Tibetan Royal Year of 2151 | Year of the Wood Dragon

གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་མ་གནང་ཚེ་མཇུག་འབྲས་ཚབས་ཆེན་ཡོང་རྒྱུར་ལམ་སྟོན་མཛད་པ།

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

འདི་ལོ་ ༢༠༢༠ ལོའི་ COP26 ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེ་ Scotland ཡི་ Glasgow གྲོང་ཁྱེར་ནང་འཚོགས་བཞིན་པ་དང་བསྟུན་ཁ་སང་ཕྱི་ཚེས་ ༡༡ ཉིན་ Channel 4 གསར་ཁང་གི་གསར་འགོད་པ་ Krishnan Guru-Murthy ལགས་ཀྱིས་༸གོང་ས་མཆོག་ལ་ཁོར་ཡུག་གི་གནད་དོན་དང་འབྲེལ་བའི་དམིགས་བསལ་བཀའ་འདྲི་ཞུས་པའི་སྐར་མ་དྲུག་ཅན་བརྙན་ཐུང་ཞིག་རྒྱང་བསྲིངས་གནང་འདུག་པ་དང་། སྐབས་དེར་༸གོང་ས་མཆོག་གིས་གོ་ལའི་ཚ་དྲོད་ཤུགས་ཆེར་འཕེལ་བཞིན་པའི་མྱུར་ཚད་ལ་གཞིགས་ན་མ་འོངས་པར་བོད་ནས་རྒྱུག་བཞིན་པའི་གཙང་པོ་ཆེ་ཁག་རྣམས་སྐམ་ཉེན་ཆེ་བར་མ་ཟད། བོད་དེ་བཞིན་ཨཧྥ་གྷ་ནི་ཏན་ལྟ་བུར་འགྱུར་ཉེས་ཡོད་པ་དང་། སའི་གོ་ལའི་སྣེ་མོ་གསུམ་པར་གྲགས་པའི་བོད་ཀྱི་ཁོར་ཡུག་ལ་ཉེན་ཁ་འཕྲད་ཚེ་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ལ་བརྟེན་པའི་ཨེ་ཤ་ཡའི་མང་ཚོགས་ཐེར་འབུམ་དུ་མའི་ཚེ་སྲོག་ལ་གནོད་གཞི་འགྱུར་ཉེན་ཡོད་སྐོར་ལམ་སྟོན་མཛད་འདུགརྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་འཛམ་གླིང་ཐོག་གི་དབང་ལྡན་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་དང་སྲིད་གཞུང་ཁག དེ་བཞིན་གང་ཟག་སྒེར་པ་སོགས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་ཐད་དོན་ཕན་གསོན་པའི་ཕྱག་ལས་གནང་དགོས་པར་གཞེན་སྐུལ་ཡང་ཡང་མཛད་བཞིན་ཡོད་པ་མ་ཟད། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་མི་རབས་གསར་པ་ཚོའི་མདུན་ལམ་ལ་ཆེད་དམིགས་ཀྱིས་འཛམ་གླིང་གི་སྲིད་དོན་དབང་ལྡན་དག་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བའི་ངལ་སེལ་ཐད་འཛིན་པའི་འགལ་ཟླའི་ལྟ་ཚུལ་རྣམས་སྤངས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་གནང་ཕྱིར་ཐུན་མོང་གིས་འབད་བརྩོན་གནང་དགོས་པའི་གཞེན་སྐུལ་མཛད་པའི་ཕྱག་དེབ་ Our Only Home: A Climate Appeal to the World ཞེས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་འཛམ་གླིང་ཡོངས་ལ་གཞེན་སྐུལ་གྱི་ཕྱག་དེབ་ང་ཚོའི་ཁྱིམ་གཞིས་ཁོ་ན་ཉིད་ཅེས་པ་འདི་དངོས་སུ་དཔར་སྐྲུན་གྱི་དབུ་འབྱེད་གནང་གི་ཡོད་པ་རེད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འདྲིའི་ལས་རིམ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ ༢༠༡༦ ལོར་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཁོར་ཡུག་དང་འབྲེལ་ནས་སྒྲིག་གཞི་ཁག་ཅིག་གཏན་འབེབས་གནང་དོན་ལྟར་ད་རེས་ Scotland ཡི་ Glasgow གྲོང་ཁྱེར་ནང་ཚོགས་པའི་ COP26 ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་ནས་ཐག་གཅོད་དེ་མཚུངས་གནང་བའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུགགསར་ཁང་དེའི་མདོ་འཛིན་པ་གྲགས་ཅན་ Krishnan Guru-Murthy ལགས་ཀྱིས་འཛམ་གླིང་གི་དབུ་ཁྲིད་ཚོས་ཁོང་རྣམས་ནས་གཤམ་གཤིས་འགྱུར་ལྡོག་དང་འབྲེལ་བཟང་ཕྱོགས་ཀྱི་གནས་བབ་ཅིག་ཡོང་བར་ཐུགས་ཁུར་བཞེས་བཞིན་ཡོད་པ་གསུངས་སྐོར་ཐད་ལ་བཀའ་འདྲི་ཞུས་སྐབས་༸གོང་ས་མཆོག་གིས་སྟོབས་ཆེན་རྒྱལ་ཁབ་དག་གིས་སྣོད་བཅུད་ཐོག་དོ་སྣང་རྒྱ་གང་ཆེ་གནང་དགོས་པ་དང་། སྟོབས་ཆེན་རྒྱལ་ཁབ་གང་ཞིག་གིས་དེ་སྔ་གོ་མཚོན་དང་དམག་ཐབས་ཆེད་དཔལ་འབྱོར་གྱི་འགྲོ་གྲོན་ཆེས་ཆེར་བཏང་མཁན་ཚོས་ཀྱང་ད་ནས་བཟུང་གོ་ལའི་གནམ་གཤིས་སྲུང་སྐྱོབ་ཐོག་དེ་ལྟར་ཁ་སྐྱུར་གནང་བའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུགདེ་བཞིན་གསར་འགོད་པ་ Murthy ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོའི་ཁྱིམ་གཞིས་ཁོ་ན་ཉིད་ཅེས་པའི་ཕྱག་དེབ་འདིའི་ནང་ལ་དབང་ལྡན་གོ་ལའི་དབུ་ཁྲིད་རྣམས་ནས་གནམ་གཤིས་འགྱུར་དང་འབྲེལ་བའི་ཆེས་ཛ་དྲག་གི་དུས་སྐབས་འདིར་ཁོང་ཚོ་ཁང་པ་ཞིག་ཏུ་བཅུག་ནས་ Carbondioxide འམ་ཀར་བོན་འཚོ་རླུང་ཟུང་ལྡན་བཏང་ནས་བཞག་ཚེ། ཁོང་ཚོའི་ངོས་ནས་གནམ་གཤིས་འགྱུར་ལྡོག་གི་གལ་གནད་དེ་བཞིན་ཚོར་ཐུབ་ཀྱི་རེད་ཅེས་བཀོད་ཡོད་པ་དེའི་ཐད་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཞལ་འཛུམ་དང་བཅས་ཏེ་འཛམ་གླིང་གི་འབྱོར་ལྡན་ནམ་རྒྱས་སྤྲོས་ངང་མི་ཚེ་སྐྱེལ་མཁན་ཚོ་སྲོག་རླུང་མེད་པའི་ཁང་པ་ཞིག་ཏུ་བཅུག་ཚེ་ཁོང་ཚོས་གཞི་ནས་ད་ལྟའི་གནམ་གཤིས་འགྱུར་ལྡོག་ཛ་དྲག་གི་ངལ་བ་དེ་ཚོར་ཐུབ་ངེས་རེད་ཅེས་བཀའ་སྩལ་འདུག༸གོང་ས་མཆོག་གིས་ད་དུང་རྒྱལ་ཚོགས་ཀྱི་ངོས་ནས་ཁོར་ཡུག་དང་འབྲེལ་བའི་གནམ་གཤིས་འགྱུར་ལྡོག་གྱི་གནད་དོན་ཐོག་དོན་ཕན་ལྡན་པའི་དངོས་ཀྱི་ཕྱག་བསྟར་གནང་དགོས་པའི་གཞེན་སྐུལ་མཛད་པ་མ་ཟད། ལྷག་དོན་དེང་གི་འཛམ་གླིང་ནི་དེ་སྔའི་འཛམ་གླིང་དང་འདྲ་མི་བར་འགྱུར་ལྡོག་ཤུགས་ཆེར་སོང་ཡོད་ཅེས་བཀའ་སྩལ་དང་སྦྲགས། གལ་སྟེ་༸གོང་ས་མཆོག་ཆབ་སྲིད་ཀྱི་ཚོགས་པར་ལྷན་ཞུགས་གནང་ཚེ་མགོན་པོ་༸གང་ཉིད་མཆོག་ལྗང་ཁུ་ཚོགས་པར་ཞུགས་ངེས་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག ཁོ་ཚོའི་བསམ་བློ་ནི་ཧ་ཅང་ཡག་པོ་འདུག་ཅེས་བཀའ་ལན་མཛད་འདུགད་དུང་གསར་འགོད་པས་ཉིན་རེའི་འཚོ་བར་གཞིགས་ནས་མི་ཚེ་སྐྱེལ་སྟངས་ལ་འགྱུར་ལྡོག་ཇི་ལྟར་གཏོང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཤེས་ཡོན་ཐོག་ནས་སློབ་མ་དག་ལ་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་བྱེད་རྒྱུ་ནི་རང་ཉིད་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་དང་གཅིག་མཚུངས་ཡིན་པའི་བསམ་བློ་བསྐྲུན་དགོས་པ་དང་གཞན་གཅེས་པའི་བློ་རྒྱ་ཇི་ཙམ་ཆེ་བ་དེའི་ཚོས་ཀྱིས་དགེ་མཚན་ཆེ་བ་ཡོད་པ་སོགས་ལམ་སྟོན་སྩལ་འདུགགཞན་ཡང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་མང་ཚོགས་ཚོས་རན་འཚམས་ཀྱི་གཉེན་པོ་དང་མི་ཚེར་འགྱུར་ལྡོག་ཇི་ལྟར་གནང་དགོས་པའི་བཀའ་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་གཉན་རིམས་ཀྱི་གནད་དོན་དེ་ནི་གོ་ལ་ཁྱོན་ཡོངས་ཀྱི་ཛ་དྲག་གི་གནད་དོན་དང་འབྲེལ་བ་ཡོད་སྟབས། སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་རང་ཉིད་གཅེས་པའི་སྲོག་ཀྱང་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། ངོས་ནས་དེ་དག་གིས་ཕྱག་ལས་གནང་བར་ཡི་རངས་དང་ངོས་ཀྱིས་ཀྱང་གཉན་རིམས་ཞི་བ་དང་ནད་མནར་ཚོའི་ཆེད་དུ་གཟུགས་སྔགས་གསོག་འདོན་བྱེད་བཞིན་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། སྤྱོད་འཇུག་ལས་གསུངས་པ་བཞིན། གལ་ཏེ་བཅོས་སུ་ཡོད་ན་ནི། ། དེ་ལ་མི་དགར་ཅི་ཞིག་ཡོད། ། གལ་ཏེ་བཅོད་སུ་མེད་ན་ནི། ། དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་པའི་དོན་ཉམས་ལེན་གནང་དགོས་པ་ལམ་སྟོན་བཀྲིན་ཆེ་བ་མཛད་འདུགགསར་འགོད་པ་ Murthy ལགས་ཀྱིས་བཀའ་འདྲི་དེའི་སྐབས་སུ་གཞན་ཡང་མགོན་པོ་༸གང་ཉིད་མཆོག་ནས་༸སྐུའི་སྒེར་གྱི་ཐུགས་འདོད་ལྟར་འཛམ་གླིང་འདི་འགྱུར་ལྡོག་མཛད་རྒྱུའི་༸སྐུ་དབང་ལྡན་ཚེ་ཇི་ལྟར་མཛད་ཚུལ་དང་། རྒྱ་ནག་དང་མཉམ་དུ་ལྷན་བཞུགས་མཛད་དང་མི་མཛད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་ཆེན་པོ་༸གང་ཉིད་མཆོག་༸རྒྱལ་བའི་༸སྐུ་ཕྲེང་མཐའ་མ་དེ་ཡིན་ནམ་ཞེས་སོགས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་ཕྲེང་རྗེས་མ་ཕེབས་མིན་ནི་མང་ཚོགས་ལ་རག་ལུས་ཡོད་པ་དང་། ༸གོང་ས་མཆོག་གིས་དུས་རྟག་ཏུ་སྐྱེ་འགྲོ་སྤྱིའི་བདེ་ཐབས་ལ་སྨན་པའི་༸སྐུ་ཚེ་རིང་པོ་བཞུགས་རྒྱུར་ཐུགས་བསྐྱེད་མཛད་ཀྱི་ཡོད་སྐོར་བཀའ་ལན་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།