US Honours Michael Douglas and the Thurmans with Art of Freedom Awards
- Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
- Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
- TIO Liaison Officer Addresses China’s Tibet Policy at Chinese Democracy Conference
ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠
- རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
- སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
- ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
- Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
- ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
- རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག




