Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་འཇར་མ་ནི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཨི་ཊ་ལིར་ཆིབས་ཞལ་བསྒྱུར་གནང་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་འཇར་མ་ནི་ Frankfurt གྲོང་ཁྱེར་ནང་གི་ཉིན་བཞིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་སྔ་ཐོག་ཁུལ་དེའི་ཚོུད་ ༩།༣༠ ཙམ་ལ་མཁའ་ལམ་བརྒྱུད་ཨི་ཊ་ལིར་ཆིབས་ཐོན་མཛད་ཡོད་པ་ལྟར། ཁུལ་དེར་ཉིན་དགུང་ཚོུད་ ༡༢།༠༠ ཡོལ་ཙམ་ལ་མགོན་པོ་༸གང་ཉིད་མཆོག་ Italy འི་གྲོང་ཁྱེར་ Catania ནང་༸ཞབས་སོར་བདེ་བར་འཁོད་འདུག

ད་ལྟའི་ཆར་ཐུགས་གཏན་འཁེལ་བའི་མཛད་འཆར་ལྟར་ན། ༸གོང་ས་མཆོག་ཨི་ཊ་ལི་ནང་དུ་ཆིབས་བསྒྱུར་གྱིས་ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་གྱི་རིང་ལ་ Sicily མངའ་ཁུལ་གྱི་ Taormina དང་། Missina དེ་བཞིན་ Palermo གྲོང་ཁྱེར་ནང་ཞི་བདེ་དང་བྱམས་བརྩེ། རྟེན་འབྲེལ་ལྟ་གྲུབ། དེ་བཞིན་ཤེས་ཡོན་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་། དེ་བཞིན་ཚེས་ ༢༠ ནས་ ༢༡ ཉིན་གཉིས་རིང་ཨི་ཊ་ལིའི་ཁྲོ་སི་ཀ་ནི་མངའ་སྡེའི་ཕེ་སཱ་གྲོང་ཁྱེར་དུ་ཕེ་སཱ་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པ་ཆོས་ཚོགས་གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་ཕེ་སཱ་ཚོགས་ཁང་ Pisa Congress Hall ནང་དུ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་ལས་ནང་པའི་ལྟ་གྲུབ་དང་ཚན་རིག དབང་རྩའི་ཚན་རིག ཚད་རྡུལ་དངོས་ཁམས་རིག་པ། ནུབ་ཕྱོགས་ལྟ་གྲུབ་བཅས་ཀྱི་ཚོགས་འདུར་དབུ་བཞུགས་མཛད་ནས་བཀའ་སློབ་བཀའ་དྲིན་སྩལ་གནང་གི་ཡོད་པ་རེད།

གཞི་རྩའི་མགོན་པོ་༸གང་ཉིད་མཆོག་གིས་ཐེངས་འདིའི་འཇར་མ་ནི་ནང་གི་མཛད་འཕྲིན་མཐའ་མ་དང་འབྲེལ་ཏེ་ཁ་སང་ཉིན་རྒྱབ་ཁུལ་དེའི་གྲོང་ཁྱེར་ Frankfurt ནང་ལ་བྲག་གཡབ་སྐྱབས་མགོན་རིན་པོ་ཆེས་གསར་འཛུགས་གནང་པའི་འཇར་མ་ནི་བོད་ཀྱི་ཁང་པ་དབུ་འབྱེད་མཛད་ཡོད་པ་དང་། སྐབས་དེར་ས་གནས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Uwe Becker ལགས་ཀྱང་ཆེད་བཅར་གནང་འདུག འཇར་མ་ནི་བོད་ཀྱི་ཁང་པ་དབུ་འབྱེད་རབ་གནས་གྲུབ་མཚམས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་༡༩༧༣ ལོར་༸གང་ཉིད་མཆོག་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར་ཐོག་མ་གནང་པ་ནས་བཟུང་སྟེ། ད་བར་འཇར་མ་ནི་ Frankfurt གྲོང་ཁྱེར་ནང་ཐེངས་འགའ་ཤས་ཕེབས་ཡོད་པ་སོགས་གསུང་པ་དང་འབྲེལ་འཇར་མ་ནི་ནི་༸གོང་ས་མཆོག་དང་བོད། བོད་མི་བཅས་ཀྱི་དབར་འབྲེལ་བ་ཡོད་པ་དྲན་གསོ་མཛད་པ་མ་ཟད། ལྷག་དོན་ད་རེས་ཁུལ་དེར་བོད་ཀྱི་ཁང་པ་དངོས་སུ་གསར་འཛུགས་གནང་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཁང་པ་དེ་ས་གནས་སུ་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་ཆོས་ཕྱོགས་ཀྱི་རྣམ་པ་ཁོ་ནའི་ཆེད་དུ་ཆེད་འཛུགས་གནང་པ་ལྟར་མ་བཞག་པར་ས་གནས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་དོན་རིག་པ་དང་ཚད་མ། སེམས་ཁམས་རིག་པ་སོགས་ལ་སློབ་གཉེར་གནང་ས་ཡོད་པ་ཞིག་བཟོ་རྒྱུ་གནད་ཆེ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་འདུག རྩ་བའི་ཁ་སང་༸གོང་ས་མཆོག་གིས་འཇར་མ་ནི་བོད་ཀྱི་ཁང་པ་དབུ་འབྱེད་རབ་གནས་མ་གནང་པའི་སྔ་ཐོག་དེར་ཁུལ་དེར་རྟེན་གཞི་བྱས་པའི་ Jahrhunderthalle convention center ཞེས་པའི་ཚོགས་ཁང་དུ་ནུབ་ཕྱོགས་ཀྱི་ཚན་རིག་དང་ནང་པའི་ལྟ་ཚུལ་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་ཡོད་པ་རེད།

སྐབས་དེར་ལྷན་ཚོགས་དེའི་བརྒྱུད་ཚན་རིག་པ་རྣམས་ནས་འཇར་མ་ནིའི་ཚད་རྡུལ་དངོས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Carl Friedrich von Weizsäcker ལགས་དམ་པར་རྗེས་དྲན་ཞུས་པ་དང་སྦྲགས། ༸གོང་ས་མཆོག་ནས་སྐུ་ཞབས་ Carl Friedrich von Weizsäcker ལགས་དམ་པ་དང་ཨ་རིའི་ཚད་རྡུལ་དངོས་ཁམས་ཚན་རིག་པ་སྐུ་ཞབས་ David Bohm ལགས་དམ་པ་རྣམ་གཉིས་ནི་མགོན་པོ་༸གང་ཉིད་མཆོག་ལ་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་གམ་ཀོན་ཊོམ་ཕི་སིག་སི་ Quantum Physics སྐོར་སློབ་སྟོན་གནང་མཁན་གྱི་དགེ་རྒན་ཡིན་ཞེས་ཆེ་བསྟོད་གནང་པ་དང་ཆབས་ཅིག ད་རེས་དམ་པ་ཁོང་གཉིས་ནས་ང་ཚོ་གྲོགས་པོ་རྙིང་པ་རྣམས་སྡིངས་ཆ་གཅིག་གི་ཐོག་ལ་ཚན་རིག་ཤེས་བྱའི་ཐོག་གྲོས་བསྡུར་བྱེད་པ་གཟིགས་ན་དགའ་སྤོབས་ཆེན་པོ་ཡོང་ངེས་རེད་ཅེས་བཀའ་བསྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།