Tibetan Royal Year of 2151 | Year of the Wood Dragon

དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་བཀྲིན་རྗེས་དྲན་གྱི་གྱ་སྟོན་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ ༤༡ པ་ཆེན་པོ་མཆོག་འདི་ལོར་བོད་ལུགས་ལྟར་དགུང་ལོ  ༨༠ ལ་ཕེབས་ཀྱི་ཡོད་པ་དང་བསྟུན། དེ་རིང་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་རྒྱ་གར་བྱང་ཕྱོགས་སྤུར་ཝ་ལར་རྟེན་གཞི་བྱས་པའི་དཔལ་ལྡན་ས་སྐྱ་པའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་སྤུར་ཝ་ལ་གཞིས་འབངས་ཡོངས་ནས་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བཀྲིན་རྗེས་དྲན་གྱི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་སྐུའི་གྱ་སྟོན་གྱི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

བརྟན་བཞུགས་ཀྱི་མཛད་སྒོའི་ཐོག་དཔལ་ས་སྐྱ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གི་མཎྜལ་ལྗགས་བཤད་དང་། བརྟན་བཞུགས་བསྟར་འབུལ་ཞུ་མཁན་གྱི་སྐུ་ཚབ་མི་སྣས་འབུལ་རྫས་འདེགས་འབུལ་ཞུས་པ་མ་ཟད། དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་༸གོང་མ་ཁྲི་ཆེན་མཆོག་སྐུ་ཚེ་ཡུན་རིང་བརྟན་རྒྱུར་གསོལ་འདེབས་ཞལ་བཞེས་སྐྱབས་འཇུག་ཞུས་པར་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བཀའ་བཟང་པོ་དང་འབྲེལ། སྤུར་ཝ་ལ་གཞིས་འབངས་ཡོངས་ནས་བརྟན་བཞུགས་འདེགས་འབུལ་ཞུ་བར་ཐུགས་རྗེ་ཆེ་ཞེས་བཀའ་མཛད་སོང་བ་མ་ཟད། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བསྟན་བདག་བླ་ཆེན་རྣམ་པ་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་དང་སྦྲགས། གང་ཉིད་མཆོག་ཀྱང་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཡུན་རུང་བརྟན་རྒྱུ་ཡིན་ཞེས་བཀའ་བཞེས་བཟང་པོ་མཛད་སོང་།

Sakya Gongma LongLife Offering

འབྲེལ་ཡོད་གསར་གནས།

གསར་གནས།